སྔོན་གླེང་།
༄༅།། འབྱུང་འགྱུར་བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་སྲིད་བྱུས་ཏག་གཅོད་ཇི་བྱེད་ སྐོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་མང་གཙོའི་ལམ་སྲོལ་ལ་བརྩི་བཀུར་ བླ་མེད་ཀྱིས་མང་མོས་ཐག་གཅོད་འོས་བསྡུ་གནང་བཞེད་ཡོད་ཚུལ་ཕྱི་ལོ༡༩༩༤གསུམ་དུས་ གསུང་འཕྲིན་ཐོག་མདོ་ཙམ་དང་། ཕྱི་ལོ༡༩༩༥གསུམ་དུས་གསུང་འཕྲིན་དུ་ཞིབ་རྒྱས་བཀའ་བཟང་བསྩལ་བའི་དགོངས་དོན་ གཟིར་བཟུང་། བཙན་བྱོལ་བོད་གཞུང་བཀའ་སྤྱི་ཐུན་མོང་གིས་གདམ་བྱ་གང་བཞག་དང་། འདེམས་སྟངས་ཇི་བྱེད་བཅས་མང་ཚོགས་དང་གོ་བསྡུར་གྱིས་ཐག་གཅོད་གནང་རྒྱུའི་ཆེད་ དུ་དཔྱད་གཞིའི་རགས་ཟིན་ཞིག་༡༩༩༥ལོའི་ཕྱི་ཟླ༩ཚེས་༢ཉིན་གསལ་བསྒྲགས་གནང་བའི་ ནང་སྔོན་འགྲོའི་དགོངས་འཆར། ༡༩༩༥ཕྱ་ཟླ༡༢ཚེས་༣༡ནས་འགྱངས་མེད་འབུལ་དགོས་དུས་བཀག་ཡོད་ཀྱང་། མང་ཚོགས་ཀྱི་དགོངས་འཆར་ཚད་ལྡན་ཡོང་ཆེད་མང་མོས་འོས་བསྡུའི་ལམ་སྲོལ་སྤྱི་དང་། ཁྱད་པར་ད་རེས་ཀྱི་གདམ་བྱ་དང་། འདེམས་ལུགས་བཅས་གསལ་བཤད་དང་། སློབ་སྟོན། ཟབ་སྦྱོང་། བགྲོ་གླེང་སོགས་དགོས་གལ་ཆེ་བར་བརྟེན། མང་ཚོགས་ཀྱི་དགོངས་འཆར་བཞིན་དུས་བཀག་ལན་གཉིས་འཕར་འགྱངས་གནང་དགོས་བྱུང་ཞིང་། སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སླར་ཡང་༡༩༩༧ཕྱི་ཟླ༧ ཚེས་༣༡ནང་ཚུད་དགོངས་ཚུལ་བསྡུ་ལེན་ཟིན་པ་དགོས་རྒྱུའི་ཐག་གཅོད་ལམ་སྟོན་གནང་བ་ བཞིན། ད་ཆ་བྱེས་འབྱོར་བོད་མིའི་གནས་ཡུལ་ཕལ་ཆེ་བ་ནས་དགོངས་འཆར་བསྡུ་ལེན་ཟིན་ཏེ། སྔོན་དུ་གསལ་བསྒྲགས་བྱས་པའི་ལས་རིམ ང༽ གཞིར་བཟུང་བཀའ་སྤྱི་ལྷན་ཐོག་ནས་སྤྱི་ལྷན་དུ་ཕུལ་འབྱོར་བྱུང་བའི་གྲུབ་དོན་ གཤམ་གསལ། ༡༽ དགོངས་འཆར་འབུལ་མཁན་མང་ཆེ་བས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་༧གོང་ས་༧ སྐྱབས་མགོན་ཆེན་པོས་ཆབ་སྲིད་དང་དུས་གནས་ཀྱི་འགྱུར་འགྲོས་དང་བསྟུན་པའི་དུས་ ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་སྐྱོང་ཡོང་བ་ཞུ་དགོས་གསུང་ མཁན་མང་ཤོས་བྱུང་འདུག་ཅིང་། གལ་སྲིད་མང་མོས་ཐག་གཅོད་འོས་བསྡུ་མ་གནང་ཐབས་མེད་ཡིན་ཚེ། ༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་རྒྱུ་གདམ་བྱའི་ནང་ བཞག་དགོས་གསུང་མཁན་ཁྱོན་གྲངས་བརྒྱ་ཁ་མ་ལོང་ཙམ་ཞིག་འདུག་པ་སྤྱིར་བཏང་ཡེ་ཤེས་ དབྱིངས་དཔྱད་ཡོང་བ་ཞུ་མཁན་དང་ཕུགས་ཀྱི་དགོངས་ཚུལ་གཅིག་གྱུར་ཡིན་སྟབས་ཟུར་ དབྱེ་མ་དགོས་པར་མཉམ་བསྡོམས་ཞུས་པ་དང་། དེ་འདྲའི་ཆ་རྐྱེན་དམིགས་བསལ་མེད་པར་མང་མོས་འོས་བསྡུ་མ་དགོས་པ་དང་། ངང་འཐེན་ཞུ་མཁན། གཞུང་གིས་གཏན་འབེབས་ཇི་གནང་ལ་ཆ་འཇོག་ཞུ་མཁན་བཅས་མདོ་དོན་མང་མོས་ཐག་གཅོད་ འོས་བསྡུ་མ་དགོས་པའི་དགོང་ཚུལ་འབུལ་མཁན་ཁྱོན་བསྡོམས་བསམ་ཤོག་གི་བརྒྱ་ཆ༦༤་༦༠ ལོན་པ་བྱུང་འདུག ༢༽ གཞིས་བཞུགས་བོད་མིའི་ཁྲོད་ནས་དགོས་ཚུལ་བསྡུ་རུབ་བྱ་རྒྱུའི་ལས་རིམ་བློ་འདོད་ ཁེངས་པ་ཞིག་ཞུ་རྒྱུ་དཀའ་བ་མངོན་གསལ་ཡང་། བར་སྐབས་བོད་ནས་གཉེན་འཕྲད་དུ་ཡོང་མཁན་དང་། དེ་བཞིན་བོད་ཆོལ་ཁ་གསུམ་གྱིས་གནས་གང་སར་བརྒྱུད་ལམ་སྣ་ཚོགས་ནས་བསམ་ཚུལ་བསྡུ་ ལེན་བྱ་རྒྱུའི་འབད་བརྩོན་བྱས་པར། བཙན་བྱོལ་བའི་པོད་མི་རྣམས་དང་སྤྱི་མཚུངས་འགེངས་ཤོག་བརྒྱང་རྒྱུ་སོགས་ཀྱི་རང་ དབང་མེད་ནའང་། ད་བར་ཡིག་ངག་འཕྲིན་གསུམ་བརྒྱུད་དགོངས་ཚུལ་འབྱོར་རིགས་མང་ཆེ་བ་རྩེ་མཐུན་དུ། མང་མོས་ཐག་གཅོད་འོས་བསྡུ་ལག་བསྟར་དཀའ་ཞིང་དགོས་གལ་ཆུང་བས་གནང་མ་དགོས་པར་༧ གོང་ས་ཆེན་པོར་དུས་བསྟུན་ཐག་གཅོད་མཛད་གནང་ཡོང་བའི་གསོལ་འདེགབས་ཀྱིས་ཐུགས་ ཐག་གང་བཅད་ལ་མོས་མཐུན་རྩེ་གཅིག་ཞུ་རྒྱུ་ཡིན་པའི་བསམ་ཚུལ་རྩེ་མཐུན་དུ་བྱུང་ འདག་ཅིང་། དགོངས་འཆར་འབུལཟ་མཁན་ཡང་ཆོལ་གསུམ་ཆོས་ལུགས་དང་། སེར་སྐྱ་མཆོག་དམན། ཕོ་མོ་རྒན་གཞོན། གྲོང་ཁྱེར་གྲོག་གསེབ། ཞིང་འབྲོག་བཟོ་པ་སོགས་རིས་མེད་ནས་སྣེ་འཛོམས་བྱུང་འདུག བརྒྱུད་ལམ་འདྲ་མིན་ནས་བྱ་ཉུལ་ཞུ་རིགས་ཚང་མའི་ལན་གསལ་ད་ལྟ་མ་འབྱོར་ཡང་། འབྱུང་འགྱུར་དུས་ཡུན་གང་འཚམས་ནང་ད་དུང་ལན་གསལ་མང་ཙམ་འབྱོར་རེ་ཡོད་ཚོད་འདུག ༣༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། རྣམ་དཔྱོད་དང་ལྷག་བསམ་ལྡན་པའི་ཡུལ་མི་སྒེར་པ་ཁག་མང་པོས་རྒྱབ་ལྗོངས་རྒྱུ་ མཚན་འདྲ་མིན་སྣ་ཚོགས་ཀྱང་། མདོ་དོན་མང་མོས་ཐག་གཅོད་འོས་བསྡུ་གནང་མ་དགོས་པར་༧གོང་ས་༧སྐྱབས་མགོན་ཆེན་ པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་ཡོང་བ་ཞུ་རྒྱུའི་ཆེད་ དུ་༧གོང་ས་མཆོག་ལ་ཐད་ཀར་སྙན་ཞུ་དང་། བཀའ་སྤྱི་གཉིས་སུ་ཕྱག་བྲིས་མང་དག་འབྱོར་བ་མ་ཟད། སྤྱི་འཐུས་མི་རེ་ངོ་རེར་ཡང་དེའི་སྐོར་ཕྱག་བྲིས་གནང་མཁན་ཇི་སྙེད་ཅིག་བྱུང་ སོང་། གོང་གསལ་རྒྱུ་མཚན་དེ་དག་ལ་གཞིགས་ན། གཞིས་བྱེས་བོད་མི་ཡོངས་ཀྱི་བསམ་ཚུལ་ཕལ་ཆེར་གཅིག་མཐུན་དུ༧སྤྱི་ནོར༧གོང་ས༧ སྐྱབས་མགོན་ཆེན་པོས་བོད་མི་མང་ཚོགས་ལ་ཐུགས་རྗེའི་གཟིགས་པ་བླ་མེད་ཀྱི་སྒོ་ ནས་མང་གཙོའི་ཁེ་དབང་ཆེ་ཤོས་ལག་བསྟར་གྱིས་འབྱུང་འགྱུར་བོད་ཀྱི་རྩ་དོན་དང་ དེའི་སྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཆེད་མང་མོས་ཐག་གཅོད་འོས་བསྡུའི་གོ་སྐབས་ བསྩལ་བ་བཀྲིན་བླ་མེད་དུ་ཆེ་ནའང་། རྒྱལ་ནང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནང་སྟངས་ཉིན་བཞིན་འགྱུར་རླབས་ཆེན་པོ་ འགྲོ་བཞིན་པའི་དབང་གིས་མཐའ་གཅིག་ཏུ་ཐག་གཅོད་བྱེད་དཀའ་ཞིང་། བྱས་ཀྱང་ཡང་བསྐྱར་འགྱུར་བ་གཏོང་མི་དགོས་པའི་གདེངས་ཚོད་མེད་པ་སོགས་དགག་དགོས་ རྒྱུ་མཚན་ནས་བལྟས་ཀྱང་། ད་ལྟའི་གནས་སྐབས་འདིར་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་འབྱུང་འགྱུར་བོད་ ཀྱི་རྩ་དོན་ཐག་གཅོད་གནང་རྒྱུ་འོས་འཚམས་སུ་མ་མཐོང་བས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཆེ་ཤོས་ཀྱི་ཆེད་དུ་ད་ལམ་བོད་མི་མང་སྤྱི་ འཐུས་ལྷན་ཚོགས་ཀྱིས་གོང་གསལ་མང་ཚོགས་ཀྱི་བསམ་ཚུལོ་གཞི་རྩར་བཟུང་བའི་ཐོག་༧ གོང་ས་༧སྐྱབས་མགོན་ཆེན་པོར་མང་མོས་ཐག་གཅོད་འོས་བསྡུ་གནང་མ་དགོས་པར་དུས་ནས་ དུས་སུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་པའི་བོད་ཀྱི་རྩ་དོན་ དང་དེའི་སྒྲུབ་ཐབས་གཉིས་ཀར་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་མཛད་གནང་ཡོང་བ་ ཞུ་རྒྱུའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་ཆོད་ཅིག་འཇོག་དགོས་ཤིན་ཏུ་ གལ་ཆེ་བར་མཐོང་། གྲོས་ཆོད། ༡༽ ཕྱི་ལོ༡༩༩༥ ཕྱི་ཟླ ༩ ཚེས ༢ ནས་ཕྱི་ལོ ༡༩༩༧ ཕྱི་ཟླ ༧ ཚེས ༣༡ བར་བོད་ཕྱི་ནང་གཉིས་སུ་གནས་འཁོད་བོད་མི་ཡོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོས ༡༩༩༥ གསུམ་དུས་ཉིན་གསལ་བསྒྲགས་མཛད་པའི་འབྱུང་འགྱུར་བོད་ཀྱི་རྩ་དོན་དང་དེའི་ སྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་བྱེད་བོད་མི་མང་ཚོགས་ནས་མང་མོས་ཐག་གཅོད་ འོས་བསྡུ་གནང་རྒྱུའི་གསལ་བསྒྲགས་བསྩལ་བའི་སྐོར་ལས་རིམ་དང་གདམ་བྱ་བཅས་ཀྱི་ ཆེད་བསམ་ཚུལ་བསྡུ་ལེན་ཞུས་བའི་རླབས་ཆེའི་མང་མོས་ལ་གཞི་བཅོལ་ཏེ་ད་ལམ་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོར་མང་མོས་ཐག་གཅོད་ འོས་བསྡུ་གནང་མི་དགོས་པར་མང་མོས་ཐག་གཅོད་འོས་བསྡུའི་གསལ་བསྒྲགས་ཕྱིར་བསྡུ་ ཡོང་བ་དང་།བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་བཅས་༧གོང་ས་ཆེན་པོས་དུས་ནས་ དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་མཛད་གནང་ཡོང་བའི་གསོལ་འདེབས་ཨུ་ནན་ གྱིས་ཞུ་རྒྱུ་དང་། ༢༽ ༧གོང་ས་ཆེན་པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ཀྱི་རྩ་དོན་དང་ དེའི་སྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ ནས་གཏན་ལ་ཕབ་པ་དང་ཁྱད་པར་མེད་པའི་ནུས་ཤུགས་ལྡན་པར་བོད་མི་ཡོངས་ནས་ཚད་འཛིན་ ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༡༩༩༧ཕྱི་ཟླ༩ཚེས་༡༨ལ།། གོང་གསལ་གྲོས་ཆོད་འདི་བཞིན་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱིོ་གྲོས་ཚོགས་ཚོགས་དུས་བཞི་པ ༡༩༩༧ཟླ ༩ ཚེས ༡༨ ཉིན་སྤྱི་མོས་ཀྱིས་གཏན་འབེབས་ཞུས་པའོ།། |