 |
| |
|
|
|
|
|
༡༽ བཙན་བྱོལ་བོད་གཞུང་ནས་བོད་རང་བཙན་གྱི་རྩོད་གླེང་མི་བྱེད་པར། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་གོང་བུ་ཞིག་ཏུ་བསྐྲུན་དགོས་པ་དང་།
༢༽ དེ་འདྲའི་གོང་བུ་དེར་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་དགོས་པ།
༣༽ རང་སྲིད་རང་སྐྱོང་དེ་ཡང་མང་གཙོའི་ལམ་སྲོལ་ལ་བརྟེན་ནས་མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོགས་དང་འོས་འདེམས་བྱས་པའི་གཞུང་གི་འཛིན་སྐྱོང་། དེ་བཞིན་རང་དབང་
ཅན་གྱི་ཁྲིམས་ཁང་ཞིག་དགོས་པ།
༤༽ གོང་གསལ་གནས་བབ་རྣམས་རྒྱ་གཞུང་ནས་ཁས་ལེན་བྱུང་འཕྲལ་བོད་རྒྱ་ནག་ནས་ཁ་བྲལ་མི་དགོས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་གནས་རྒྱུ།
༥༽ བོད་འདི་འཚེ་མེད་ཞི་བདེའི་བསྟི་གནས་སུ་བསྒྱུར་མ་ཟིན་བར་རྒྱ་ནག་གཞུང་གིས་བོད་ཀྱི་སྲུང་སྐྱོབ་ཁོ་ནའི་ཆེད་གྲངས་ཚད་ངེས་ཅན་གྱི་དམག་དཔུང་བོད་ནང་བཞག་ཆོག
༦༽ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་གཞུང་ནས་བོད་ཀྱི་སྲིད་དོན་གྱི་ཕྱི་འབྲེལ་དང་། རྒྱལ་སྲུང་གི་འགན་ཁུར་ལས། བོད་ཀྱི་ཆོས་དང་། རིག་གཞུང་། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་བོད་མི་རང་གིས་འཛིན་སྐྱོང་བྱེད་དགོས་པ།
༧༽ རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་དང་། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་གནས་སྤོ་བྱེད་པའི་སྲིད་བྱུས་མཚམས་འཇོག་དགོས་པ།
༨༽ བོད་རྒྱའི་དཀའ་རྙོག་སེལ་ཆེད༧གོང་ས་མཆོག་གིས་རྒྱ་ནག་མི་དམངངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ལྷག་བསམ་རྣམ་དག་གིས་གྲོས་མོལ་དང་། འདུམ་སྒྲིག་གི་ཐུགས་འགན་རྐང་
བཞེས་གནང་རྒྱུ་བཅས་ནི་དབུ་མའི་ལམ་གྱི་ནང་དོན་གཙོ་ཆེ་བ་ཁག་ཡིན།།
དབུ་མའི་ལམ་གྱི་ཁྱད་ཆོས།
༧གོང་ས་༧སྐྱབས་མགོན་ཆེན་པོས་བོད་རྒྱ་མི་རིགས་མཐུན་སྒྲིལ་དང་མཉམ་གནས་ཀྱི་དགོས་མཁོ་བོད་མིའི་སྲིད་དོན་གྱི་དགོས་མཁོ་ལས་ཀྱང་གལ་གནད་ཆེ་བར་གཟིགས་ཏེ་གཉིས་སྨན་དབུ་
མའི་ལམ་གྱི་སྲིད་བྱུས་ཕྱག་བསྟར་གནང་བ་ནི་ཆབ་སྲིད་ཀྱི་མདུན་མཆོངས་ཆེན་པོ་ཞིག་ཡིན།་མི་རིག་ས་འདྲ་མཉམ་ཟེར་བ་མི་འབོར་དང་་། དཔལ་འབྱོར། དམག་ཤུགས་སོགས་ལ་མ་ལྟོས་པར།
མི་རིགས་ལ་མཐོ་དམའ་དང་བཟང་ཞན་མི་དབྱེ་བར་འདྲ་མཚུངས་མཉམ་གནས་ཐུབ་པ་ཞིག་ལ་ཟེར་བ་དང་། མི་རིགས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་རྒྱུ་རྐྱེན་མེད་དུ་མི་རུང་དེ་ཡིན
། བོད་རྒྱ་མི་རིགས་གཉིས་མཉམ་ཐོག་ནས་མཉམ་གནས་ཐུབ་པ་ཞིག་བྱུང་ན་དེ་ནི་རྒྱ་ནག་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གལ་ཆེའི་རྩ་དོན་དུ་འཛིན་པའི་མི་རིགས་མཐུན་སྒྲིལ་དང་།
སྤྱི་ཚོགས་བརྟན་ལྷིང་། རྒྱ་ནག་གོང་བུ་གཅིག་གྱུར་བཅས་ཀྱི་རྨང་གཞིར་འགྱུར་རྒྱུ་ཡིན། དེར་བརྟེན་འཚེ་མེད་ཞི་བ་དང་། བོད་རྒྱ་གཉིས་སྨན། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་ཐུབ་པ་དབུ་མའི་ལམ་གྱི་ཁྱད་ཆོས་ཡིན།
མཐའ་དོན།
བཙན་བྱོལ་བོད་གཞུང་མང་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་དང་འབྲེལ་བའི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་ཞུས་པ་ལ་ཚང་མས་ཐུགས་སྣང་གནང་
སྟེ་སྔར་ལྷག་གསལ་པོ་མཁྱེན་རྟོགས་ཡོང་བའི་རེ་བ་ཡོད། གོ་སྐབས་འདི་བརྒྱུད་ཕྱི་ནང་གི་མི་རིགས་ཡོངས་དང་། ལྷག་པར་དུ་བོད་ནང་ཡོད་པའི་བོད་རིགས་འགོ་ཁྲིད་དང་། ལས་བྱེད་པ།
མཁས་དབང་རྣམ་པ་གཙོ་གྱུར་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། མོས་མཐུན་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།
བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས།
|
|
༄
༅
།
དབུ་མའི་ལམ་གྱི་གལ་ཆེའི་གནད་དོན་ཁག |
Central Executive Committee Of Dhomay |
www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org---Email-dhomay2005@yahoo.co.in_Ph-91-1892-220334
#