འཚོལ་བཤེར:
འོས་བསྡུ་ལས་ཁང་གི་ངོ་སྤྲོད།


༄༅།།དེང་ འཛམ་གླིང་གང་སར་མིའི་སྤྱི་ཚོགས་ཀྱི་རང་དབང་དང་བདེ་སྐྱིད་དོན་ལྡན་ཡོང་བར་མང་ གཙོའི་ལམ་ལུགས་ཀྱི་འཕེལ་རིམ་འདི་རན་ཞིང་འཚམས་པའི་རིང་ལུགས་ཤིག་ཏུ་ངོས་འཛིན་ གྱིས་འཐབ་རྩོད་དང༌། དར་འཕེལ་བཏང་དང་གཏོང་བཞིན་པ་ཡིན། འོན་ཀྱང་རང་རེའི་མང་གཙོའི་འཕེལ་རིམ་ནི་ཆོས་རྒྱལ་བཀྲིན་ཅན་ཚོའི་སྐུ་རིང་ལའང་ རྩ་བའི་རྒྱལ་བརྒྱུད་ཀྱིས་འཛིན་པའི་གཞུང་ཡིན་རུང་གྲོས་ཀྱི་མཇུག་སྒོ་དབྱར་ ཚོགས་དང༌། དགུན་ཚོགས། ཕྱི་ནང་སྡེ་ཚན་རྣམ་པ་ཐ་དད་ཀྱི་གྲོས་བསྡུར་ཏེ་ཐག་གཅོད་བྱ་སྲོལ་ཞིག་ཡོད་དེ་ ཚོ་ནི་དུས་རབས་མང་པོའི་རྒྱལ་རབས་ལོ་རྒྱུས་ཤིག་ཡིན། མི་ རྒྱུད་ཀྱི་འཛིན་པའི་གཞུང་འཛིན་མཐའ་ལ་ཐུགས་སྟེ་བཀྲིན་མཚུངས་མེད་༧གོང་ས་༧ རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་རིང་དགའ་ལྡན་ཕོ་བྲང་ཞེས་གཞུང་འཛིན་གྱི་ལམ་སྲོལ་ དར་བ་ནས་བཟུང་སྙིང་རྗེ་དང་གཞན་ཕན་གྱི་རྩ་བ་གཞི་ལ་བཞག་སྟེ་རྒྱལ་དབང་སྐུ་ ཕྲེང་ན་རིམ་གྱིས་ཆབ་འབངས་རྣམས་ཆོས་འབྱོར་བདེ་སྐྱིད་རང་དབང་གི་དཔལ་ལ་སྤྱོད་ ཐབས་ཁོ་ནར་དགོངས་ཏེ་མཛད་པ་བསྐྱངས་ན་ཡང་གདུལ་བྱའི་བསོད་ནམས་དང༌། མང་ཚོགས་ཀྱི་ཤེས་བྱ་བློ་གྲོས་ཀྱིས་མ་ལྡེང་པའི་སྐྱོན་གནད་རབ་དང་རིམ་པ་བྱུང་ ཡོད་པ་ནི་ལོ་རྒྱུས་ཀྱི་ངོ་སྤྲོད་བྱེད་ཀྱི་ཡོད། ལྷག་པར་ རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་དུས་བསྟུན་ལེགས་བཅོས་དགོས་པ་ ཆེ་གཟིགས་ཀྱིས་སྐུ་ངལ་ལྷུར་བཞེས་མཛད་ཀྱང་དགོངས་པ་ཇི་བཞིན་མ་འགྲུབ་མུར་མ་ འོངས་དགོས་པ་དངོས་གཟིགས་ཀྱིས་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་རྗེས་རྒྱལ་བ་ གཞན་ལས་ལྷག་པའི་སྤྲུལ་པའི་རོལ་གར་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མ་ སྔས་མ་ཕྱིས་པའི་ཚུལ་དུ་མཚན་དཔེའི་མེ་ཏོག་བཞད་དེ་དགུང་གྲངས་༡༦ལ་བཞེད་སྐབས་ བོད་འབངས་ཟུངས་ཟད་ཀྱི་ནད་པ་ལྟ་བུའི་ངང་ཚུལ་ཐོག་འདོད་རྔམས་ཅན་གྱི་རྒྱ་དམར་ བཙན་འཛུལ་པ་གངས་ལྗོངས་ས་གནས་ཆབ་མདོར་ལྷགས་སྐབས་ཆོས་སྲིད་ལུགས་གཉིས་ཀྱི་ ཐུགས་འགན་བཞེས་ཐབས་གསོལ་བ་བཏབ་པ་བཞིན་བཀྲིན་ཕྱག་མཚན་དུ་བཞེས་པ་ནས་འཛམ་གླིང་ འགྲོ་ལུགས་སྤྱི་དང་བྱེ་བྲག་ཏུའང་རང་རེའི་སྤྱི་ཚོགས་ནང་ལམ་ལུགས་སྐྱོན་ཡོད་ རིགས་ལ་ལེགས་བཅོས་གཏོང་ཐབས་ཀྱི་དགོངས་བཞེས་རིམ་པར་མཛད་ཀྱང་དགོངས་བཞེས་ཇི་ བཞིན་མ་འགྲུབ་མུར་ཕྱི་ལོ་༡༩༥༩ལོར་རྒྱ་དམར་ནས་དྲག་གནོན་གྱིས་བྱེད་སྒོ་ཚུགས་ མཐར་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་རྒྱ་གར་དུ་ཞབས་སོར་འཁོད་མ་ཐག་འདེམས་ བསྐོས་མི་མང་སྤྱི་འཐུས་ནས་གཞུང་གི་ལས་དོན་འཛིན་སྐྱོང་ཐོག་དབང་འཛིན་ནུས་ཐོན་ ཞིག་བཟོ་བ་གནང་རྒྱུར་ཐུགས་ཐག་བཅད་དེ་གནས་མཆོག་རྡོར་གདན་དུ་མང་ཚོགས་ལ་ལམ་ སྟོན་དང་སྦྲགས་མང་མོས་འོས་བསྡུའི་ལམ་ནས་སྤྱི་འཐུས་མིང་ཐོ་འབུལ་དགོས་ཕེབས་ དགོངས་བཞིན་འོས་བསྡུས་ཀྱི་མིང་ཐོ་ཕུལ་བ་རྣམས་སྤྱི་འཐུས་བསྐོ་གཞག་མཛད་དེ་ ཕྱི་ལོ་༡༩༦༠ཟླ་༩ཚེས་༢ལ་སྐབས་དང་པོའི་སྤྱི་འཐུས་ཀྱི་ལམ་སྲོལ་གཏོད་པ་དང༌། ཕྱི་ ལོ་༡༩༦༡ལོར་རྩ་ཁྲིམས་ཀྱི་ཟིན་བྲིས་རྒྱ་ཁྱབ་ཏུ་འགྲེམས་སྤེལ་བསམ་ཚུལ་བསྡུ་ བཞེས་ཀྱིས་ཕྱོགས་བསྡུས་མཛད་པར་སྤྱི་འཐུས་རྣམ་པས་གཙོས་ལས་བྱེད་ཆེ་ཕྲ་མང་ འཐུས་ཧྲག་བཀོང་ཉིན་བསྟུད་སྦྱང་བཤད་དང་སྦྲགས་མཐར་ཕྱི་ལོ་༡༩༦༣ཟླ་༣ཚེས་༡༠ཉིན་ གསལ་བསྒྲགས་བསྐྱངས་པ་ནས་སྤྱི་འཐུས་སྐབས་བཅུ་པ་བར་གྲངས་འབོར་རྒྱས་བསྡུས་དང༌། འོས་བསྡུའི་བྱ་ལམ་སྣ་ཚོགས་ཀྱིས་ལེགས་བཅོས་རིམ་པར་བསྐྱངས་ཤིང༌། དེ་ཡང་འོས་བསྡུའི་ལམ་སྲོལ་སྒྲིག་གཞི་དང༌། ཆ་རྐྱེན།འགྲོ་ལུགས་ཀྱང་སྐབས་བསྟུན་ལེགས་བཅོས་དང༌། གཞི་རྩ་རྩ་ཁྲིམསརིན་པོ་ཆེའི་དགོངས་པ་གཞི་རྩར་འཇོག་སྟེ་མི་མང་ལ་གདམ་བྱ་ འདེམས་བྱེད་ཀྱི་ཁེ་དབང་གསོལ་སྩལ་གནང་བའི་བཀྲིན་གཞལ་དཀའ་ན་ཡང༌། དུས་རབས་ཀྱི་རྒྱང་མཆོངས་དང༌།ལེགས་བྱང་དམན་ཞིང༌། མང་ཚོགས་རང་ཉིད་ཀྱིས་ནུས་འདོན་ལས་མ་གྲུབ་པར་དབུ་འཁྲིད་བཟང་པོས་མི་མང་ལ་མང་ གཙོའི་ཁེ་དབང་གསོལ་སྩལ་གནང་བའི་མྱོང་ཚོར་ལས་ལྟ་གྲུབ་ཇི་བཞིན་གྱི་ལེགས་བྱད་ མ་སྨིན་པའི་དཀའ་གནད་ལས་ཁྱད་པར་འཕགས་པའི་རྣམ་དབྱེ་བཅད་ཐུབ་མིན་ལ་མ་ལྟོས་པར་ སྐབས་བཅུ་གཅིག་པའི་སྤྱི་འཐུས་གྲངས་འབོར་སྤར་ཆ་དང་སྦྲགས་བཅའ་ཁྲིམས་གཏན་ལ་ཕབ་ པའི་དོན་བཞིན་མང་གཙོའི་རྣམ་པ་ཆེས་ཆེར་དར་བའི་སྲོལ་ལུགས་དར་རྒྱས་ཆེན་པོ་ཆགས་ པའི་ནང་གསེས་རང་དབང་ཅན་གྱི་སྡེ་ཚན་ཁོངས་འོས་བསྡུ་ལས་ཁང་ཞེས་གཏན་འཇགས་ཀྱི་ ལས་ཁང་ཟུར་དབྱེ་དང༌།འོས་བསྡུ་དང་འབྲེལ་བའི་ལས་རིམ་སྒྲིག་གཞི་དང་བཅས་བཀོད་ སྒྲིག་གཏན་འབེབས་གནང་ཡོད། དེ་ལའང་འོས་བསྡུ་ལས་ཁང་དང༌། ས་གནས་འོས་བསྡུ་ལས་ཁང་ཞེས་རྣམ་པ་གཉིས་སུ་ཡོད་ཀྱང༌། ས་གནས་འོས་བསྡུ་ལས་ཁང་རྣམས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གི་ཁོངས་སུ་གཏོགས་པ་ ཡིན། འོས་བསྡུ་ལས་ཁང་གི་ཁྱབ་ཚད་ནི་བོད་མི་མང་གི་སྤྱི་འཐུས་རྣམས་དང༌། ཚོགས་གཙོ་དང༌། ཚོགས་གཞོན། བཀའ་བློན་ཁྲི་པ། ས་གནས་འཐུས་མིའི་ཚོགས་འདུའི་འཐུས་མི་རྣམས་དང༌། ཚོགས་གཙོ། ཚོགས་གཞོན། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་དང༌། ཚོགས་གཙོ་བཅས་ཀྱི་འོས་བསྡུ། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱིས་མཚོན་འཆར་འཕར་འོས་ བསྡུའི་ལས་དོན་ཐམས་ཅད་ལ་ཁྱབ་པ་ཡིན། འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པ་ཁྲིམས་ལུགས་ལྟར་དམིགས་ འཛུགས་ཚོགས་ཆུང་ནས་འོས་འཆར་ཕུལ་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱལ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་བསྐོ་གཞག་མཛད་ཅིང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་བྱུང་ལ་འགན་འཛིན་ལས་འཕར་གཉིས་བསྐོ་གཞག་མཛད་ལམ་ སྤྱི་ཁྱབ་འགན་འཛིན་དང་འདྲ་བ་ཡིན། ༡་ སྤྱི་འཐུས་འོས་བསྡུར་ཆ་མཚོན་ན་ཆོས་ལུགས་ཆོལ་གསུམ་དང་བཅས་ཆོལ་ཁ་དང༌། ཆོས་ལུགས་ཀྱི་ཐོག་ནས་ཡོང་ཁུངས་ཡོད་པ་ལས་ཆོལ་ཁ་རེ་ནས་མི་གྲངས་༡༠རེ་དང༌། དེའི་ནང་བུད་མེད་གཉིས་རེ་ངེས་པར་དགོས་ཤིང༌། ཆོས་ལུགས་ཁག་༥ནས་སྤྱི་འཐུས་གཉིས་རེ་དགོས་པ་ཡིན། ཆོལ་ཁ་དང་ཆོས་ལུགས་དབྱེར་མེད་ཀྱི་སྤྱི་འཐུས་གསུམ་ཡོད་པ་ནི་ཡུ་རོབ་ཁུལ་ནས་ གཉིས་དང༌། ཨ་རི་དང་ཁེ་ན་ཌ་བཅས་ནས་གཅིག་བཅས་གསུམ་ཡིན། དེ་སྟེང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་འཐུས་གཅིག་ནས་གསུམ་བར་ཐད་ བསྐོ་གནང་དང་མི་གནང་དུས་བསྟུན་དགོངས་དཔྱད་བབ་གཟིགས་མཛད་འཐུས་བཅས་མདོ་དོན་ ཁྲིམས་བཟོ་ལྷན་ཚོགས་དེ་སྤྱི་འཐུས་གྲངས་༤༦ལས་གྲུབ་པ་ཡིན་དེའི་ནང་ནས་ཚོགས་ གཙོ་དང༌། ཚོགས་གཞོན་བཅས་འོས་འདེམས་ཞུ་སྒོར་སྒྲིག་གཞི་དོན་ཚན་དུ་མ་དང་ལྡན་པ་མ་ཟད། སྤྱི་འཐུས་འོས་བསྡུ་ནི་སྔོན་འགྲོ་དང༌། དངོས་གཞིའི་འོས་བསྡུ་དགོས་པའི་བྱ་ལམ་ཞིབ་ཆ་ཡོད་པ་ལྟར་མི་མང་རང་ཉིད་ཀྱིས་ གདམ་བྱ་འདམས་བྱེད་ཀྱི་ཐོག་ནས་འགྲོ་བ་ཡིན། ༢་ འོས་བསྡུའི་སྒྲིག་གཞི་ལེའུ་དྲུང་པ་ནང་གསལ་ལྟར་འཛིན་སྐྱོང་སྤྱི་ཁྱབ་བཀའ་ བློན་ཁྲི་པ་མང་ཚོཌ་ནས་ཆོལ་ཁ་དང༌། ཆོས་རྒྱུད་དབྱེར་མེད་ཐོག་ནས་འོས་བསྡུ་སྔོན་འགྲོ་དང༌།དངོས་གཞི་ཐེངས་གཉིས་ བྱས་ཏེ་མཐར་འོས་གྲངས་མང་ཤོས་ཐོབ་པ་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ བཀའ་བློན་ཁྲི་པར་བསྐོ་གཞག་གནང་གི་ཡོད། ༣་ ས་གནས་འཐུས་མིའི་ཚོགས་འདུའི་འགྲོ་ལུགས་ནི་ས་གནས་སོ་སོའི་གཞི་རྒྱའི་བབས་ བསྟུན་གྱི་གྲངས་འབོར་དང༌། ས་གནས་དེར་གཏན་སྡོད་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འདེམས་ཕྱོགས་སྒྲིག་གཞི་ ལེའུ་བདུན་པ་ནང་གསལ་ལྟར་འོས་བསྡུའི་ལས་རིམ་དང་བསྟུན་ཏེ་བྱེད་དགོས་པ་ཡིན། ༤་ ས་གནས་འགོ་འཛིན་དང༌།འགོ་འཛིན་ལས་རོགས་ཀྱི་འོས་བསྡུ་ནི་སྒྲིག་གཞི་ལེའུ་ བརྒྱད་པ་གཞི་བཟུང་འོས་བསྡུ་དགོས་ཤིང༌།འོན་ཀྱང་ད་ལྟའི་ཆར་བོད་མིའི་སྡོད་སྒར་ ཁག་འགའ་ཤས་ལས་དེ་མིན་གཞུང་བསྐོས་ཞེ་གཅིག་ཡིན། ༥་ ས་གནས་རང་བདེན་ཚོགས་ཆུང་གི་འོས་བསྡུ་ནི་སྒྲིག་གཞི་ལེའུ་དགུ་པ་གཞི་བཟུང་འོས་ བསྡུའི་ལམ་ནས་འདེམས་བསྐོ་དགོས་པ་བཅས་མང་གཙོའི་བཅའ་ཁྲིམས་དགོངས་དོན་མི་མང་ རང་ཉིད་ལ་ཐོབ་ཐང་ངམ།ཐོབ་དབང་ཆ་ཚང་ཡོད་སྟབས་ལྷོད་གཡེང་དང་བླང་དོར་འཛོལ་མེད་ ལོང་སྤྱོད་ཐུབ་པ་བྱ་རྒྱུ་ནི་མི་རེ་ངོ་རེར་འཁྲི་བའི་ལས་འགན་ཆགས་ཀྱི་ཡོད། ཁྲིམས་སྒྲིག་གཞི་བཟུང་དབུས་དང༌།ས་གནས་འོས་བསྡུའི་ལས་ཁང་སོ་སོས་དོ་ནན་དང་ དུས་ཐོག་ཞུ་བྱ་བཅད་མཚམས་ཀྱི་རྒྱ་ལས་མི་འགལ་བ་ཞུ་དགོས་པ་བཅས་འོས་བསྡུའི་ལས་ རིམ་རག་ཙམ་དེ་ལྟར་ལགས། བོད་མིའི་མང་གཙོའི་ཆགས་རབས་ནི་སླར་ཡང་ནན་ཏན་གྱི་ཞུ་རྒྱུར།མང་གཙོའི་སྲིད་ གཞུང་གཞན་དང་མི་འདྲ་བ་ཡིན།ཇི་ལྟར་ཞེ་ན།དབུ་འཁྲིད་ཀྱི་མང་ཚོགས་ལ་མང་གཙོ་ཆ་ ཚང་བ་སྩལ་བ་འདི་འདྲ་གཞན་དུ་མེད་ངེས་སྙམ།དེ་མིན་མང་ཚོགས་ཀྱིས་རྒོལ་རྩོད་ ཀྱིས་མང་གཙོའི་སྲིད་གཞུང་སྒྲུབ་པ་ཞིག་ཆགས་ཡོད།དེས་ན་གངས་ལྗོངས་བོད་མི་རྩམ་ གཟན་ཡོངས་ནས་རིན་ཐང་དྲན་ཤེས་ཀྱིས་འགན་དབང་ཡ་མ་བྲལ་བར་ཕྱི་རབས་བོད་རྒྱལ་ཁབ་ དང༌།བོད་མི་རིགས་ཀྱི་ལར་ཞེན་དོན་དུ་འགན་ཁུར་ཚུལ་བཞིན་དུ་ལེན་པར་ཡ་རབས་བཟང་ སྤྱོད་ལྡན་པའི་མང་གཙོའི་སྲིད་གཞུང་དོན་ལྡན་དུ་ཕྱོགས་ཐུབ་པའི་གདམ་བྱ་མ་ནོར་ བ་དགོས་པ་ནི་འདེམས་བྱེད་ཀྱི་ཐད་ཀར་བབ་པའི་ལས་འགན་ཡིན་པའི་ངོ་སྤྲོད་མདོར་ བསྡུས་སུ།

 

 
 
༄༅། བཙན་བྱོལ་བོད་གཞུང་ངོ་སྤྲོད།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334
#