Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
རྡ་སའི་མི་མང་གི་སྨོན་ལམ།
སྐྱེ་རྒུ་མདོའི་རང་བྱུང་ས་ཡོམ་ཀྱི་གནོད་འཚེ་ཁྲོད་འདས་ གྲོངས་སུ་ཕྱིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བཞུགས་སྒར་ མི་མང་གིས་སྨོན་ལམ་འཚོགས་ཡོད། ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ དང་སྐར་མ་ ༤༩ སྟེང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་མདོ་རུ་ས་ཡོམ་གྱི་གོད་ཆག་ བྱུང་སྟེ། བོད་མི་ ༤༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་བོད་མི་མང་པོ་ཞིག་དཀའ་ངལ་ཁྲོད་ལྷག་ཡོད་པའི་ གནས་ཚུལ་ཐོས་འཕྲད། ཕྱི་དྲོའི་ཆུ་ཚོད་ ༥ བའི་སྟེང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་ ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་གྲོངས་སུ་ཕྱིན་པའི་བོད་མི་རྣམས་ལ་བསྔོ་ སྨོན་གསོལ་འདེབས་ཞུས་ཡོད་པར་མ་ཟད། མར་མེ་མཆོད་འབུལ་དང་༧གོང་ས་མཆོག་ལ་བསྔོ་ཡིག་ཕུལ་ཏེ་གཞིས་བཞུགས་བོད་མི་རྣམས་ ལ་གདུང་སེམས་མཉམ་བསྐྱེད་བྱས་ཡོད། སྐབས་དེར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས། ཐེངས་འདིའི་ས་ཡོམ་ཁྲོད་བོད་མི་སྟོང་ཕྲག་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་ ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་མྱུར་སྐྱོབ་ཚན་པས་འཆར་གཞི་ལྡན་པའི་མྱུར་སྐྱོབ་ བྱས་མེད་པར། མི་མང་རང་གིས་བློ་ཁོག་ཆེན་པོས་མྱུར་སྐྱོབ་བྱེད་ཀྱིན་པའི་གནས་སྟངས་ཆགས་ཡོད་ ཚུལ་དང་། དེ་བཞིན་ས་གནས་མི་མང་ལ་ཟ་ཆས་སོགས་ཀྱི་ཐད་དཀའ་ངལ་འཕྲད་ཀྱིན་ཡོད་པར་མ་ཟད། སྐྱེ་རྒུ་མདོའི་ཉེ་འགྲམ་དུ་ཡོད་པའི་གློག་འདོན་ཆུ་མཛོད་ཤོར་ཉེན་ཡོད་པའི་ཛ་ དྲག་གི་གནས་སྟངས་འོག་ལྷག་ཡོད་ཚུལ་བརྗོད་བྱུང་ལ། ཐེངས་འདིའི་ས་ཡོམ་ནི་རྒྱ་གཞུང་གིས་ཡུལ་ཤུལ་ཁུལ་ཏུ་གཏེར་ཁ་བསྔོག་འདོན་དང་ དབྱར་རྩྭ་དགུན་འབུ་བརྐོས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་རེད། དེ་བས། ང་ཚོ་བཙན་བྱོལ་བོད་མི་ཚོས་འདས་གྲོངས་སུ་ཕྱིན་པའི་བོད་མི་རྣམས་ལ་སྨོན་ལམ་དང་ མར་མེ་མཆོད་འབུལ། ༧གོང་ས་མཆོག་ལ་བསྔོ་བརྟེན་འབུལ་བ་སོགས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་ ལ། སང་ཉིན་ཡང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་འདིའི་ཐད་བསྔོ་སྨོན་གསོལ་འདེབས་ གནང་འཆར་ཡོད་འདུག ང་ཚོ་ཚོགས་པ་ལྔའི་ངོས་ནས་མ་འོངས་གནས་སྟངས་ལ་གཞིགས་ཏེ་ལས་འགུལ་སྤེལ་འཆར་ཡོད་ ཅེས་འགྲེལ་བརྗོད་གནང་བྱུང།
བོད་ཀྱི་དུས་བབ་དྲ་ཚིགས་ལས་དྲངས།