Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་བར་བསྔོ་སྨོན་དང་སྐྱབས་འཇུག

ཕྱི་ལོ་༢༠༡༠ལོའི་ཟླ༤བའི་ཚེས་༡༤ཉིན་
ཁམས་སྐྱེ་རྒུ་མདོར་རང་བྱུང་ས་ཡོམ་གྱི་
གོད་ཆག་ཆེན་པོ་བྱུང་ནས་མི་སྟོང་ཕྲག་
མང་པོ་རྐྱེན་ལམ་དུ་གྱུར་པ་དང་ཁྲི་ཕྲག་
མི་མང་པོར་རྨས་སྐྱོན་བྱུང་ནས་བཟོད་
ཐབས་བྲལ་བའི་སྡུག་བསྔལ་དང་དཀའ་

ངལ་ཚད་མེད་ མྱོང་བཞིན་པར་བརྟེན་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ ལས་ཁང་དང་རྡ་རམ་ས་ལ་མདོ་སྨད་ས་གནས་རྒྱུན་ལས་གཉིས་མཉམ་འབྲེལ་ཐོག་བདུན་ཚིགས་ དང་པོར་མ་ཐོན་སྔོན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གཞི་ལ་བཞག་ ནས་གདུང་སེམས་མཉམ་སྐྱེད་མཚོན་པར་ཚེ་འདས་རྣམས་ལ་བསྔོ་སྨོན་དང་། རྨས་མ་རྣམས་ལ་སྐྱབས་འཇུག་ཆེད་ཕྱི་ལོ་༢༠༡༠ལོའི་ཟླ༤ཚེས་༡༩ཉིན་གྱི་ཞོགས་པའི་ ཆུ་ ཚོད་༩:༠༠ནས་ཉིན་གུང་བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་ མཆོད་མེ་སྙན་ཤལ་དང་། སྨོན་ལམ་ཚོགས་འཁོར་བཅས་འབུལ་རྒྱུར་ཇི་ལྟར་ གསོལ་བ་བཏབས་པ་བཞིན། རོང་ཆེན་བསྟན་པའི་མངའ་བདག་༧སྐྱབས་མགོན་ཀིརྟི་རིན་པོ་ ཆེ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་ཐོབ་དང་། བཞུགས་ སྒར་ཁུལ་བཞུགས་རྩེ་རྣམ་རྒྱལ་གྲྭ་ཚང་། མཚན་ཉིན་གྲྭ་ཚང་། ཀིརྟིའི་བྱེས་པ་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། ཚེ་མཆོག་གླིང་གྲྭ་ཚང་། གནས་ཆུང་གྲྭ་ཚང་། དགའ་གདུང་གྲྭ་ ཚང་། སྔགས་པ་གྲྭ་ཚང་། བཙུན་དགོན་དགེ་ལྡན་ཆོས་གླིང་། བཙུན་དགོན་འཇམ་དབྱངས་ཆོས་གླིང་། བཙུན་དགོན་ཨོ་རྒྱན་སྨིན་གྲོལ་གླིང་། བཙུན་དགོན་སྒྲོལ་མ་གླིང་། བཅས་ཀྱི་གྲྭ་ཚང་འདུས་མང་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ། བོད་མི་མང་སྤྱི་ འཐུས་དང་སྤྱི་ཟུར་རྣམས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བས་ཚེ་འདས་དག་ལ་ བསྔོ་སྨོན་དང་གསོན་པོ་རྣམས་ལ་སྐྱབས་འཇུག གྲྭ་ཚང་འདུས་མང་ལ་སྐུ་ཡོན། མི་མང་རྣམས་ལ་ཚོགས་འགྱེད། མར་མེ་སྟོང་མཆོད། དེ་བཞིན་དུ་༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གཙོས། ༧དགའ་ལྡན་ཁྲི་རིན་པོ་ཆེ། དཔལ་༧རྒྱལ་བ་ཀརྨ་པ། ༧ས་སྐྱ་གོང་མ་རིན་པོ་ཆེ། ༧སྨན་རི་ཁྲི་འཛིན་རིན་པོ་ཆེ། ༧ཇོ་ནང་ཁལ་ཁ་རིན་པོ་ཆེ། རྣམ་གྲོལ་གླིང་མཁན་པོ། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ སོགས་ས་དགེ་བཀའ་རྙིང་། གཡུང་དྲུང་བོན་དང་བཅས་པའི་ཆོས་རྒྱལ་ཁག་གི་བླ་ཆེན་ རྣམ་ལ་བསྔོ་རྟེན། གཞན་སེ་འབྲས་དགེ་གསུམ་དང་། བཀྲིས་ལྷུན་པོ། རྒྱུད་སྟོད་སྨད་སོགས་བཙན་བྱོལ་ཁྲོད་ཀྱི་ དགོན་སྡེ་ཁག་བཅོ་བརྒྱད་ཙམ་ལའང་བསྔོ་རྟེན་ཕུལ་ཐུབ་ཡོད།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔ།
གཙུག་ལག་ཁང་གི་ཕྱིའི་ཁྱམས་ར།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་འདུ་ཁང་ཆེན་མོ།
གཙུག་ལག་ཁང་གི་ཁྱམས་འོག་ཏུ་བཞུགས་པའི་རྡ་སའི་མི་མང་།
གཙུག་ལག་ཁང་གི་ཁྱམས་འོག་ཏུ་བཞུགས་པའི་རྡ་སའི་མི་མང་།
གཙུག་ལག་ཁང་གི་ཕྱིའི་ཁྱམས་ར།