Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
མདོ་སྨད་ས་རྒྱུན་གསར་འཛུགས།
༄༅།། མདོ་སྨད་ཚོགས་ཆེན་སྐབས་བཅུ་བཞི་བ་ཕྱི་ལོ༢༠༠༩ལོའི་ཟླ་༤ཚེས༢༦ནས་ཉིན་གྲངས་ གསུམ་རིང་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཚོགས་ཤིང་། སྐབས་དེའི་གྲོས་ཆོད་ཁག་ལས་དོན་ཚན་གཅིག་གཞིར་བཟུང་སྟེ་བོད་རྒྱལ་ལོ་༢༡༣༧ཕྱི་ ལོ༢༠༡༠ཟླ་༡ཚེས་༡༠ཉིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་མཉམ་འཛོམས་ཀྱིས་ བཞུགས་མོལ་ཚོགས་འདུ་བརྒྱུད་ཐག་གཅོད་བྱུང་དོན་ལྟར་སཱོ་ལན་དཔལ་གཤེན་བསྟན་སྨན་ རིའི་གླིང་གཙོས་མཐའ་འཁོར་ས་ཁུལ་དང་། ཧི་མ་ཅལ་མངའ་སྡེའི་ལྟེ་གནས་སིམ་ལ་ཁུལ་དུ་ཡོད་པའི་དཔལ་ཇོ་ནང་རྟག་བརྟན་ཕུན་ ཚོགས་ཆོས་གླིང་ཕྱོགས་གཉིས་སུ་མདོ་སྨད་ས་གནས་གསར་འཛུགས་དང་འཐུས་ཚང་དུ་གནང་ གལ་ཆེ་བར་མཐོང་སྟེ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་མགོན་ པོ་དོན་འགྲུབ་དང་། དྲུང་ཆེ་རྒྱ་རིགས་ཐར། འབྲེལ་མཐུད་བདེ་འགན་བསྟན་པའི་དངོས་གྲུབ་གསུམ་འདི་ཟླའི་ཚེས་༢༠ཉིན་ས་གནས་དེ་ གཉིས་ལ་ཆེད་བཅར་གྱིས། ཕྱི་ཚེས་༢༡ཉིན་འཕགས་ཡུལ་དཔལ་ཇོ་ནང་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་ རབས་དང་རྡོ་རྗེ་སློབ་དཔོན་ཁྲི་རབས་དང་པོ་ཆོས་སྣང་རིན་པོ་ཆེ་དང་མཁན་པོ་ལས་ ཐོག་རིན་ཆེན་རྣམ་གཉིས་གཙོས་ས་དེ་གའི་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་ས་གནས་ ཚོགས་འདུ་སྐོང་འཚོགས་ཀྱི་ལམ་ནས “སིམ་ལ་མདོ་སྨད་ས་གནས་རྒྱུན་ལས་ཁང” གསར་འཛུགས་བྱས་པ་དང་། དེ་བཞིན་ས་རྒྱུན་གསར་པའི་ཁོངས་སུ་སློབ་སྟོན་པར་མཁན་ཟུར་ཆོས་སྣང་རིན་པོ་ཆེ་ དང་། རྒྱུན་ལས་ཀུན་དགའ་གནས་ལོ། ཡོན་ཏན་རྒྱ་མཚོ། དེ་མིན་མང་མོས་འོས་བསྡུ་བརྒྱུད་སྐྱ་བོ་གཅིག་རྗེས་སྣོན་ཡོང་རྒྱུ་དང་ལས་གནས་
གོ་རིམ་ནང་ཁུལ་ནས་བསྐོ་བཞག་གནང་རྒྱུ་བཅས་གཏན་ཁེལ་ཐག་གཅོད་བྱེད་ཐུབ་པ་བྱུང་ ཡོད། ཕྱི་ཚེས་༢༢ཉིན་སོ་ལན་བོན་གཞིས་སུ་ཆེད་བཅར་བྱས་ཡོད་ལ་ཉིན་དེར་༧དཔལ་རྒྱལ་བ་ སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ ཆེ་མཆོག་ལ་ཆེད་དུ་མཇལ་བཅར་གྱིས་མདོ་སྨད་ཀྱི་ལས་དོན་ཆེ་ཕྲ་༧སྙན་སེང་ཞུས་པ་ དང་འབྲེལ། བོད་བསྟན་སྲིད་ལ་སྨན་པའི་ལམ་སྟོན་བཀའ་སློབ་ཡང་བསྩལ་གནང་མཛད་ཅིང་། དེ་ག་བོན་གཞིས་ཁུལ་བཞུགས་མདོ་སྨད་སེར་སྐྱ་ཡོངས་འདུ་འཛོམས་ཀྱིས་ཚོགས་འདུ་ སྐོང་འཚོགས་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལོ་རྒྱུས་བྱུང་རིམ་དང་། དཔལ་ལྡན་རང་གཞུང་དང་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་ འབྲེལ་བའི་ལས་དོན་སྒྲུབ་ཕྱོགས་སྐོར་ལ་གཏམ་བཤད་ཀྱིས་ས་གནས “བོན་གཞིས་མདོ་སྨད་ས་གནས་རྒྱུན་ལས་ཁང” གསར་འཛུགས་ལེགས་འགྲུབ་དང་། མང་མོས་འོས་བསྡུའི་ལམ་ནས་རྒྱུན་ལས་གསར་འདེམས་བྱུང་ཡོད་། ས་གནས་རྒྱུན་ལས་གསར་པའི་ཁོངས་སུ་སྨན་རི་དགོན་གྱི་གྲྭ་ཁྲི་གཡུང་དྲུང་དང་། གྲྭ་ཟླ་བ་དར་རྒྱས། གྲྭ་བསྟན་པ་ཡེ་ཤེས། གཞིས་གྲོང་དོན་འགྲུབ། གཞིས་གྲོང་བཀྲ་ཤིས་མཚོ་མོ་སོགས་ཚོགས་མི་ལྔ་བསྐོ་བཞག་གནང་ཡོད་ལ་ལས་གནས་གོ་ རིམ་ནང་ཁུལ་ནས་འོས་འདེམས་བྱེད་རྒྱུ་བཅས་གནས་ཚུལ་མདོར་བསྡུས་སུ།།