Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
བཙན་བྱོལ་བོད་མི་ཚོའི་ཞི་བདེའི་མ་འོངས་པ།

འཛམ་གླིང་སྐྱབས་བཅོལ་གྱི་ཉིན་མོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ ནན་སེ་པེ་ལོ་མཆོག་གིས་བཙན་བྱོལ་བོད་བོད་མི་ཚོར་ཞི་བདེའི་མ་འོངས་པ་ཞིག་ཡོང་ བར་འབོད་སྐུལ་ཞུས་ཡོད་པ་རེད། ཕྱི་ཚེས་ ༢༠ ཉིན་ནི་འཛམ་གླིང་སྐྱབས་བཅོལ་གྱི་ཉིན་མོ་ཡིན་ལ། ཉིན་དེར་འཛམ་གླིང་ཡུལ་གྲུ་གང་ས་ནས་བཙན་བྱོལ་གྱི་ཉིན་མོ་འདི་སྲུང་གཙི་ཞུས་ ཡོད་པ་རེད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་མཆོག་གིས་ཉིན་འདིར་ རྒྱལ་སྤྱིའི་སྤྱི་ཚོགས་སྟེང་འབོད་སྐུལ་ཞུས་དོན། བཙན་བྱོལ་བོད་མི་ཚོར་སྔར་ལས་ལྷག་པའི་བདེ་འཇགས་དང་དྲང་བདེན། ཞི་བདེ་བཅས་ཀྱི་མ་འོངས་པ་ཞིག་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཡོད་པ་རེད། ཁོང་གིས་གསུངས་དོན། རྒྱ་གར་དང་བལ་ཡུལ་དུ་ཚོད་རྩིས་བྱས་པ་ལྟར་ན་བཙན་བྱོལ་བོད་མི་ ༧༠༠༠༠ ལྷག་ཡོད་ལ། བོད་མི་འདི་དག་གིས་ཉེན་ཁ་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་བརྒྱུད་དེ་རྒྱ་ནག་གི་ དྲག་གནོན་འོག་ནས་བྲོས་བྱོལ་ལ་ཡོང་བ་རེད། རྒྱ་ནག་གི་དཔོན་རིགས་ཚོས་༧གོང་ས་མཆོག་དང་མཉམ་དུ་ཐད་ཀའི་བཀའ་མོལ་བརྒྱུད་བོད་ དོན་འདི་ཞི་བའི་སྒོ་ནས་སེལ་ཐབས་ལ་འབད་བརྩོན་བྱེད་ཀྱི་མེད་སྟབས་བོད་མི་ཚོར་ ཡང་མཐའ་མཇུག་གི་བོད་དོན་བདེན་མཐའ་གསལ་རྒྱུའི་རེ་བ་ནི་མཐོང་ཚོད་དུ་མི་འདུག་ ཅེས་བསྒྲགས་ཡོད། གཞན་ཡང་ཁོང་གིས། འཛམ་གླིང་སྐྱབས་བཅོལ་གྱི་ཉིན་མོ་འདིར་ང་ཚོས་འཛམ་གླིང་གང་སར་ཡོད་པའི་སྐྱེས་ པ་དང་བུད་མེད། བྱིས་པ་བཅས་ཉེན་གཡོལ་གྱི་ཆེད་དུ་སོ་སོའི་ཕ་ཡུལ་ནས་ཡུལ་ལུང་གཞན་དུ་བྲོས་ཏེ་ འཚོ་མཁན་རྣམས་ལ་འགྲོ་བ་མི་རྣམས་ཀྱི་དོ་སྣང་ཡོང་འགུག་ཐབས་བྱེད་ཀྱིན་ཡོད་ཅེས་ གསུངས་ཤིང་། དེ་རིང་ང་ཚོས་བོད་རིགས་མི་དམངས་དང་སུ་ཌན་མི་དམངས་བཅས་ཀྱིས་གཙོས་པའི་འཛམ་ གླིང་སྟེང་གི་མི་དམངས་གྲངས་ལས་འདས་པ་ཞིག་གིས་སོ་སོའི་ཕ་ཡུལ་གྱི་བདེ་འཇགས་ དང་དྲང་བདེན། ཞི་བདེ་བཅས་ཀྱི་ཆེད་དུ་ཡུལ་ལུང་གཞན་དུ་སྡོད་དགོས་བྱུང་བ་དེར་ང་ཚོས་གུས་ བརྩི་བླ་མེད་ཞུ་གིན་ཡོད་ཅེས་གསུངས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚིག་ཐོ་ལྟར་ན། ད་སྐབས་འཛམ་གླིང་ཁྱོན་ཡོངས་སུ་བཙན་བྱོལ་བ་ས་ཡ་ ༤༣ ལྷག་ཡོད་འདུག བདུན་ཕྲག་གཉིས་ཀྱི་རྗེས་ནས་༧གོང་ས་མཆོག་དགུང་གྲངས་ ༧༦ ལ་ཕེབས་ཀྱིན་ཡོད་ལ། ཁོང་གི་དགུང་ལོའི་བབ་འདི་ནི་དེང་སྐབས་འཛམ་གླིང་སྟེང་གི་དོ་སྣང་ཆེ་ཤོས་དང་། དྲི་རྟགས་ཆེན་པོ་ཞིག་ཀྱང་ཡིན། ཁོང་མ་བཞུགས་དུས་ཤིག་ལ་ག་རེ་འབྱུང་གི་རེད་ཅེས་པའི་དྲི་བ་དེ་ནི་མེག་གྷན་གྱི་ རི་མགོ་འདི་ནས་གང་སར་ཁྱབ་ཀྱིན་ཡོད་ལ། གངས་སྐྱིད་ནས་པེ་ཅིན་དང་། མདོ་དབུས་ཁམས་གསུམ། རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་འགོད་བརྒྱུད་ལམ་ཁག་གང་སར་ཁྱབ་ཀྱིན་ཡོད་ལ། བཙན་བྱོལ་བོད་མི་ཚོར་མཚོན་ན་དྲི་བ་འདིའི་ལན་གལ་ཆེན་པོ་ཞིག་ནི་ཕྱི་ཚེས་ ༡༨ ཉིན་ནས་བཟུང་གྲ་སྒྲིག་མགོ་བཙུགས་པའི་ ༢༠༡༡ ལོའི་འོས་བསྡུ་ཆེན་མོ་འདི་ཡིན། ཕྱི་ཚེས་ ༢༠ ཉིན་བཙན་བྱོལ་བོད་མི་ཚོས་སྐྱབས་བཅོལ་གྱི་ཉིན་མོ་འདི་སྲུང་གཙི་ཞུས་མེད། ཡིན་ཡང་། བོད་མི་ཚོ་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༥༠ འགོར་བའི་དུས་དྲན་དེ་ནི་བོད་མི་ཚོས་ལོ་གཅིག་གི་རིང་ལ་སྲུང་གཙི་ཞུས་ཡོད་པ་ རེད།

གསར་འགྱུར་འབྲི་མཁན། ལུང་རིགས་རྒྱལ། བོད་ཀྱི་དུས་བབ་ལས་དྲངས།