ལྡི་ལིར་རང་ལུས་མེར་བསྲེགས། དེ་རིང་ཞོགས་པར་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་ཤེས་རབ་ལགས་གཅིག་པུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་ཏེ་རང་ལུས་མེར་བསྲེགས་བཏང་འདུག ད་ལྟ་རང་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་བློ་བཟང་ལགས་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཤེས་རབ་ཁོང་གཅིག་པུ་དེ་རིང་ཞོགས་པར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་ཏེ། བོད་ནང་གི་གནས་བབ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཀྱིན་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་ཡོད་འདུག སྐབས་དེར་རྒྱ་གར་ཉེན་རྟོག་པ་དང་བོད་མི་ཁག་ཅིག་གིས་མེ་བསད་དེ་རྒྱ་གར་སྨན་ཁང་ Ram Manhor Lhoiya Hospital. ཞེས་པར་ཏུ་མྱུར་སྐྱོབ་བྱེད་དུ་ཁྲིད་ཡོད་འདུག ཤེས་རབ་ལགས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མ་ཕྱིན་གོང་ངོ་དེབ་དྲ་རྒྱའི་སྟེང་འཕྲིན་ཐུང་ཞིག་བྲིས་ཡོད་འདུག་ལ། འཕྲིན་ཐུང་དེའི་ནང་དེ་རིང་དང་འདས་པའི་ལོ་འགའི་རིང་ཁོང་གིས་ལས་འགུལ་གང་བྱས་པ་ཚང་མ་བོད་ཀྱི་རྩ་དོན་དང་༧ གོང་ས་མཆོག་གི་དོན་དུ་ཡིན་པ་དང་། འདས་པའི་ཁོང་གི་མི་ཚེའི་ནང་ནོར་འཁྲུལ་གང་བྱས་ཡོད་པ་དག་ལ་ཚང་མས་བསམ་ཤེས་བྱ་བའི་རེ་བ་ཡོད་ཅེས་དང་། ཁོང་བསྐྱར་དུ་བོད་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེ་པར་ཚང་མས་སྨོན་ལམ་འདེབས་རོགས། རང་ཉིད་བསྐྱར་དུ་བོད་མི་ཞིག་གི་སྐྱེ་བ་བླངས་ཏེ་བོད་ཀྱི་རྩ་དོན་འཐབ་རྩོད་ལ་རྒྱུན་འཁྱོང་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་གཞུང་གིས་རྡོག་རོལ་བཏང་པར་ངོ་རྒོལ། ལྷག་པར་དུ་༧ གོང་ས་མཆོག་ཕྱིར་བོད་དུ་གདན་འདྲེན་ཞུ་རྒྱུ་བཅས་ཡིན་པ་བཀོད་འདུག
དུས་བབ་ལས་འདྲེན་བཀོད་བྱས། |