Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
ཆོལ་གསུམ་སྒྲོལ་མ་ཚོགས་པའི་སྒྲོལ་མ་འབུམ་འདོན།

རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡོན་ས་ཁུལ་ དུ་ཡོད་པའི་བོད་མིའི་སྡེ་གྲོང་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ཆོལ་གསུམ་སྒྲོལ་ མ་ཚོགས་པས་ལོ་ལྟར་ཆགས་སུ་གོ་སྒྲིག་ཡོད་པ་ལྟར་མི་དམངས་ཚང་མ་འཛོམས་ནས་ ༧རྒྱལ་བའི་ཞབས་བརྟན་དང་བོད་ བསྟན་སྲིད་དོན་དུ་སྒྲོལ་མ་འབུམ་འདོན་བྱེད་བཞིན་ཡོད་པ་དེ་བཞིན། འདི་ལོ་སྟེ་ཕྱི་ལོ༢༠༡༠ལོའི་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཉིན་ས་གནས་དེ་གའི་ བཀྲ་ཤིས་འཁྱིལ་དགོན་པའི་དགེ་འདུན་པ་རྣམ་གཙོས་མི་མང་ཡོངས་འདུ་འཛོམས་ཀྱིས་ སྒྲོལ་མ་འབུམ་འདོན་བྱེད་པའི་ལས་འགུལ་དབུ་འཛུགས་གནང་ཡོད་ལ། དེ་བཞིན་དུ་འཕགས་ཡུལ་དཔལ་ལྡན་བཀྲ་ཤིས་འཁྱིལ་དགོན་པས་ས་ག་ཟླ་བའི་དུས་ཆེན་ སུམ་འཛོམས་ལ་ཚོགས་འཚོགས་དགེ་སྒུབས་དང་དགོང་མོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ སྐུ་ཐང་ཆེན་པོ་བཤམས་ནས་གློག་སྒྲོན་དང་བཅས་དགེ་འདུན་འདུས་པ་རྒྱ་མཚོ་འཛོམས་ ནས་ཞལ་འདོན་གནང་སྟེ་དུས་བཟང་ཁྱད་པར་ཅན་འདིར་སྤྱིར་སངས་རྒྱས་བསྟན་པ་འཛམ་ གླིང་གཞི་ཁྱོན་ཀུན་ལ་དར་ཞིང་རྒྱས་པ་དང་། དགོས་རང་རེ་རྣམས་ཀྱི་མགོན་དཔུང་སྐྱབས་གནས་གཅིག་པུ་༧གོང་ས་ལྷ་མིའི་རྣམ་ འདྲེན་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་བོད་མིའི་ བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་རྒྱ་ཆེར་བཏབ་ཡོད་འདུག

གོང་གསལ་གནས་ཚུལ་གཏོང་མཁན་ས་གནས་ རྒྱུན་ལས་བློ་བཟང་ཚུལ་ཁྲིམས་ནས་ ཕྱི་ལོ་ ༢༠༡༠ ཟླ་ ༥ཚེས་ ༣༠ ཉིན་ཕུལ།