རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་༦༠འཁོར་བའི་དུས་སྟོན་མཛད་ སྒོ་དེ་དེ་རིང་ཞོགས་པར་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་འཚོགས་ ཡོད་པ་དང༌། རྒྱ་ནག་གི་དམག་གསུམ་དཔུང་སྡེས་གོ་མཚོན་གསར་བའི་མ་ལག་༥༢དང༌། མིས་ཁ་ལོ་མ་བསྒྱུར་བའི་མཁའ་གྲུ། རྡུལ་ཕྲན་ནུས་པས་འཁོར་བསྐྱོད་བྱེད་པའི་ཆུ་འཛུལ་དམག་གྲུ དེ་བཞིན་འཕུར་མདའ་སོགས་རྒྱ་ནག་ཁོ་རང་གིས་ཐོན་སྐྱེད་བྱས་པའི་དམག་ཆས་འབོར་ ཆེན་མཛད་སྒོའི་ཐོག་ངོམ་སྟོན་བྱས་ཡོད་པ་མ་ཟད། བཅིངས་འགྲོལ་དམག་མིས་གཙོས་པའི་རྐང་མཚོ་མཁའ་གསུམ་གྱི་རུ་སྟར་རེ་རེ་གནམ་བདེ་ སྒོ་མོ་ཆེའི་མདུན་དུ་དཔུང་བསྐྱོད་བྱས་ཡོད་པ་རེད། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གི་རྒྱལ་བཙུགས་དུས་སྟོན་ལ་ ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དོན། ༄ ༅། །དེ་རིང་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་འགོ་བཙུགས་ནས་མི་ལོ་ ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་ཡིན་ཞིང༌། མི་ལོ་དྲུག་ཅུ་མ་ཟིན་ཙམ་གྱི་རིང་རང་དབང་དང༌། ཞི་བདེ་ལ་དགའ་བའི་བོད་ཀྱི་རྒྱལ་ཁབ་འདི་བཞིན་རྒྱ་དམར་གྱིས་ཡ་ང་སྙིང་རྗེ་མེད་ ལ་སྲིད་དབང་སྒེར་སྡོམ་གྱིས་དབང་བསྒྱུར་འོག ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་སེམས་ཅན། དེའི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་ལ་ཁྱོན་ཡོངས་ནས་གཏོར་བཤིག་ཚབས་ཆེན་ཐེབས་ཏེ་རྩ་སྟོངས་སུ་འགྲོ་ ཉེའི་དུས་ཚོད་གཉན་འཕྲང་ཅན་ཞིག་ཏུ་སླེབས་ཡོད་ཀྱང༌། རྒྱ་ནག་གཞུང་ནས་དུས་དྲན་འདི་དང་སྟབས་བསྟུན་པེ་ཅིང་དུ་བོད་ལ་ཡར་རྒྱས་ཆེན་ པོའི་གྲུབ་འབྲས་ཐོན་ལུགས་ཀྱི་འགྲེམས་སྟོན་ཆེད་དུ་བཙུགས་པ་མ་ཟད། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་ལེགས་བྱས་ཀྱི་ངོམ་སོ་ཁོ་ན་སྟོན་པའི་དུས་ དྲན་སྲུང་བརྩི་བྱེད་བཞིན་པ་དང༌། བོད་མིས་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་འདུག་ལ་དམ་བསྒྲགས་ཆེ་རུ་བཏང་ སྟེ་ད་བར་གྱི་ནོར་འཁྲུལ་དང་གྱོང་གུན་ཡོངས་རྫོགས་རྣམས་སྦས་གསང་བྱེད་བཞིན་ ཡོད་པས་དོན་དངོས་དང་མི་མཐུན་པའི་བྱ་སྤྱོད་འདི་རིགས་ཀྱིས་གཞིས་བྱེས་བོད་མི་ ཡོངས་ཀྱི་འདོད་བློ་ཁེངས་པ་ཞིག་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དོན་འབྲས་ ཤིག་རྩ་བ་ནས་སོན་གྱི་མེད་པ་དང༌། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་ནས་བཟུང་གཡོན་ཐལ་ནོར་འཁྲུལ་ཅན་གྱི་སྲིད་ བྱུས་རབས་དང་རིམ་པ་བཤམས་པ་དེས་བོད་རྒྱལ་ཁབ་འདིར་ལོ་རྒྱུས་ཐོག་བྱུང་མྱོང་ མེད་པའི་གྱོང་གུན་ཚབས་ཆེན་ཕོག་པ་མ་ཟད། ད་ལྟའང་དཔལ་འབྱོར་འཛུགས་སྐྲུན་དང་ས་གནས་ཡར་རྒྱས་གཏོང་དགོས་ཀྱི་ཚིག་སྙན་འོག་ བོད་རིགས་ཡོངས་རྫོགས་རྒྱ་མིར་བསྒྱུར་བའི་སྲིད་བྱུས་ངན་པ་དང༌། ལས་གཞི་སྣ་ཚོགས་ལག་བསྟར་བྱས་དང་བྱེད་བཞིན་པ། དམིགས་བསལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་དོན་དངོས་དང་མི་མཐུན་པའི་ཁྱབ་བསྒྲགས་དང་ རྣམ་འགྱུར། ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་བཅས་ནི་ངན་གཡོའི་ཟློས་གར་ཞིག་ལས་གྲངས་ཉུང་མི་ རིགས་ཀྱི་ཁེ་ཕན་ལ་དམིགས་པའི་སྲིད་བྱུས་ཤིག་ཏུ་ངོས་འཛིན་ནམ་ཡང་བྱ་ཐབས་མེད་ པར་བརྟེན་ངོ་རྒོལ་ཤུགས་ཆེ་བྱ་རྒྱུའི་གསལ་བསྒྲགས་སུ།། ཞེས་གསལ་ཁྱབ་གནང་སོང་། གཞན་ ཡང་རྒྱ་ནག་གིས་སྲིད་དབང་སྒེར་གཅོད་བྱས་ནས་ལོ་ངོ་དྲུག་བཅུ་ཐམ་པ་འཁོར་བའི་ སྡུག་རྩུབ་ལ་བཙན་བྱོལ་བོད་དུ་གནས་པའི་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་དང༌། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ངོ་ རྒོལ་བྱེད་ཀྱིན་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་དོན། བཙན་ བྱོལ་དུ་གནས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་དང་བོད། ཤར་ཏུར་ཀི་སི་ཐན་གྱི་མི་མང་རྣམས་ལ་རྒྱ་ནག་དམར་བོའི་གཞུང་གིས་སྒེར་གཅོད་ཀྱི་ སྲིད་དབང་འོག་ཏུ་མནར་གཅོད་མྱོང་བཞིན་པར་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ ཡོད། ང་ཚོའི་ཐུན་མོང་གིས་མྱོང་བཞིན་པའི་གདུག་རྩུབ་འདིའི་འོག་ནས་རང་དབང་དང་མང་ གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་དགོས་པའི་འཐབ་རྩོད་བྱེད་ཀྱིན་ཡོད། དམར་བོའི་གཞུང་འདི་བཙུགས་ནས་ལོ་ངོ་དྲུག་བཅུ་ཐམ་པ་འཁོར་བའི་དུས་ཡུན་ནང་དཔལ་ འབྱོར་གྱི་ཡར་རྒྱས་གང་ཙམ་ཕྱིན་ཡོད་ནའང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གང་ཡང་ མེད་པའི་འོག་ཏུ་གནས་ཡོད། དགུ་ བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་མཆོག་ནས་གསུང་དོན། ལོ་ངོ་དྲུག་བཅུའི་ཡར་སྔོན་གྱི་དེ་རིང་གི་ཉིན་མོ་འདི་ནས་རྒྱ་ནག་དམར་བོའི་ གཞུང་གི་འོག་ལ་གནས་པའི་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་ཡོད་པ་དག་གིས་མུན་ ནག་གི་དུས་རིམ་ནང་བསྐྱལ་གྱི་ཡོད་ལ། དེ་ནས་བོད་ཡོངས་ལ་མུན་ནག་གི་སྤྲིན་རིམ་ཞིག་འཐིབས་ནས་བོད་ཀྱི་ཆོས་དང་རིག་ གཞུང་ཧ་ཅང་ཛ་དྲག་པོའི་ངང་གནས་ཡོད། ད་དུང་ཁོང་གིས་མུ་མཐུད་དུ་གསུང་དོན། དེ་རིང་གི་ཉིན་མོར་འདིར་ང་ཚོས་སྲུང་བརྩི་བྱས་པ་མ་ཡིན་པར་མྱ་ངན་བྱེད་རྒྱུ་ ཡིན། རྒྱུ་མཚན་གང་ཡིན་ཟེར་ན། དེ་རིང་གི་ཉིན་མོ་འདིར་དུག་གི་ས་བོན་བོད་ལ་བཏབ་པའི་ཉིན་མོ་ཡིན། རྡ་ རམ་ས་ལའི་མི་མང་གིས་སྟོད་གོས་ནག་པོ་ཁོ་ན་གྱོན་ནས་ཆུ་ཚོད་གཅིག་གི་རིང་ལ་ངག་ བཅད་ངོ་རྒོལ་བྱེད་རྒྱུ་ཡིན། ཉིན་མོ་འདིའི་ངོ་རྒོལ་ནི་སྲིད་དབང་སྒེར་གཅོད་བྱེད་པའི་སྲིད་ཇུས་རྨེག་མེད་ བཏང་ནས་མི་མང་ལ་མང་གཙོ་དང་རང་དབང་ཐོབ་པའི་ཆེད་དུ་ཡིན། ང་ཚོས་རྒྱ་ནག་དམར་བོའི་སྲིད་གཞུང་གི་ལོ་ངོ་དྲུག་བཅུའི་དྲག་གནོན་དང་གདུག་ རྩུབ་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ལ། རྒྱ་ནག་མི་མང་གིས་ཀྱང་ངེས་པར་དུ་ངོས་ཟིན་དགོས་པ་གལ་ཆེན་ཡིན། དེའི་སྟབས་ཀྱིས་འཛམ་གླིང་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ གློག་རྡུལ་དྲ་བ་བརྒྱུད་དེ་རྒྱ་ནག་མི་མང་ལ་ངེས་པར་དུ་གསལ་བཤད་གོ་སྐོན་གནང་ བའི་རེ་བ་འཛིན་གྱི་ཡོད། རྒྱ་ ནག་དམར་བོའི་གཞུང་བཙུགས་ནས་ལོ་ངོ་དྲུག་བཅུའི་རིང་ལ་མི་གྲངས་ས་ཡ་མང་བོ་ཆབ་ སྲིད་ཀྱི་གདུག་རྩུབ་འོག་མནར་གཅོད་མྱངས་དང་མྱོང་བཞིན་པ་ཡིན། དེའི་ཕྱིར་རྒྱ་ནག་གི་དམར་བོའི་གཞུང་འདི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ སུ་ཞུགས་རྒྱུའི་ཆ་རྐྱེན་ཏེལ་འབྲུ་ཙམ་མེད་པ་རེད། རྒྱ་ནག་གི་དཔལ་འབྱོར་གྱི་དབང་ཕྱུག་འཛམ་གླིང་ལ་ཁྱབ་བཞིན་པ་འདི། འཛམ་གླིང་མི་མང་གི་ཉེན་ཁ་དང་བློ་ཚབ་ཆེན་པོ་ཞིག་ཏུ་འགྱུར་གྱི་ཡོད། དེའི་སྟབས་ཀྱིས་དེ་རིང་གི་ཉིན་མོ་འདི་ལ་རྒྱ་ནག་སྲིད་གཞུང་གི་སྒེར་གཅོད་ཀྱི་ སྲིད་ཇུས་མཚམས་འཇོག་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་གུས་ཞབས་ལྡན་པ་དང་འགན་ཆ་ ཚང་འཁུར་ཐུབ་མཁན་གྱི་ཚོགས་མི་ཞིག་ཆགས་རྒྱུའི་རེ་བ་བྱེད་ཀྱིན་ཡོད། རྒྱ་གཞུང་གིས་དུས་རྟག་ཏུ་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་བརྗོད་པའི་དམིགས་ཡུལ་ དེ་ནི་ཁོང་ཚོས་མི་མང་ལ་གུས་ཞབས་ལྡན་པ་དང་འགྲོ་བ་མིའི་རང་དབང་དང་མང་གཙོའི་ བདེ་སྐྱིད་ཐོབ་པའི་ཉིན་མོར་གཞི་ནས་འགྲུབ་ཐུབ་པ་ཡིན། ང་ཚོས་ག་རེ་བྱེད་དགོས་ཟེར་ན་དྲང་བདེན་དང་མང་གཙོ། ཞི་བདེ་སོགས་བསྐྲུན་ནས་རྒྱ་ནག་དང་བོད་གཉིས་ལ་ལྷིང་འཇགས་ཀྱི་འཚོ་བ་ཞིག་ བསྐྲུན་དགོས། ད་ལྟའི་དུས་ཚོད་འདི་ནི་ང་ཚོ་མཉམ་རུབ་ཀྱིས་ལས་ཀ་བྱེད་པའི་དུས་ཚོད་གལ་ཆེན་ ཞིག་རེད། ཅེས་གསུངས་བྱུང་། གོང་ གསལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་བཞིས་བཀོད་སྒྲིག་འོག བཞུགས་སྒར་དྷ་སའི་བོད་རིགས་སེར་སྐྱ་མང་ཚོགས་༤༠༠ལྷག་གིས་ལག་ཏུ་བོད་ཀྱི་རྒྱལ་ དར་དང་རྒྱ་རྒོལ་གྱི་སྦྱར་བྱང་ཐོགས་པ་དང༌། ཁ་ནས་༼སྲིད་དབང་སྒེར་གཅོད་མཚམས་འཇོག མང་གཙོ་དགོས༽། ༼ཆབ་སྲིད་བཙོན་མ་རྣམས་གློད་བཀྲོལ་གཏོང་དགོས༽། ༼ལོ་ངོ༦༠སྲིད་དབང་གཅིག་བསྡུས༽ཞེས་པའི་སྐད་འབོད་རྒྱག་བཞིན་རྒྱ་རྒོལ་གྱི་ ཁྲོམ་སྐོར་ལས་འགུལ་ཞིག་བཞུགས་སྒར་ཁུལ་དུ་སྤེལ་ཞིང་། ངོ་རྒོལ་བ་རྣམས་ཀྱིས་སྟོད་གོས་ནག་པོ་གྱོན་ནས་བོད་རྒྱའི་བཙན་དབང་འོག་ཚུད་དེ་ མི་ལོ་༦༠འཁོར་བའི་མུན་ནག་གི་ལོ་ཟླ་ལ་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།
བོད་ཀྱི་ཆ་འཕྲིན་དྲ་བ་ལས་དྲངས། |