Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
ས་རཱ་བོད་ཀྱི་མཐོ་སློབ་གཞོན་ནུའི་གོ་སྒྲིག་འོག་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་གསུམ་པ་ས་རཱ་མཐོ་སློབ་ཏུ་ཚུགས་པ།
ས་ རཱ་བོད་ཀྱི་མཐོ་སློབ་གཞོན་ནུའི་གོ་སྒྲིག་འོག་བོད་ཀྱི་རིག་གནས་བགྲོ་གླེང་ ཐེངས་གསུམ་པ་ས་རཱ་མཐོ་སློབ་ཏུ་ཚུགས་པ། ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༢༧ ཉིན་ རྡ་རམ་ས་ལའི་ཉེ་འགྲམ་ས་རཱ་མཐོ་སློབ་ཏུ་ས་རཱ་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག་ བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་ བརྩི་དང་འབྲེལ། མི་ལོ་སུམ་ཅུའི་ཤེས་ཡོན་འཐུས་ཤོར་ཕྱིན་པའི་རྒྱུ་རྐྱེན་འཚོལ་ཞིབ་དང༌། འབྱུང་ འགྱུར་ཤེས་ཡོན་ཡར་རྒྱས་ཇི་ལྟར་གཏོང་དགོས་སྐོར་གྱི་བགྲོ་གླེང་འདུ་འཛོམས་ཤིག་ ཉིན་བཞིའི་རིང་ས་རཱ་མཐོ་སློབ་ཏུ་ཚུགས་ཡོད་པ་དེར་བཙན་བྱོལ་བོད་མིའི་ཤེས་ཡོན་ སྡེ་ཚན་ཁག་བཅུ་ནས་སློབ་མ་མཉམ་ཞུགས་གནང་ཡོད། དེ་ཡང་ཉིན་དང་པོའི་་སྔ་དྲོ་ཆུ་ཚོད་ ༩ པར་མཛད་སྒོ་ཚུགས་ཡོད་པར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་ དབུས་སྤྱི་འཐུས་ཚོགས་གཙོ་མཆོག་དང༌། རིགས་སློབ་མ་ལག་གཉིས་ཀྱི་འགན་འཛིན་དགེ་བཤེས་དམ་ཆོས་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས། ས་ གནས་གཞོན་ནུའི་ཚོགས་གཙོ་སྟོབས་ལགས་དེ་བཞིན་དགེ་ལས་དང་གསར་འགོད་པ་རྣམས་ས་ རཱའི་ཚོགས་ཁང་དུ་འདུ་འཛོམས་ཀྱི་ཐོག་མར་ས་རཱ་གཞོན་ནུའི་ཚོགས་གཙོ་བློ་བཟང་ བཟོད་པ་ལགས་ནས་བགྲོ་གླེང་འདིའི་སྔ་ཕྱི་འབྱུང་རིམ་དང་ཚོགས་དགོས་པའི་དམིགས་ ཡུལ་དེ་བཞིན་དཔལ་འབྱོར་མཐུན་རྐྱེན་བསྐྲུན་མཁན་སོགས་ངོ་སྤྲོད་མདོར་བསྡུས་ ཤིག་གྲུབ་མཚམས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ནས་ས་རཱ་ མཐོ་སློབ་ཀྱི་སྐོར་ངོ་སྤྲོད་གནང་གསལ། མཐོ་ སློབ་འདི་བཞིན་དབུ་འཛུགས་གནང་སྐབས་ཞིང་གཤེགས་རྒན་བློ་བཟང་རྒྱ་མཚོ་ལགས་ནས་ སྐུ་ངལ་དུ་མ་ཞིག་བསྐྱོན་ནས་ད་ལྟའི་བཙན་བྱོལ་ནང་ན་གཞོན་རྣམས་ཀྱི་བོད་ཀྱི་ རིག་གནས་སྦྱོང་སའི་སྟེགས་བུ་ཞིག་ལ་གྱུར་ཡོད། དེ་ བཞིན་སྲི་ཞུ་བའི་ལས་བྱེད་རྣམ་པ་དང་སློབ་གྲྭ་ཁག་གི་དགེ་རྒན་སོགས་ལ་ཟབ་སྦྱོང་ སྤྲོད་ཡུལ་ལྟ་བུ་ཞིག་ཀྱང་ཆགས་ཡོད་སྐོར་གྱི་གསུང་བཤད་གྲུབ་རྗེས་དབུས་གཞོན་ ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་གསུང་བཤད་གནང་དོན། རིག་གནས་ནི་མི་རིགས་དང་རྒྱལ་ཁབ་ཀྱི་མཚོན་རྟགས་དང་དེ་བཞིན་ཡར་རྒྱས་དང་འཛུགས་ སྐྲུན་གྱི་བརྒྱུད་ལམ་ཉག་གཅིག་ཡིན་པ་མ་ཟད། བོད་ཀྱི་རིག་གནས་ནི་དེ་བས་ང་ཚོའི་བླ་སྲོག་དང་སྟོབས་ཤུགས་གལ་གནད་ཆེན་པོ་ཞིག་ ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང༌། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་དོན། ས་ རཱ་གཞོན་ནུའི་སློབ་ཕྲུག་རུ་ཁག་ནས་འགན་ཆེན་པོ་ཞིག་བླངས་ནས་བགྲོ་གླེང་འདི་ལྟ་ བུ་ཞིག་གོ་སྒྲིག་གནང་བར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་གི་ཡོད། མ་འོངས་པར་དེ་མཚུངས་ཀྱི་གང་མང་ཞིག་ཚོགས་རྒྱུར་གནད་འགག་ཆེན་པོ་རེད། ས་ རཱ་མཐོ་སློབ་ལ་ཆ་བཞག་ན་ཞིང་གཤེགས་རྒན་བློ་བཟང་རྒྱ་མཚོ་ལགས་ཀྱི་ཐུགས་རེ་གནང་ བ་བཞིན་སྒྲིག་འཛུགས་འདི་ཚུགས་པ་དང་ད་ལྟའི་ཆར་ཡང་གནད་དོན་གལ་ཆེན་དེ་རིགས་ ཀྱི་བགྲོ་གླེང་དེ་དག་ལའང་མཐུན་རྐྱེན་སྦྱར་རྒྱུ་ནི་སྔོན་མའི་ཞིང་གཤེགས་ཁོང་ གི་དགོངས་བཞེད་ཡོད་པ་ལྟར་གནང་ཐུབ་པ་དེ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་སོགས་ གསུང་བཤད་གནང༌། དེ་ནས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་གསུང་བཤད་གནང་དོན། ས་ རཱ་མཐོ་སློབ་གཞོན་ནུ་རུ་ཁག་ནས་མུ་མཐུད་དེ་བོད་ཀྱི་རིག་གནས་དང་འབྲེལ་བའི་ ཚོགས་འདུའི་བགྲོ་གླེང་གོ་སྒྲིག་གནང་བ་དེ་ཏན་ཏན་ཐུགས་ཕན་ཆེན་པོ་གསོ་གི་རེད་ བསམ་གྱི་ཡོད། ཕྱོགས་ གཅིག་ནས་བལྟས་ན་ཉིན་གཉིས་གསུམ་གྱི་ཚོགས་འདུའི་ནང་རྩོམ་ཡིག་ལྟ་བུ་ཀློག་སྟེ་ བགྲོ་གླེང་ལ་རྩོད་པ་ཆེན་པོ་བརྒྱབ་ནས་གྲོལ་འགྲོ་སྐབས་ལམ་སེང་གྲུབ་འབྲས་ཐོན་ རྒྱུ་མེད། གང་ལྟར་བགྲོ་གླེང་བྱེད་རྒྱུ་དེ་ནི་ཤེས་ཡོན་དང་རིག་གནས་ཡར་རྒྱས་འགྲོ་རྒྱུའི་ ཐབས་ལམ་གལ་ཆེན་ཞིག་ཡིན་པ་གནའ་སྔ་མོ་ནས་བརྩིས་ཀྱི་ཡོད། སྟོན་ པ་འཇིག་རྟེན་དུ་ཞལ་བཞུགས་སྐབས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ་ བ་དེ་ཚོའི་ནང་བལྟས་པ་ཡིན་ན་སངས་རྒྱས་རང་གི་ཞལ་ནས་གསུངས་པ་ཉུང་ཉུང་རེད། དཔེར་ན། ཤེས་རབ་སྙིང་པོ་ཀློག་པ་ཡིན་ན་དེ་རིང་པོ་ཞིག་ཀློག་རྒྱུ་ཡོད་ཀྱང་སངས་རྒྱས་ ཀྱི་ཞལ་ནས་གསུངས་པ་ནི་རིགས་ཀྱི་བུ་དེ་དེ་བཞིན་ནོ། རིགས་ཀྱི་བུ་དེ་དེ་བཞིན་ཏེ་ཇི་ལྟར་བསྟན་པ་བཞིན་དུ་ཞེས་པ་མ་གཏོགས་མེད་པ་རེད། དེའི་འཕྲོས་ཚང་མ་སྤྱན་རས་གཟིགས་དང་ཤཱ་རིའི་བུས་ཕན་ཚུན་བགྲོ་གླེང་གནང་བ་ཤ་ སྟག་རེད། བགྲོ་གླེང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ད་ལྟ་བར་རྒྱ་གར་དུ་ནང་པ་ལས་གཞན་པའི་ལྟ་གྲུབ་ མང་པོ་ཡོད་པ་རེད། དེ་དག་གིས་སྤྱི་མཐུན་གྱི་སྒོ་ནས་གལ་ཆེན་པོ་ཞིག་བརྩིས་ཀྱི་ཡོད་པ་ནི་ཡང་དག་ བསྡུ་བ་ཞེས་པ་དེ་རེད། དེ་ནི་རུབ་རུབ་བྱས་ནས་ཁ་མ་གྲགས་པར་སྡོད་ཟེར་གྱི་མེད། རུབ་རུབ་བྱས་ཏེ་བགྲོ་གླེང་བྱས་པའི་ཐོག་ནས་ཤེས་ཡོན་ཡར་རྒྱས་འགྲོ་གི་རེད་ཅེས་ བགྲོ་གླེང་གལ་ཆེན་བརྩིས་ཀྱི་ཡོད། དེར་ བརྟེན་ཁྱེད་རང་ཚོ་འདས་པའི་བགྲོ་གླེང་གཉིས་པོ་དེས་ཀྱང་བགྲོ་གླེང་ནང་ལ་ཆ་ཤས་ ལེན་མཁན་ཙམ་མ་ཡིན་པར་བོད་རིགས་ན་གཞོན་མང་པོ་ཞིག་ལ་དངོས་ཤུགས་བརྒྱུད་གསུམ་ ནས་ཕན་ཐོགས་བྱུང་ཡོད་པ་རེད། ད་རེས་ཀྱི་བགྲོ་གླེང་འདིའི་ཐོག་ནས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་བརྗོད་མི་ དགོས་པ་རེད། དེར་བརྟེན་གོ་སྒྲིག་གནང་མཁན་དང༌། ལྷག་པར་ཉམས་ཞིབ་གནང་ནས་ཆ་ཤས་ལེན་མཁན་ཡོངས་ལ་བསྔགས་བརྗོད་ཞུ་གི་ཡོད། བགྲོ་ གླེང་ནང་ཤ་ཆས་ལེན་ཐུབ་པ་ཙམ་མ་ཡིན་པར་འདིའི་ནང་བྱུང་བའི་གྲུབ་འབྲས་དེ་དག་ བོད་རིགས་ན་གཞོན་སྤྱི་ཡོངས་ནས་བེད་སྤྱོད་བྱེད་ཐུབ་རྒྱུ་ཞིག་དང་དེ་ལ་བརྟེན་ ནས་བོད་ཀྱི་རིག་གནས་དང་ལེགས་བྱང་ཤེས་ཡོན་གོང་འཕེལ་འགྲོ་རྒྱུར་ཕན་པ་ཞིག་ག་ རེ་གནང་དགོས་ཀྱི་ཡོད་པ་ནི་བགྲོ་གླེང་གི་སྐབས་དང་མཇུག་ལ་བསམ་བློ་གཏོང་དགོས་ པ་གལ་ཆེན་པོ་ཞིག་རེད། ཅེས་ སོགས་ཀྱི་གསུང་བཤད་གནང་རྗེས་ས་རཱ་གཞོན་ནུའི་སྐུ་ཚབ་ཆོས་སྒྲོན་ལགས་ནས་ཐུགས་ རྗེ་ཞུ་ཆེ་ཞུའི་གཏམ་བཤད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་ལས་དྲངས།