འུ་ ཚོས་གནའ་སྔ་མོའི་དུས་ནས་ཁ་མཚར་རམ་རྩེད་མོའི་ཚུལ་གྱིས་རོང་འབྲོག་གཉིས་ཞེས་ཁ་ ཁར་འགར་གྱིན་འདུག་ལ་ད་དུང་ལ་ལ་ཞིག་གིས་རོང་འབྲོག་བརྩད་དེ་འཁོན་འཛིང་ཡང་བྱས་ དང་བྱེད་མུས་སུ་མཆིས། དེ་ནི་དགོས་མཁོ་མེད་པའི་རྩོད་གཞི་ལྷག་མ་ཞིག་ལས་མི་འདུག ཕྱོགས་གཞན་ཞིག་ནས་བཤད་ན་འཚོ་བ་རོལ་སྟངས་མི་འདྲ་བ་ལས་དོན་གྱིས་དེད་ན་ཨ་མ་ ཞིག་ལ་བུ་གཉིས་ཡོད་པ་དེ་གཅིག་འབྲོག་ལས་བྱེད་དུ་བཅུག་པ་དང་གཅིག་ཤོས་ལ་རོང་ ལས་སམ་ཞིང་རྨོ་རུ་བཅུག་སྟེ་ཁ་ཁར་སོང་བ་ཞིག་ཡིན་པ་ལས་འུ་ཚོ་མ་གཞི་ནས་ཁྱིམ་ གཞི་གཅིག་གི་སྤུན་མཆེད་གཅིག་མཚུངས་ཡིན་པ་རེད། དེའི་ཕྱིར་འུ་ཚོར་ཕྱི་ནང་ཟེར་བ་ཞིག་གམ་རོང་འབྲོག་ཟེར་བ་ཞིག་ཡང་ན་ཁྱོད་དང་ང་ ཞེས་པའི་རང་མགོ་རྡུང་བྱེད་ཀྱི་ཐོ་བ་ཆེན་པོ་དེ་དགོས་མཁོ་གཏན་ནས་མི་འདུག འུ་ཚོས་མཐུན་སྒྲིལ་གྱི་སྟོབས་ཤུགས་མཉམ་དུ་བསྐྱེད་དེ་མདུན་ཕྱོགས་སུ་བལྟ་ དགོས་ཀྱི་འདུག དེ་ནི་འུ་ཚོ་གཞོན་ནུ་དག་གིས་འཁུར་དགོས་པའི་ལས་འགན་ལྕི་མོ་ཞིག་ཀྱང་རེད། དེང་ དུས་བོད་ཀྱི་འབྲོག་ཕྱོགས་ས་ཁུལ་དག་ཏུ་འབྲོག་པ་དག་གི་འཚོ་བར་འགྱུར་ལྡོག་ གཏོང་དགོས་པའི་ཡིག་ཆ་ཞིག་ཐོན་འདུག་ཅེས་འབྲོག་པ་མང་ཚོགས་ཚོ་གྲོང་ཁྱེར་དུ་ཕབ་ དང་འབེབས་བཞིན་འདུག དེ་ནི་འབྲོག་པ་མང་ཚོགས་ཚོར་བཙན་གཡེམ་ཐེངས་ཤིག་བྱས་པ་དང་གཉིས་སུ་མ་མཆིས། འབྲོག་པ་མང་ཚོགས་ཚོས་ཇི་ལྟར་ཨུ་ཚུགས་བྱས་ཀྱང་དེ་ནི་གོང་རིམ་གྱི་བཀའ་ཡིན་པས་ ལྡོག་ཐབས་གཏན་ནས་མེད་ཅེས་བཙན་གཏམ་དང་བཅས་གཉའ་རུ་མི་འདོད་པའི་འཚོ་བ་རོལ་ སྟངས་གཞན་ཞིག་འཇོག་གིན་འདུག འདི་ལྟ་བུའི་སྲིད་ཇུས་ནི་མི་རིགས་གྲངས་ཉུང་དག་ལ་དམིགས་བསལ་གྱིས་ལག་བསྟར་ བྱས་ པའི་སྲིད་ཇུས་ཡང་དག་པ་དེ་ཡིན་ནམ། ཡང་ན་རང་སྐྱོང་རྫོང་དང་རང་སྐྱོང་ཁུལ་སོགས་ལ་དམིགས་སུ་བཀར་ཏེ་བཏོན་པའི་ཐུན་ མིན་གྱི་སྲིད་ཇུས་དེ་ཡིན་ནམ། “འཚོ་བ་མུ་མཐུད་ནས་ལེགས་བཅོས་བྱེད་པའི་མི་རྣམས་ལ་ད་དུང་སྔར་ལས་ལྷག་པའི་གོ་ སྐབས་ཐོབ་སྲིད”ཅེས་པའི་སྲིད་གཞུང་གིས་བསྒྲགས་པའི་སྐད་ཆ་འདི་ནི་ངེད་ཚོའི་ འཚོ་བར་བཙམ་གཡེམ་བྱེད་པའི་ཐབས་འདི་འདྲ་ཞིག་ལ་གོ་བ་ལེན་ཆོག་གམ། བོད་མི་དམངས་ཀྱིས་རྒྱལ་ཁབ་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་ཡོང་བའི་རེ་བ་ བཅངས་ཡོད། འོན་ཀྱང་འདི་ལྟ་བུ་མུ་མཐུད་དུ་བྱས་ན་མང་ཚོགས་ཚོའི་སེམས་སུ་བཟོས་དང་བཟོ་ བཞིན་པའི་རྨ་ཁ་ནི་ཉིན་རེ་ནས་ཉིན་རེར་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་འདུག་པ་ནི་ རོང་ འབྲོག་མང་ཚོགས་ཚོས་བཤད་པའི་སྐད་ཆར་བརྟག་ན་གསལ་བོ་མཚོན་ནུས་སོ།། རང་ ལ་ མཚོན་ན་སྙན་ངག་ཅེས་པའི་མིང་ཚིག་ཆེན་པོ་ཞིག་ལ་འཇུས་ཏེ་ད་བར་དུ་ཡོང་ཡང་སྙན་ ངག་ཅེས་པ་སྐྱག་པ་གཏོང་ཞོར་དང་རྩམ་པ་ཟ་ཞོར་དུ་འབྲི་ཆོག་པ་ཞིག་མིན་པར་མ་ཟད་ དེ་ནི་ཇི་ལྟར་གཟབ་ནན་བྱས་ན་དེ་ལྟར་འབྲི་མི་ཤེས་པའི་སྣང་བ་ཞིག་སྐྱེས་ཡོང་གི་ འདུག དེ་ནི་འུ་ཚོ་བོད་པ་དག་གིས་འདོད་པའི་ཆེས་ལས་སླ་མོ་ཞིག་རེད་ཟེར་བ་ནི་སྙན་ངག་ དང་དེའི་སྒྱུ་རྩལ་བཀོལ་ཐབས་སོགས་ལ་ཁྱོན་ནས་གོ་བ་ལོན་མེད་པའི་གླེན་རྟགས་ཤིག་ རེད་འདོད།། འོན་ཀྱང་སྙིང་ཉེ་བའི་ཡུལ་མི་དག་གི་ཆེད་དུ་རང་ལུས་འདོམ་པ་གང་བོ་འབུལ་དགོས་ ཀྱང་འགྱོད་སྣང་ཏོག་ཙམ་ཡང་མི་འདུག དེ་ནི་འུ་ཚོ་སྐྱེ་སའི་ཐང་སྨུག་གི་སྦྲ་ནག་དེ་ལ་དགའ་དྲགས་པས་སམ་སྐྱ་ཟད་སྔོ་ སྡུག་གི་ཡུལ་མི་ཚོའི་འཚོ་བའི་ཁ་དོག་གཉོམ་དྲགས་པས་ཀྱང་ཡིན་སྲིད། གང་ལྟར་ང་རང་གིས་རྩོམ་འབྲིའི་ཁ་གཏོད་ས་གཙོ་བོ་ནི་མང་ཚོགས་ཉམ་ཆུང་བ་དག་གི་ ཆེད་དུ་མགྲིན་པ་གཟེངས་སུ་བཏེགས་ཏེ་བརྗོད་འདོད་པ་དག་མུ་མཐུད་དུ་བརྗོད་ན་ འདོད་པ་དེའོ།། ༢ ད་ལོའི་ལོ་མགོ་ནས་བཟུང་ རྨ་ཆུའི་ཡུལ་གྱི་ཡུལ་ཚོ་སོ་སོ་རུ་སྒོ་ཕྱུགས་དག་འཚོ་སྐྱོང་བྱེད་པའི་ཐད་དུ་ བཀག་འགོག་གམ་ཚོད་འཛིན་བྱེད་ཀྱི་འདུག དེ་ནི་ཉིན་མ་ཡུལ་ཚོ་དང་དངུལ་རྭ་གཉིས་ལུག་འཚོ་སྐྱོང་མཁན་ལ་གཏན་འཁེལ་བྱས་པ་ དང༌། རྨ་ཁུག་རྟ་ར་ནི་རྟ་འཚོ་སྐྱོང་བྱེད་མཁན་དང༌། གཞན་པའི་ཡུལ་ཚོ་སྨད་མ། དབལ་བན་ཚང༌། མུར་བྱེ། ཆུ་ཁ་མ། མཚེ་རུ་མ་སོགས་ནོར་འཚོ་སྐྱོང་བྱེད་པ་མ་གཏོགས་གཞན་པའི་སྒོ་ཕྱུགས་འཚོ་སྐྱོང་ བྱེད་མི་ཆོག་པའི་བཀའ་རི་རབ་འདྲ་བ་ཞིག་འབེབས་ཀྱིན་འདུག དེ་ནི་སྔོན་ཆད་ཀྱི་བཤད་རྒྱུན་ཅིག་གི་རྗེས་སུ་བརྒྱུགས་ཏེ་ལག་ལེན་དུ་བསྟར་ པའི་ བྱེད་ཐབས་ཤིག་ཡིན་པར་སྲིད། སྔོན་ཆད་རྒད་པོ་རྒན་མོ་དག་གིས་དངུལ་རྭའི་ལུག་དང་དབལ་བན་ཚང་གི་ཟོག རྨ་ཁུག་རྟ་རྭའི་རྟ་མཆོག་སོགས་ཀྱི་བཤད་རྒྱུན་ཡ་མཚར་པོ་དག་གིས་གཡོ་འོག་ཏུ་ ཚུད་པའི་ཐབས་ཇུས་ངན་པ་ཞིགརེད། སྔོན་ཆད་དང་ད་ལྟ་བསྡུར་བ་ནི་དཔོན་ངན་གླེན་པ་དག་གིས་བྱེད་སྲོལ་ཞིག་ལས་ད་ ལྟའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ཏེ་བལྟས་ན། དེ་ནི་དགོད་བྲོ་བ་ཞིག་ལས་ཅི་ཞིག་འདུག སྔོན་ཆད་ཡིན་ན་ལུག་ལ་རྩྭ་ས་གང་འཕྲོད་ན་དེར་སོང་ནས་གནས་གཞི་བཟུང་ཆོག་ལ། ནོར་གནག་ལའང་དེ་དང་འདྲ་བར་རྩྭ་ཆུ་གང་བདེ་དང་གང་འཕྲོད་ས་དེར་སོང་ཆོག་པ་ཞིག་ རེད། འོན་ཀྱང་ད་ལྟ་ས་ལག་མཐིལ་འདྲ་བ་ཞིག་མ་གཏོགས་མེད་པར་ཡོད་ཚད་ལྕགས་ར་བསྐོར་བས་ ཁྱིམ་ཚང་འདི་བ་ཚང་ལ་དེ་འགྲིག་པར་ཆ་བཞག་ན་ཁྱིམ་ཚང་དེ་བ་ཚང་ལ་དེ་འགྲིག་པའི་ ངེས་པ་གཏན་ནས་མེད་དོ།། གལ་སྲིད་དེ་ནི་གོང་རིམ་གྱིས་ཐག་བཅད་པ་ཞིག་ཡིན་ན་ དེ་ནི་འུ་ཚོའི་འཚོ་བའི་གནས་སྟངས་ལ་ཁྱོན་ནས་བསམ་བློ་མ་བཏང་བའི་བྱེད་ཐབས་ཆེས་ གདུག་རྩུབ་ཅན་ཞིག་ཡིན་པ་ལས་འབྲོག་པའི་འཚོ་བ་འཕེལ་རྒྱས་འགྲོ་བར་དེས་ཕན་ཅི་ ཡང་མི་ཐོག་པ་མངོན་སུམ་གྱིས་གྲུབ་འདུག གལ་སྲིད་དེ་ནི་རྫོང་རིམ་པ་དང་ཁུལ་རིམ་པས་ཐག་བཅད་པ་ཞིག་ཡིན་ན་དེ་ནི་མི་རིགས་ ཀྱི་འཚོ་བའི་ཡོང་འབབ་ཤེས་བཞིན་དུ་འཚོ་བར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ཞིག་ གམ། མི་རིགས་གྲངས་ཉུང་ཞིག་གི་འཚོ་བར་དྲག་པོའི་དཔུང་དམག་དྲངས་ཏེ་བཙན་གནོན་བྱེད་ ཀྱི་ཡོད་པ་ལས་ཀྱང་སྡུག་པའི་བྱེད་ཐབས་མ་རུང་བ་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་མི་རིགས་ཤིག་གི་འཚོ་བའི་བཅུད་དམ་གོམས་གཤིས་ ཀྱི་སྙིང་བཅུད་བཟུང་བའི་འབྲོག་པ་ཚོའི་འཚོ་བར་བསྒྱུར་བཅོས་བྱས་པ་དེ་མི་རིགས་ ཤིག་ཉམས་རྒུད་དུ་གཏོང་བྱེད་ཀྱི་དམིགས་བྱ་ཞིག་ཀྱང་ཡིན་པ་ཐག་ཆོད་རེད། དེ་ནི་གདོང་འཛུམ་གྱིས་ཁེངས་བཞིན་དུ་ལག་པར་སྐྱག་པ་ཞིག་བཞག་པ་དང་གཉིས་སུ་མ་ མཆིས། རོང་འབྲོག་མང་ཚོགས་ཚོས་འུ་ཚོའི་འཚོ་བའི་གོམས་གཤིས་བཟུང་ཡོད་ལ་མི་ རིགས་ཀྱི་སྲོལ་རྒྱུན་བཟང་པོ་དག་ཀྱང་སྲུང་སྐྱོབ་བྱས་ཡོད། ད་དུང་དམངས་ཁྲོད་རིག་གནས་ཏེ་གླུ་དང་ལ་གཞས། ཞབས་བྲོ་དང་གནའ་གཏམ། རྒན་བཀུར་གཞོན་གཅེས་ཀྱི་བསམ་བློ། དྲིན་ཅན་ལ་དྲིན་དུ་བཟོ་བའི་བསམ་བློ། ཁེད་དང་གཏམ་དཔེ་སོགས་མང་པོ་ད་བར་དུ་རྒྱུན་འཛིན་བྱས་ཏེ་ཡོང་བ་རེད། གལ་སྲིད་ཁོང་ཚོའི་འཚོ་བ་གློ་བུར་དུ
"
གྲོང་ཁྱེར་གྱི་འབྲོག་སྡེ་གསར་བ
"
ཞེས་པར་ བསྒྱུར་པ་ཡིན་ན་ཉིན་དེ་ནས་བཟུང་འུ་ཚོའི་མང་པོ་ཞིག་འབོར་སྲིད་པ་ཆོས་ཉིད་དུ་ གྲུབ་འདུག ༣ བདག་གིས་གོ་ཐོས་ལྟར་ན་ རྒྱལ་ཁབ་རིམ་པས་འབྲོག་པའི་འཚོ་བ་འདི་འགྱུར་ལྡོག་ཡོང་བའི་ཆེད་དུ་སྒོར་ཁྲི་ བརྒྱ་ཡི་མ་དངུལ་བཏང་འདུག་ཟེར། འོན་ཀྱང་ད་ལྟ་བཤད་པ་ལྟར་ན་སྒོར་ཁྲི་བདུན་ཅུ་ཡས་མས་ལས་མི་འདུག་ཟེར། དོན་གྱིས་རྒྱལ་ཁབ་ཀྱིས་འདིའི་ཐད་དུ་རོགས་སྐྱོར་མ་དངུལ་ག་ཚོད་ཙམ་ཞིག་བཏང་ ཡོད་མེད་དེ་སུ་ཞིག་གིས་ཀྱང་ཁ་ཚོན་གཅོད་པར་མི་ནུས། དེ་ནི་བདེན་པར་བཤད་ན་རང་ཉིད་ཀྱི་ས་གནས་རྫོང་རིམ་པའི་མགོ་ཁྲིད་ཚོར་ཟ་རྒྱུ་ ཞིག་དགོས་པ་མ་ཟད་ད་དུང་དེ་ཚོའི་ལག་ཏུ་མ་འབྱོར་གོང་དུ་ཁུལ་རིམ་པའི་མགོ་ཁྲིད་ ཚོས་ལོ་གཅིག་གི་ཡོང་འབབས་ཀྱང་འདི་འདྲ་བའི་སྟེང་དུ་འཚོལ་གྱི་ཡོད་པ་རེད། དོན་གྱིས་དེད་དེ་སོང་ན་འབྲོག་པ་མང་ཚོགས་ཚོའི་ལག་ཏུ་འབྱོར་དུས་སྒོར་མོ་ག་ ཚོད་ཙམ་ཞིག་ལྷག་རྒྱུ་རེད་དམ། དེ་ནི་རང་ཉིད་ཀྱི་ས་གནས་མགོ་ཁྲིད་ཚོའི་སྟེང་དུ་ལྷག་པའི་གནད་དོན་ཞིག་ཀྱང་མ་ རེད་དམ། མང་ཚོགས་ཉམ་ཆུང་བ་ཚོ་སྙིང་རྗེའི་ཡུལ་དུ་གྱུར་ཀྱང་དེ་ཚོར་སྙིང་རྗེ་སྒོམ་མཁན་ གྱི་མགོ་ཁྲིད་ག་ཚོད་ཙམ་ཞིག་འདུག ཐ་ན་ཁ་ཟས་ཞིམ་པོ་ཞིག་ཀྱང་ཟ་རྒྱུ་མེད་ཅེས་ལབ་ན་རྫུན་དུ་འགྲོ་ཡང་རོང་འབྲོག་ མང་ཚོགས་ཚོའི་འཚོ་བའི་ནང་དུ་ཟབ་ཞུགས་བྱས་ཚེ་དོན་དངོས་ཀྱི་འཚོ་བ་སྐྱོ་བོ་ ཡིན་པའི་ཁྱིམ་ཚང་ནི་བགྲང་ལས་འདས་པ་ཞིག་རྙེད་རྒྱུ་ཡོད་པ་དངོས་ཡོད་ལག་ཟིན་ གྱི་དོན་དག་ཅིག་རེད། ༢༠༠༩ལོའི་ཟླ་༦པའི་༢༦དགོང་མོར་རང་ཤག་ཏུ་སྦྱར་བ། འབྲོག་པ་ཞེས་པ་ནི་བོད་མི་ཀུན་ལ་ཧ་ཅང་ཆ་རྒྱུས་ལྡན་པའི་ཐ་སྙད་ཅིག་རེད། ལོ་འདི་དག་རིང་འབྲོག་པ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་དང་འགྱུར་བཞིན་འདུག དེ་ནི་རང་ཉིད་གཏོགས་པའི་མི་རིགས་འདི་འཇིག་ཉེན་གྱི་གཡང་སར་ལྷུང་བའི་སྔོན་ བརྡ་ཞིག་རེད་ཅེས་ལབ་ཆོག་པར་འདོད། ༢ བདག་གི་ཤ་གསེང་རུས་གསེང་དུ་འཐིམ་པའི་འབྲོག་པ་ནི་བདག་དང་བདག་ལྟ་བུའི་ཚེ་ སྲོག་གི་གཏིང་ཟབ་ས་ཞིག་ཏུ་བཙུད་ཡོད་ཕྱིར་དེའི་མ་འོངས་པའི་དར་རྒུད་ཕྱོགས་སུ་ མནོ་བསམ་རེ་མི་གཏོང་ཁ་མེད་དུ་གྱུར་སོང་བ་འདྲ། རླུང་འཚུབ་འུར་འུར་ཁྲོད་འཛད་བཞིན་པའི་འབྲོག་པ་མཐོང་ཐེངས་རེ་རེར་ནམ་ཡང་བདག་ གི་སེམས་སུ་ན་ཟུག་ཅིག་སྐྱེས་འོང་གི་འདུག ན་ཟུག་དེའི་རྒྱབ་ཏུ་ཡིབ་པའི་གསང་བ་དག་ཁྱོད་དང་ང་ཡི་ཚེ་སྲོག་ལ་སྦར་བྲད་བྱེད་ བཞིན་པའི་ལས་ཤིག་ཏུ་འདོད་དོ། ཀྭ་ཡེ་གྲོགས་པོ་ལགས། ༣ རྩྭ་ཆུ་འཛོམས་ས་ཞིག་ཏུ་ལྷིང་འཇགས་ཀྱི་འཚོ་བ་ཞིག་གཉེར་བཞིན་པའི་འབྲོག་པ་མང་ ཚོགས་དག་ལ་མཚོན་ན་གྲོང་ཁྱེར་ནི་ཁོང་ཚོའི་སེམས་ཀྱི་དག་ཞིང་དེ་ཡིན་མི་སྲིད་ལ་ འཆི་ཁའི་དུར་ས་དེའང་ཡིན་མི་སྲིད། ཁོང་ཚོར་གྲོང་ཁྱེར་གྱིས་བཙན་གཡེམ་ཇི་ལྟར་ཛ་དྲགས་ཆེ་ནའང་རང་ཉིད་ཚོར་དབང་བའི་ སྒོ་ཕྱུགས་དག་ཁོང་ཚོའི་འཚོ་བ་རྟེན་ས་ཉག་གཅིག་ཏུ་གྲུབ། སྒོ་ཕྱུགས་བརླགས་སོང་བའི་འབྲོག་པ་མང་ཚོགས་དག་ལ་མཚོན་ན་རང་ཉིད་ཀྱི་ཕུགས་བསམ་ བོར་བའི་ཤེས་ལྡན་མི་སྣ་ཞིག་དང་འདྲ་ལ། དེའི་ཤུལ་གྱི་ཡིད་གདུང་དང་དབུགས་རིང་གྲངས་མེད་ཁོང་ཚོས་རང་ཉིད་ལ་འཕང་བའི་ འདྲི་གཞི་ག་གེ་མོ་དག་ཀྱང་ཡིན་སྲིད། ༤ ལོ་འདི་དག་རིང་རྩྭ་ས་སྲུང་སྐྱོབ་ཅེས་པར་ཁ་གཡར་ཏེ་འབྲོག་པ་མང་དག་ཅིག་གྲོང་ ཁྱེར་དུ་ཕབ་དང་འབེབས་བཞིན་པ་འདི་ནི་འབྲོག་པ་མང་ཚོགས་ཚོའི་ལས་དབང་ལ་བཙན་ གྱིས་སྒྱུར་བཅོས་ཐེངས་ཤིག་པ་དང་ཅི་ཁྱད། གལ་སྲིད་བུ་མོར་བཙན་གཡེམ་བྱེད་པ་དེ་ཁྲིམས་འགལ་ཞིག་ཏུ་བརྩི་ཆོག་ན་འབྲོག་པ་ མང་ཚོགས་ཚོའི་སེམས་སུ་བཙན་གཡེམ་བྱེད་པ་དེ་ཅིའི་ཕྱིར་བཙན་གཡེམ་ཞིག་ཏུ་བརྩི་ མི་ཆོག ༥ ས་ཆུ་མེ་རླུང་གི་འཇིག་པ་འབྱུང་བཞིན་པ་དེ་འབྲོག་པ་མང་ཚོགས་ཚོས་འཚོ་སྐྱོང་ བྱེད་བཞིན་པའི་སྒོ་ཕྱུགས་དེ་ཚོ་མིན་པར་ས་གནས་སོ་སོར་ས་བརྐོས་རྡོ་སྔོག་བྱེད་ པའི་སྦྱོར་བ་དེ་ལན་པ་ལས་གཞན་སུ་ཞིག་ལ་ཁག་དཀྲི་ས་གཏན་ནས་མེད། དེ་ནི་ཁ་ཉེས་ཁ་གཡོག་གི་ཞྭ་མོ་ཞིག་བཙན་གྱིས་མགོར་བསྐོན་པ་ཞིག་མ་རེད་དམ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་རྩྭ་སའི་བདེ་འཇགས་ལ་སྲུང་སྐྱོབ་ཅེས་པ་ ནི་ཁ་གཡང་ཙམ་ལས་དོན་གྱིས་ས་གནས་སོ་སོའི་མགོ་ཁྲིད་དག་གིས་མང་ཚོགས་ཚོའི་འཚོ་ བར་ཆ་རྒྱུས་ལོན་མེད་པའི་གླེན་བཤད་རྐྱང་རྐྱང་ལས་ཅི་ཞིག་ཡོད། དེང་གི་མགོ་ཁྲིད་ཁོག་སྟོང་ཚོའི་རྒྱས་ཟ་རྒྱས་འདུག་གི་འཚོ་བ་དེ་མང་ཚོགས་ཚོའི་ ཆེད་དུ་རེད་དམ་ཡང་ན་རྒྱལ་ཁབ་ཀྱི་དོན་དུ་རེད། ༦ ཡང་གཅིག་བཤད་ན་རིག་གནས་ལ་ཆ་རྒྱུས་མེད་པའི་འབྲོག་པ་མང་ཚོགས་ཚོས་གྲོང་ཁྱེར་ གྱི་འཚོ་བ་ཇི་ལྟར་སྐྱོང་རྒྱུ་རེད། ཁོང་ཚོའི་ཁ་རྒྱབ་ལ་སུ་ཞིག་གི་བདག་པོ་རྒྱག་རྒྱུ་རེད། རྫོང་རིམ་པ་དང་ཞང་རིམ་པས་སྤྲད་པའི་ཕྱེ་ཁུག་གང་དོ་དེས་ཉིན་དུ་ཙམ་ཞིག་གི་ཁ་ ཟས་བྱེད་ཐུབ་བམ། ཕྱེ་ཁུག་གཅིག་གཉིས་ཙམ་ཞིག་སྤྲད་པ་དེར་རོགས་རམ་ཟེར་མཁན་གྱི་མི་དེ་ཚོ་གླེན་པ་ རང་རེད་འདོད་དོ།། མི་རབས་ནས་མི་རབས་ཚེ་རབས་ནས་ཚེ་རབས་བར་ཁ་གདང་ས་ཞིག་དང་ལག་སྲིང་ས་བྱེད་ཆོག་ པ་སུ་ཞིག་ཡོད། ༧ ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་འདི་ཇི་ལྟར་ཐོགས། ད་ལྟ་ང་རང་ཐེ་ཚོམ་སྐྱེ་གི་འདུག ངལ་རྩོལ་ལ་མི་དགའ་བའི་འབྲོག་པ་འདི་ཚོས་གྲོང་ཁྱེར་ནས་འཚོ་བ་ཇི་ལྟར་རོལ། ཚོང་ལས་གཉེར་མི་ཤེས་པའི་འབྲོག་པ་འདི་ཚོས་ཁ་རྒྱབ་ཕྱོགས་སུ་སྦྱོར་བ་ཇི་ལྟར་ རྩོམ། ཤེས་རིག་གིས་དབེན་པའི་མང་ཚོགས་འདི་ཚོས་ཁྱ་ཁྱ་ཟང་ཟིང་གི་གྲོང་ཁྱེར་གྱི་ལོངས་ སྤྱོད་ལ་མིག་གིས་ཇི་ལྟར་ལྟ། ཕྱི་ལོ2008ཟླ2ཚེས13ཉིན་རང་ཤག་ཏུ་སྦྱར།
རང་ ལ་ མཚོན་ན་སྙན་ངག་ཅེས་པའི་མིང་ཚིག་ཆེན་པོ་ཞིག་ལ་འཇུས་ཏེ་ད་བར་དུ་ཡོང་ཡང་སྙན་ ངག་ཅེས་པ་སྐྱག་པ་གཏོང་ཞོར་དང་རྩམ་པ་ཟ་ཞོར་དུ་འབྲི་ཆོག་པ་ཞིག་མིན་པར་མ་ཟད་ དེ་ནི་ཇི་ལྟར་གཟབ་ནན་བྱས་ན་དེ་ལྟར་འབྲི་མི་ཤེས་པའི་སྣང་བ་ཞིག་སྐྱེས་ཡོང་གི་ འདུག དེ་ནི་འུ་ཚོ་བོད་པ་དག་གིས་འདོད་པའི་ཆེས་ལས་སླ་མོ་ཞིག་རེད་ཟེར་བ་ནི་སྙན་ངག་ དང་དེའི་སྒྱུ་རྩལ་བཀོལ་ཐབས་སོགས་ལ་ཁྱོན་ནས་གོ་བ་ལོན་མེད་པའི་གླེན་རྟགས་ཤིག་ རེད་འདོད།། འོན་ཀྱང་སྙིང་ཉེ་བའི་ཡུལ་མི་དག་གི་ཆེད་དུ་རང་ལུས་འདོམ་པ་གང་བོ་འབུལ་དགོས་ ཀྱང་འགྱོད་སྣང་ཏོག་ཙམ་ཡང་མི་འདུག དེ་ནི་འུ་ཚོ་སྐྱེ་སའི་ཐང་སྨུག་གི་སྦྲ་ནག་དེ་ལ་དགའ་དྲགས་པས་སམ་སྐྱ་ཟད་སྔོ་ སྡུག་གི་ཡུལ་མི་ཚོའི་འཚོ་བའི་ཁ་དོག་གཉོམ་དྲགས་པས་ཀྱང་ཡིན་སྲིད། གང་ལྟར་ང་རང་གིས་རྩོམ་འབྲིའི་ཁ་གཏོད་ས་གཙོ་བོ་ནི་མང་ཚོགས་ཉམ་ཆུང་བ་དག་གི་ ཆེད་དུ་མགྲིན་པ་གཟེངས་སུ་བཏེགས་ཏེ་བརྗོད་འདོད་པ་དག་མུ་མཐུད་དུ་བརྗོད་ན་ འདོད་པ་དེའོ།། ༢ ད་ལོའི་ལོ་མགོ་ནས་བཟུང་ རྨ་ཆུའི་ཡུལ་གྱི་ཡུལ་ཚོ་སོ་སོ་རུ་སྒོ་ཕྱུགས་དག་འཚོ་སྐྱོང་བྱེད་པའི་ཐད་དུ་ བཀག་འགོག་གམ་ཚོད་འཛིན་བྱེད་ཀྱི་འདུག དེ་ནི་ཉིན་མ་ཡུལ་ཚོ་དང་དངུལ་རྭ་གཉིས་ལུག་འཚོ་སྐྱོང་མཁན་ལ་གཏན་འཁེལ་བྱས་པ་ དང༌། རྨ་ཁུག་རྟ་ར་ནི་རྟ་འཚོ་སྐྱོང་བྱེད་མཁན་དང༌། གཞན་པའི་ཡུལ་ཚོ་སྨད་མ། དབལ་བན་ཚང༌། མུར་བྱེ། ཆུ་ཁ་མ། མཚེ་རུ་མ་སོགས་ནོར་འཚོ་སྐྱོང་བྱེད་པ་མ་གཏོགས་གཞན་པའི་སྒོ་ཕྱུགས་འཚོ་སྐྱོང་ བྱེད་མི་ཆོག་པའི་བཀའ་རི་རབ་འདྲ་བ་ཞིག་འབེབས་ཀྱིན་འདུག དེ་ནི་སྔོན་ཆད་ཀྱི་བཤད་རྒྱུན་ཅིག་གི་རྗེས་སུ་བརྒྱུགས་ཏེ་ལག་ལེན་དུ་བསྟར་ པའི་ བྱེད་ཐབས་ཤིག་ཡིན་པར་སྲིད། སྔོན་ཆད་རྒད་པོ་རྒན་མོ་དག་གིས་དངུལ་རྭའི་ལུག་དང་དབལ་བན་ཚང་གི་ཟོག རྨ་ཁུག་རྟ་རྭའི་རྟ་མཆོག་སོགས་ཀྱི་བཤད་རྒྱུན་ཡ་མཚར་པོ་དག་གིས་གཡོ་འོག་ཏུ་ ཚུད་པའི་ཐབས་ཇུས་ངན་པ་ཞིགརེད། སྔོན་ཆད་དང་ད་ལྟ་བསྡུར་བ་ནི་དཔོན་ངན་གླེན་པ་དག་གིས་བྱེད་སྲོལ་ཞིག་ལས་ད་ ལྟའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ཏེ་བལྟས་ན། དེ་ནི་དགོད་བྲོ་བ་ཞིག་ལས་ཅི་ཞིག་འདུག སྔོན་ཆད་ཡིན་ན་ལུག་ལ་རྩྭ་ས་གང་འཕྲོད་ན་དེར་སོང་ནས་གནས་གཞི་བཟུང་ཆོག་ལ། ནོར་གནག་ལའང་དེ་དང་འདྲ་བར་རྩྭ་ཆུ་གང་བདེ་དང་གང་འཕྲོད་ས་དེར་སོང་ཆོག་པ་ཞིག་ རེད། འོན་ཀྱང་ད་ལྟ་ས་ལག་མཐིལ་འདྲ་བ་ཞིག་མ་གཏོགས་མེད་པར་ཡོད་ཚད་ལྕགས་ར་བསྐོར་བས་ ཁྱིམ་ཚང་འདི་བ་ཚང་ལ་དེ་འགྲིག་པར་ཆ་བཞག་ན་ཁྱིམ་ཚང་དེ་བ་ཚང་ལ་དེ་འགྲིག་པའི་ ངེས་པ་གཏན་ནས་མེད་དོ།། གལ་སྲིད་དེ་ནི་གོང་རིམ་གྱིས་ཐག་བཅད་པ་ཞིག་ཡིན་ན་ དེ་ནི་འུ་ཚོའི་འཚོ་བའི་གནས་སྟངས་ལ་ཁྱོན་ནས་བསམ་བློ་མ་བཏང་བའི་བྱེད་ཐབས་ཆེས་ གདུག་རྩུབ་ཅན་ཞིག་ཡིན་པ་ལས་འབྲོག་པའི་འཚོ་བ་འཕེལ་རྒྱས་འགྲོ་བར་དེས་ཕན་ཅི་ ཡང་མི་ཐོག་པ་མངོན་སུམ་གྱིས་གྲུབ་འདུག གལ་སྲིད་དེ་ནི་རྫོང་རིམ་པ་དང་ཁུལ་རིམ་པས་ཐག་བཅད་པ་ཞིག་ཡིན་ན་དེ་ནི་མི་རིགས་ ཀྱི་འཚོ་བའི་ཡོང་འབབ་ཤེས་བཞིན་དུ་འཚོ་བར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ཞིག་ གམ། མི་རིགས་གྲངས་ཉུང་ཞིག་གི་འཚོ་བར་དྲག་པོའི་དཔུང་དམག་དྲངས་ཏེ་བཙན་གནོན་བྱེད་ ཀྱི་ཡོད་པ་ལས་ཀྱང་སྡུག་པའི་བྱེད་ཐབས་མ་རུང་བ་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་མི་རིགས་ཤིག་གི་འཚོ་བའི་བཅུད་དམ་གོམས་གཤིས་ ཀྱི་སྙིང་བཅུད་བཟུང་བའི་འབྲོག་པ་ཚོའི་འཚོ་བར་བསྒྱུར་བཅོས་བྱས་པ་དེ་མི་རིགས་ ཤིག་ཉམས་རྒུད་དུ་གཏོང་བྱེད་ཀྱི་དམིགས་བྱ་ཞིག་ཀྱང་ཡིན་པ་ཐག་ཆོད་རེད། དེ་ནི་གདོང་འཛུམ་གྱིས་ཁེངས་བཞིན་དུ་ལག་པར་སྐྱག་པ་ཞིག་བཞག་པ་དང་གཉིས་སུ་མ་ མཆིས། རོང་འབྲོག་མང་ཚོགས་ཚོས་འུ་ཚོའི་འཚོ་བའི་གོམས་གཤིས་བཟུང་ཡོད་ལ་མི་ རིགས་ཀྱི་སྲོལ་རྒྱུན་བཟང་པོ་དག་ཀྱང་སྲུང་སྐྱོབ་བྱས་ཡོད། ད་དུང་དམངས་ཁྲོད་རིག་གནས་ཏེ་གླུ་དང་ལ་གཞས། ཞབས་བྲོ་དང་གནའ་གཏམ། རྒན་བཀུར་གཞོན་གཅེས་ཀྱི་བསམ་བློ། དྲིན་ཅན་ལ་དྲིན་དུ་བཟོ་བའི་བསམ་བློ། ཁེད་དང་གཏམ་དཔེ་སོགས་མང་པོ་ད་བར་དུ་རྒྱུན་འཛིན་བྱས་ཏེ་ཡོང་བ་རེད། གལ་སྲིད་ཁོང་ཚོའི་འཚོ་བ་གློ་བུར་དུ " གྲོང་ཁྱེར་གྱི་འབྲོག་སྡེ་གསར་བ " ཞེས་པར་ བསྒྱུར་པ་ཡིན་ན་ཉིན་དེ་ནས་བཟུང་འུ་ཚོའི་མང་པོ་ཞིག་འབོར་སྲིད་པ་ཆོས་ཉིད་དུ་ གྲུབ་འདུག ༣ བདག་གིས་གོ་ཐོས་ལྟར་ན་ རྒྱལ་ཁབ་རིམ་པས་འབྲོག་པའི་འཚོ་བ་འདི་འགྱུར་ལྡོག་ཡོང་བའི་ཆེད་དུ་སྒོར་ཁྲི་ བརྒྱ་ཡི་མ་དངུལ་བཏང་འདུག་ཟེར། འོན་ཀྱང་ད་ལྟ་བཤད་པ་ལྟར་ན་སྒོར་ཁྲི་བདུན་ཅུ་ཡས་མས་ལས་མི་འདུག་ཟེར། དོན་གྱིས་རྒྱལ་ཁབ་ཀྱིས་འདིའི་ཐད་དུ་རོགས་སྐྱོར་མ་དངུལ་ག་ཚོད་ཙམ་ཞིག་བཏང་ ཡོད་མེད་དེ་སུ་ཞིག་གིས་ཀྱང་ཁ་ཚོན་གཅོད་པར་མི་ནུས། དེ་ནི་བདེན་པར་བཤད་ན་རང་ཉིད་ཀྱི་ས་གནས་རྫོང་རིམ་པའི་མགོ་ཁྲིད་ཚོར་ཟ་རྒྱུ་ ཞིག་དགོས་པ་མ་ཟད་ད་དུང་དེ་ཚོའི་ལག་ཏུ་མ་འབྱོར་གོང་དུ་ཁུལ་རིམ་པའི་མགོ་ཁྲིད་ ཚོས་ལོ་གཅིག་གི་ཡོང་འབབས་ཀྱང་འདི་འདྲ་བའི་སྟེང་དུ་འཚོལ་གྱི་ཡོད་པ་རེད། དོན་གྱིས་དེད་དེ་སོང་ན་འབྲོག་པ་མང་ཚོགས་ཚོའི་ལག་ཏུ་འབྱོར་དུས་སྒོར་མོ་ག་ ཚོད་ཙམ་ཞིག་ལྷག་རྒྱུ་རེད་དམ། དེ་ནི་རང་ཉིད་ཀྱི་ས་གནས་མགོ་ཁྲིད་ཚོའི་སྟེང་དུ་ལྷག་པའི་གནད་དོན་ཞིག་ཀྱང་མ་ རེད་དམ། མང་ཚོགས་ཉམ་ཆུང་བ་ཚོ་སྙིང་རྗེའི་ཡུལ་དུ་གྱུར་ཀྱང་དེ་ཚོར་སྙིང་རྗེ་སྒོམ་མཁན་ གྱི་མགོ་ཁྲིད་ག་ཚོད་ཙམ་ཞིག་འདུག ཐ་ན་ཁ་ཟས་ཞིམ་པོ་ཞིག་ཀྱང་ཟ་རྒྱུ་མེད་ཅེས་ལབ་ན་རྫུན་དུ་འགྲོ་ཡང་རོང་འབྲོག་ མང་ཚོགས་ཚོའི་འཚོ་བའི་ནང་དུ་ཟབ་ཞུགས་བྱས་ཚེ་དོན་དངོས་ཀྱི་འཚོ་བ་སྐྱོ་བོ་ ཡིན་པའི་ཁྱིམ་ཚང་ནི་བགྲང་ལས་འདས་པ་ཞིག་རྙེད་རྒྱུ་ཡོད་པ་དངོས་ཡོད་ལག་ཟིན་ གྱི་དོན་དག་ཅིག་རེད། ༢༠༠༩ལོའི་ཟླ་༦པའི་༢༦དགོང་མོར་རང་ཤག་ཏུ་སྦྱར་བ། འབྲོག་པ་ཞེས་པ་ནི་བོད་མི་ཀུན་ལ་ཧ་ཅང་ཆ་རྒྱུས་ལྡན་པའི་ཐ་སྙད་ཅིག་རེད། ལོ་འདི་དག་རིང་འབྲོག་པ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་དང་འགྱུར་བཞིན་འདུག དེ་ནི་རང་ཉིད་གཏོགས་པའི་མི་རིགས་འདི་འཇིག་ཉེན་གྱི་གཡང་སར་ལྷུང་བའི་སྔོན་ བརྡ་ཞིག་རེད་ཅེས་ལབ་ཆོག་པར་འདོད། ༢ བདག་གི་ཤ་གསེང་རུས་གསེང་དུ་འཐིམ་པའི་འབྲོག་པ་ནི་བདག་དང་བདག་ལྟ་བུའི་ཚེ་ སྲོག་གི་གཏིང་ཟབ་ས་ཞིག་ཏུ་བཙུད་ཡོད་ཕྱིར་དེའི་མ་འོངས་པའི་དར་རྒུད་ཕྱོགས་སུ་ མནོ་བསམ་རེ་མི་གཏོང་ཁ་མེད་དུ་གྱུར་སོང་བ་འདྲ། རླུང་འཚུབ་འུར་འུར་ཁྲོད་འཛད་བཞིན་པའི་འབྲོག་པ་མཐོང་ཐེངས་རེ་རེར་ནམ་ཡང་བདག་ གི་སེམས་སུ་ན་ཟུག་ཅིག་སྐྱེས་འོང་གི་འདུག ན་ཟུག་དེའི་རྒྱབ་ཏུ་ཡིབ་པའི་གསང་བ་དག་ཁྱོད་དང་ང་ཡི་ཚེ་སྲོག་ལ་སྦར་བྲད་བྱེད་ བཞིན་པའི་ལས་ཤིག་ཏུ་འདོད་དོ། ཀྭ་ཡེ་གྲོགས་པོ་ལགས། ༣ རྩྭ་ཆུ་འཛོམས་ས་ཞིག་ཏུ་ལྷིང་འཇགས་ཀྱི་འཚོ་བ་ཞིག་གཉེར་བཞིན་པའི་འབྲོག་པ་མང་ ཚོགས་དག་ལ་མཚོན་ན་གྲོང་ཁྱེར་ནི་ཁོང་ཚོའི་སེམས་ཀྱི་དག་ཞིང་དེ་ཡིན་མི་སྲིད་ལ་ འཆི་ཁའི་དུར་ས་དེའང་ཡིན་མི་སྲིད། ཁོང་ཚོར་གྲོང་ཁྱེར་གྱིས་བཙན་གཡེམ་ཇི་ལྟར་ཛ་དྲགས་ཆེ་ནའང་རང་ཉིད་ཚོར་དབང་བའི་ སྒོ་ཕྱུགས་དག་ཁོང་ཚོའི་འཚོ་བ་རྟེན་ས་ཉག་གཅིག་ཏུ་གྲུབ། སྒོ་ཕྱུགས་བརླགས་སོང་བའི་འབྲོག་པ་མང་ཚོགས་དག་ལ་མཚོན་ན་རང་ཉིད་ཀྱི་ཕུགས་བསམ་ བོར་བའི་ཤེས་ལྡན་མི་སྣ་ཞིག་དང་འདྲ་ལ། དེའི་ཤུལ་གྱི་ཡིད་གདུང་དང་དབུགས་རིང་གྲངས་མེད་ཁོང་ཚོས་རང་ཉིད་ལ་འཕང་བའི་ འདྲི་གཞི་ག་གེ་མོ་དག་ཀྱང་ཡིན་སྲིད། ༤ ལོ་འདི་དག་རིང་རྩྭ་ས་སྲུང་སྐྱོབ་ཅེས་པར་ཁ་གཡར་ཏེ་འབྲོག་པ་མང་དག་ཅིག་གྲོང་ ཁྱེར་དུ་ཕབ་དང་འབེབས་བཞིན་པ་འདི་ནི་འབྲོག་པ་མང་ཚོགས་ཚོའི་ལས་དབང་ལ་བཙན་ གྱིས་སྒྱུར་བཅོས་ཐེངས་ཤིག་པ་དང་ཅི་ཁྱད། གལ་སྲིད་བུ་མོར་བཙན་གཡེམ་བྱེད་པ་དེ་ཁྲིམས་འགལ་ཞིག་ཏུ་བརྩི་ཆོག་ན་འབྲོག་པ་ མང་ཚོགས་ཚོའི་སེམས་སུ་བཙན་གཡེམ་བྱེད་པ་དེ་ཅིའི་ཕྱིར་བཙན་གཡེམ་ཞིག་ཏུ་བརྩི་ མི་ཆོག ༥ ས་ཆུ་མེ་རླུང་གི་འཇིག་པ་འབྱུང་བཞིན་པ་དེ་འབྲོག་པ་མང་ཚོགས་ཚོས་འཚོ་སྐྱོང་ བྱེད་བཞིན་པའི་སྒོ་ཕྱུགས་དེ་ཚོ་མིན་པར་ས་གནས་སོ་སོར་ས་བརྐོས་རྡོ་སྔོག་བྱེད་ པའི་སྦྱོར་བ་དེ་ལན་པ་ལས་གཞན་སུ་ཞིག་ལ་ཁག་དཀྲི་ས་གཏན་ནས་མེད། དེ་ནི་ཁ་ཉེས་ཁ་གཡོག་གི་ཞྭ་མོ་ཞིག་བཙན་གྱིས་མགོར་བསྐོན་པ་ཞིག་མ་རེད་དམ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་རྩྭ་སའི་བདེ་འཇགས་ལ་སྲུང་སྐྱོབ་ཅེས་པ་ ནི་ཁ་གཡང་ཙམ་ལས་དོན་གྱིས་ས་གནས་སོ་སོའི་མགོ་ཁྲིད་དག་གིས་མང་ཚོགས་ཚོའི་འཚོ་ བར་ཆ་རྒྱུས་ལོན་མེད་པའི་གླེན་བཤད་རྐྱང་རྐྱང་ལས་ཅི་ཞིག་ཡོད། དེང་གི་མགོ་ཁྲིད་ཁོག་སྟོང་ཚོའི་རྒྱས་ཟ་རྒྱས་འདུག་གི་འཚོ་བ་དེ་མང་ཚོགས་ཚོའི་ ཆེད་དུ་རེད་དམ་ཡང་ན་རྒྱལ་ཁབ་ཀྱི་དོན་དུ་རེད། ༦ ཡང་གཅིག་བཤད་ན་རིག་གནས་ལ་ཆ་རྒྱུས་མེད་པའི་འབྲོག་པ་མང་ཚོགས་ཚོས་གྲོང་ཁྱེར་ གྱི་འཚོ་བ་ཇི་ལྟར་སྐྱོང་རྒྱུ་རེད། ཁོང་ཚོའི་ཁ་རྒྱབ་ལ་སུ་ཞིག་གི་བདག་པོ་རྒྱག་རྒྱུ་རེད། རྫོང་རིམ་པ་དང་ཞང་རིམ་པས་སྤྲད་པའི་ཕྱེ་ཁུག་གང་དོ་དེས་ཉིན་དུ་ཙམ་ཞིག་གི་ཁ་ ཟས་བྱེད་ཐུབ་བམ། ཕྱེ་ཁུག་གཅིག་གཉིས་ཙམ་ཞིག་སྤྲད་པ་དེར་རོགས་རམ་ཟེར་མཁན་གྱི་མི་དེ་ཚོ་གླེན་པ་ རང་རེད་འདོད་དོ།། མི་རབས་ནས་མི་རབས་ཚེ་རབས་ནས་ཚེ་རབས་བར་ཁ་གདང་ས་ཞིག་དང་ལག་སྲིང་ས་བྱེད་ཆོག་ པ་སུ་ཞིག་ཡོད། ༧ ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་འདི་ཇི་ལྟར་ཐོགས། ད་ལྟ་ང་རང་ཐེ་ཚོམ་སྐྱེ་གི་འདུག ངལ་རྩོལ་ལ་མི་དགའ་བའི་འབྲོག་པ་འདི་ཚོས་གྲོང་ཁྱེར་ནས་འཚོ་བ་ཇི་ལྟར་རོལ། ཚོང་ལས་གཉེར་མི་ཤེས་པའི་འབྲོག་པ་འདི་ཚོས་ཁ་རྒྱབ་ཕྱོགས་སུ་སྦྱོར་བ་ཇི་ལྟར་ རྩོམ། ཤེས་རིག་གིས་དབེན་པའི་མང་ཚོགས་འདི་ཚོས་ཁྱ་ཁྱ་ཟང་ཟིང་གི་གྲོང་ཁྱེར་གྱི་ལོངས་ སྤྱོད་ལ་མིག་གིས་ཇི་ལྟར་ལྟ།
ཕྱི་ལོ2008ཟླ2ཚེས13ཉིན་རང་ཤག་ཏུ་སྦྱར།