ཕྱི་ལོ་༢༠༡༠ལོའི་ཟླ་༤ཚེས་༩ཉིན་འདི་གར་ཁུངས་བདེན་གནས་ཚུལ་འབྱོར་གསལ་ལྟར་ན། ཕ་ཡུལ་ཨ་མདོ་རྨ་ཆུ་དབལ་པཎ་ཚང་གི་ཕ་མགོན་ཚེ་དང་མ་བདེ་ཆེན་གཉིས་ཀྱི་བུ་གསར་མ་ དགོན་པའི་གྲྭ་བཀྲ་ཤིས་རྒྱ་མཚོ་ཟེར་བ། འདི་ལོར་རང་ལོ་36ཅན་དེ་ཉིད་ཕྱི་ལོ་༢༠༡༠ལོའི་ཟླ་༤བའི་ཚེས་བརྒྱད་ཉིན་གྱི་ ཞོགས་པའི་ཆུ་ཚོད་༧པ་ཡས་མས་སུ་དགོན་པའི་འདུ་ ཁང་དུ་ཞོགས་ཚོགས་གྲོལ་རྗེས་རང་ཤག་ཏུ་འཛུལ་མ་ཐག་ས་གནས་རྒྱ་ནག་གཉེན་རྟོགས་ པའམ་རྒྱལ་ཁབ་བདེ་འཇགས་ཟེར་བའི་རླངས་འཁོར་གཉིས་གློ་བུར་དུ་ཡོང་ནས་རྒྱུ་མཚན་ དང་ཆ་རྐྱེན་ཅི་ཡང་མེད་པར་འཇུ་བཟུང་བྱས་འདུག ཤེས་གསལ་ལྟར་ན་ཕྱི་ལོ༢༠༡༠ལོའི་ཟླ་༤ཚེས་༧ཉིན་ས་གནས་ཞིང་མི་དམངས་སྲིད་གཞུང་ གི་འགོ་ཁྲིད་དང་། ཉེན་རྟོགས་མི་སྣ་སོགས་གསར་མ་དགོན་དུ་ཡོང་ནས་དགོན་པའི་བླ་གྲྭ་ཡོངས་བསྡུ་ སྐོང་གིས་འཚོགས་འདུ་ཞིག་འཚོགས་ཡོད་ལ་ཉིན་དེའི་ཚོགས་འདུའི་ནང་དོན་གཙོ་བོ་ ནི་
"
དགོན་པ་འདིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་ཁ་བྲལ་གྱི་ལས་ཀ་ བྱེད་མཁན་ཛ་དྲག་ཏུ་འགྲོ་གིན་ཡོད་པའི་སྐོར་གྱི་གཏམ་བཤད་བྱས
"
པ་དང་དེ་བཞིན་ གྲྭ་བ་གསུམ་གྱི་མཚན་དམིགས་སུ་བཀར་ནས་ཉེན་བརྡ་བཏང་ཡོད་ཀྱང་གནས ཚུལ་འབྲེལ་བརྗོད་པས་མི་རེ་རེའི་མིང་བརྗོད་འདོད་མེད་རྐྱེན་འདིར་འགོད་ཐུབ་ མེད། དེ་ལྟར་ཚོགས་འདུ་གྲོས་རྗེས་ཛ་དྲག་གི་དོན་དག་གང་ཡང་མེད་པར་ཕྱིར་སོང་འདུག་ ཀྱང་།ཉིན་གཉིས་པར་གློ་བུར་དུ་རླངས་འཁོར་གཉིས་འོངས་ ནས་གྲྭ་བཀྲ་ཤིས་རྒྱ་མཚོ་འཇུ་བཟུང་བྱས་པ་ཞིག་རེད།འདི་ལྟར་འཛིན་དགོས་དོན་གཙོ་ བོ་གནས་ཚུལ་འགྲེལ་བརྗོད་པས་གསུངས་་དོན་ལྟར་ན་ རྒྱལ་ཁབ་ཕྱི་ཕྱོགསཀྱི་མི་ལ་འབྲེལ་དྲིས་དང་བོད་དོན་དང་འབྲེལ་བའི་དྲ་རྒྱ་ རྣམས་ལ་གསང་བའི་སྒོ་ནས་ལྟ་ཀློག་དང་།དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་། ཨ་རིའི་voaརླུང་བརྙན་འཕྲིན་སོགས་ལ་གསང་ལྟ་བྱས་ནས་མི་དམངས་ལ་གནས་ཚུལ་བརྒྱུད་ སྤྲོད་བྱས་ཚུལ་གྱི་ནག་ཉེས་བཀལ་ནས་ཁྲིམས་ཁང་དུ་བཅུག་པར་བཤད་སོང་། དེང་སྐབས་ས་གནས་གང་དུ་ཡོད་མེད་དང་ཁོང་གི་ད་ལྟའི་གནས་ཚུལ་ཕྱོགས་ནས་ཅི་ཡང་ ཤེས་རྟོགས་མེད་པར་གྱུར་འདུག