Central Executive Committee Of Dhomay
www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
མཉེན་ཆས་ཕབ་ལེན།
མདོ་ཁམས་སྐྱེ་དགུའི་ས་འགུལ།
ཀིརྟི་ཚང་གི་དགོན་གྲོང་སློབ་རྒྱུད་དང་ཡུལ་ཤུལ་ས་འགུལ་ཆེན་མོ།
༄༅།། དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་གི་ལོའི་ཟླ་གཉིས་པའི་ཚེས་སུམ་ཅུ། སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་ཞོགས་པའི་ཆུ་ཚོད་
བདུན་དང་སྐར་མ་བཞི་བཅུ་ཞེ་དགུའི་ཐོག ཆོལ་གསུམ་བོད་ཀྱི་ཡ་གྱལ་ཁམས་ཡུལ་ཤུལ་ལམ་སྐྱེ་དགུ་ས་ཆར་ཚད་རིམ་བདུན་ཚེག་གཅིག་གི་ས་ཡོམ་ཆེན་པོ་བྱུང་ནས། ཆུ་བོ་གསུམ་
གྱི་མགོ་ཁུངས་སུ་གྲགས་ཤིང་དེ་སྔ་རྒྱལ་ཕྱིའི་ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་མྱོང་བ། བོད་རིགས་རང་གི་བཟོ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་གནའ་དེང་
ཟུང་འབྲེལ་ལས་གྲུབ་པའི་མཐོ་སྒང་གི་སྐར་ཆེན། སྐྱེ་དགུ་གྲོང་རྡལ་གཙོ་བོར་གྱུར་པའི་ས་ཁུལ་དེའི་ཉེ་འཁོར་ས་གནས་མང་པོ་ཞིག་ལ་འཇིགས་ཡེར་བའི་རྡིར་སྒྲ་ཆེན་མོ་ཞིག་དང་
མཉམ་དུ་ཐལ་རླུང་རྡུལ་འཚུབ་ཀྱི་ཁྲོད་ནས་ཡོད་ཚད་ཁ སང་གི་ལོ་རྒྱུས་དང་འགྲོགས་ནས་དྲན་པའི་ཡུལ་དུ་གྱུར་ཞིང་། ཤུལ་དུ་ལུས་པ་ནི་ན་ཟུག་གིས་བཙིར་པའི་འཁུན་སྒྲ་དང་ཤི་
གསོན་ཁ་བྲལ་དུ་སོང་བའི་སྨྲེ་ངག་འབའ་ཞིག་སྟེ་ཡ་ང་བའི་གཤིན་རྗེའི་འཇིག་རྟེན་ཞིག་མངོན་སུམ་དུ་མི་ཡུལ་ལ་བསླེབས།
དེའི་ཚེ་ཆོལ་གསུམ་བོད་པ་ཡོངས་ཀྱིས་ལག་པའི་ཐལ་མོ་བྲང་ལ་སྦྱོར་ཞིང་ཡིག་དྲུག་གི་གསོལ་འདེབས་རེ་རེ་མཆི་མའི་ཐིགས་པ་རེ་རེ་དང་སྦྲེལ་ཞིང་ཡིད་ལ་འཁྲེང་བ་ནི་ལུས་སྲོག་
ལོངས་སྤྱོད་དང་བཅས་པར་ས་ཡོམ་གྱི་གནོད་པས་གཙེས་པའི་ཡུལ་ཤུལ་ས་ཁུལ་གྱི་རང་རིགས་སྤུན་ཟླ་ཁོ་ན་ཡིན་པས་ཁ་བ་གངས་ཅན་པ་ཡོངས་ཀྱིས་ཡོད་ཚད་ཀྱི་ཡོད་ཚད་རྒྱབ་
ཏུ་བསྐྱུར་ནས་ཡུལ་ཤུལ་མི་མང་དང་སྐྱིད་སྡུག་མཉམ་མྱོང་གིས་གནོད་སྐྱོབ་རྒུད་སེལ་གྱི་ཕྱིར་དུ་གོམ་པའི་འདེགས་འགྱོག་གི་ཁ་ལོ་ཡུལ་ཤུལ་གྱི་ཕྱོགས་སུ་བསྒྱུར།
དུས་མཚུངས་སུ་༧འབྲས་རོང་པོ་ཆོས་རྗེའམ་ཀིརྟི་ཚང་གི་སློབ་རྒྱུད་དུ་གཏོགས་པའི་དགོན་གྲོང་སེར་སྐྱ་མང་པོ་ཞིག་ཀྱང་སི་ཁྲོན་དང་ཀན་སུ། མཚོ་སྔོན་སོགས་ནས་མ་སྐུལ་རང་
མོས་དང་། མ་གྲོས་བསམ་པ་གཅིག་མཐུན་གྱིས་རང་རང་ས་ནས་མགོ་ལ་མེ་ཤོར་བའི་བྲེལ་བས་ལམ་ལ་ཆས་ཤིང་། <<ཀིརྟི་ཚང་གི་སློབ་རྒྱུད་དུ་གཏོགས་པའི་དགོན་གྲོང་མཉམ་འབྲེལ་རོགས་སྐྱོབ>>ཅེས་པའི་ཚོགས་པ་ཞིག་གློ་བུར་ཆེད་བཙུགས་ཀྱིས་སྤུན་ཟླ་ཡུལ་ཤུལ་མི་མང་དང་སྐྱིད་སྡུག་མཉམ་
མྱོང་གིས་གནོད་སྐྱོབ་རྒུད་སེལ་གྱི་ལས་ལ་རིམ་གྱིས་དངོས་སུ་ཞུགས་པའི་གནས་ཚུལ་སྐོར་ཞིག་གཤམ་དུ་བཀོད་ཡོད།