ཕྱི་ལོ་༢༠༡༠ལོའི་ཟླ༤བའི་ཚེས་༡༤ཉིན་གྱི་ཞོགས་པར་མཚོ་སྔོན་ཞིང་ཆེན་མངའ་ ཁོངས་སྐྱེ་དགུ་མདོ་འམ་ཡུལ་ཤུལ་སྐྱེ་དགུ་རྫོང་དུ་རང་བྱུང་ས་འགུལ་ཚད་རིམ་ བདུན་ཚེག་གཅིག་ཅན་ཞིག་བྱུང་ནས་ཉམ་ ཆུང་དང་དབུལ་ཕོངས་ཀྱི་མི་མང་ཚོའི་ཁང་ཁྱིམ་ གྲངས་མེད་གཏོར་བཤིག་ཐེབས་ཡོད་པ་དང་མི་མང་པོའི་ཚེ་སྲོག་ཤོར་ འདུག ཉེ་བའི་ཆར་གནས་ཚུལ་ཤེས་གསལ་ལྟར་ན་ཉུང་མཐའ་ཡང་མི་གྲངས་༤༠༠ལྷག་གི་ཚེ་སྲོག་ ཤོར་ཡོད་ལ་མི་གྲངས་ཁྲི་ལྷག་ལ་རྨས་སྐྱོན་དང་གཞིས་མེད་ཁྱིམ་སྟོང་དུ་ ལུས་ཡོད་འདུག ཁ་པར་སོགས་ཀྱི་བརྒྱུད་ལམ་ཐོག་ནས་གནས་ཚུལ་ཤེས་གསལ་ལྟར་ན་ཉིན་དེའི་ཕྱི་དྲོ་ མི་ཤི་གྲངས་༦༠༠ནས་༡༠༠༠ལྷག་ལ་འཕར་ཞིང་མི་བརྒྱད་སྟོང་ཙམ་ལ་རྨས་ སྐྱོན་ཕོགས་ཡོད་འདུག་ཟེར། ས་གནས་དེ་གའི་མི་མང་ཕལ་ཆེ་བ་བོད་རིགས་ཡིན་ལ་ཧ་ཅང་དབུལ་ཕོངས་དང་རྗེས་ལུས་ ཀྱི་རྣམ་པ་ཞིག་མངོན་འདུག་པ་མ་ཟད་ ཁང་ཁྱིམ་འཛུགས་བསྐྲུན་གྱི་ཡོ་བྱད་སོགས་ཀྱང་ཤིན་ཏུ་སྐྱོ་བོ་རེད། ས་ཕག་དང་ཤིང་ཕྲན་ཡང་ན་ཨར་འདམ་ཁོག་སྟོང་སོགས་ཀྱིས་བཟོས་པའི་ཕྱི་མཛེས་ནང་ སྟོང་ གི་ཅ་དངོས་རྐྱང་རེད། སྨན་ཁང་གི་མཐུན་རྐྱེན་ཆ་ཚང་མེད་པ་དང་། འཚོ་བ་དབུལ་ཕོངས་དང་རྗེས་ལུས་ཡིན་པ། དང་ཐོག་ས་གནས་དམག་ཁུལ་གྱི་དམག་མི་བརྒྱ་ ཙམ་ལས་གནོད་སྐྱོབ་རོགས་འདེགས་བྱེད་མཁན་མང་པོ་མེད་པ་སོགས་ཀྱི་གནས་སྟངས་འོག་ གྱང་རོ་དང་ཤིང་ཕྲན།རྡོ་ལེབ་སོགས་ཀྱི་འོག་མནན་པའི་མི་མང་པོ་ ཡོད་འདུག ས་འགུལ་རྒྱུགས་རྗེས་ཀྱི་ཉིན་གཉིས་པ་སྟེ་ཚེས་༡༥ཉིན་གྱི་ཞོགས་པར་ཁྲ་འགུ་དགོན་ པ་གཅིག་པུའི་ནང་གྲྭ བ་སུམ་བཅུ་ལྷག་གི་སྐུ་ཕུང་བཏོན་འདུག་ཟེར། ས་འགུལ་རྒྱུགས་པའི་ཉིན་དང་པོའི་ཕྱི་དྲོ་མཚོ་སྔོན་ཞིང་ ཆེན་གྱི་ལས་ཁུངས་ཁག་དང་ས་འབྲེལ་བོད་རིགས་རང་སྐྱོང་ཁུལ་རྣམས དེ་བཞིན་ཤིན་ཅང་དང་། ལྷ་ས། ཉིན་ཞཱ། སི་ཁྲོན་ སོགས་ནས་རོགས་སྐྱོར་དང་ཆེད་ལས་མི་སྣ་སྐྱོད་ཡོད་ཚོད་རྒྱ་གཞུང་གིས་བསྒྲགས་ འདུག། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གཞན་རྣམས་སུ་་མི་གྲངས་ཉིས་སྟོང་ལྷག་འདས་ གྲོངས་ དང་། མི་གྲངས་ཁྲི་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པས་དུས་ཐོག་སྨན་བཅོས བྱེད་ཐུབ་མེད་པ་དང་། འཐུང་ཆུ་དཀོན་པ། རྨས་མ་ས་འོག་ནས་ཕྱིར་མདོན་མཁན་གྱི་རོགས་རམ་པ་མེད་པ་བཅས་ཀྱི་དཀའ་ངལ་མི་ཉུང་ བ་ཞིག་ལ་འཕྲད་འདུག་ ཟེར། ད་དུང་ཨ་རིའི་ས་གཤིས་རྟོག་ཞིབ་ལས་ཁུངས་ཀྱིས་ཞིབ་དཔྱོད་ལྟར་ན་སྐྱེ་དགུ་ མདོའི་ནང་དུ་ཉིན་དེའི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་བཞི་བཅུ་དང་། བདུན་དང་སྐར་མ་ཞེ་དགུ བརྒྱད་དང་སྐར་མ་གཅིག བརྒྱད་དང་སྐར་མ་བཅུ་གཉིས། དགུ་དང་སྐར་མ་ཉེར་ལྔ་བཅས་དུས་ཚོད་སོ་སོར་ཚད་རིམ་ལྔའི་ཡན་གྱི་ས་ འགུལ་རྒྱུགས་ནས། ས་དེ་གའི་ཁ་པར་དང་། གློག་སོགས་བརྡ་འཕྲིན་རིགས་གང་ཡང་མེད་པར་གྱུར་ཡོད་ཚོད་བརྗོད་ཡོད་ལ། ཉེ་འདབས་ཀྱི་ཆུ་མཛོད་ཅིག་ལ་སེར་ག་ གས་ཡོད་པས་གནས་ཚུལ་འབྲེལ་བརྗོད་བྱེད་མཁན་ཡང་འདུག་ལ་ཁྲ་འགུ་དགོན་གཙོས་ཉེ་ འཁོར་གྱི་དགོན་པའང་མང་པོ་ཞིག་ལའང་གནོད་སྐྱོན་ཐེབས་ཡོད་འདུག རྒྱ་ནག་གཞུང་ཕྱོགས་ནས་སྲིད་འཛིན་ཧུའུ་ཅིན་ཐོ་དང་སྲིད་བློན་ཝིན་ཇ་པོ་ནས་ མྱུར་སྐྱོབ་ཀྱི་ མཛུབ་སྟོན་གནང་བ་མ་ཟད། མཐོ་རིམ་དཔོན་རིགས་རྣམས་གོད་ཆགས་བྱུང་སའི་ས་ཁུལ་དུ་ཕྱིན་པ་དང་། རྒྱ་ནག་དབུས་གཞུང་གིས་ཛ་དྲག་མྱུར་སྐྱོབ་ཆེད་རྒྱ་སྒོར་ས་ ཡ་ལྔ་བཅུ་བྱིན་ཡོད་ཚོད་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་འགུལ་གནོད་ཁུལ་ལ་མྱུར་སྐྱོབ་དང་བསྐྱར་གསོའི་ ཆེད་བཀོལ་དགོས་པའི་བཀའ་རྒྱ་བཏང་འདུག་ ཟེར། གནོད་ཁུལ་གྱི་སྐབས་ཐོག་དྲ་པར་ཁག་ཅིག
གནོད་ཁུལ་གྱི་སྐབས་ཐོག་དྲ་པར་ཁག་ཅིག
|
 |
དུས་ཐོག་རོགས་རམ་བྱེད་མཁན་མི་འདུག |
།དགོན་པར་ས་འགུལ་གྱི་གཏོར་སྐྱོན། |
|
|
མི་མང་གི་སྡོད་ཁང་འཐོར་འདུག་པ་ལས་གཞུང་ཁང་འཐོར་མི་འདུག |
ས་ཕག་དང་ཤིང་ཐུར་དག་གི་གསེབ་ཏུ་ཚེ་སྲོག་མཚོལ་མཁན་ཡུལ་མི་ཚོ་རེད |
|
|
རྨས་མ་ཚོར་སྨན་བཅོས་བྱེད་བཞིན་པའི་རྣམ་པ། |
རྨས་མ་ཚོར་སྨན་བཅོས་བྱེད་བཞིན་པའི་རྣམ་པ། |
|
|
འདི་ནི་འཕུར་མཆོང་ལྟ་བུའི་ཡར་རྒྱས་རྣམ་པའི་ཐོག་གི་སྡོད་ཁང་གསར་བ་ཡིན་འདུག |
གྱང་རོའི་འོག་ཏུ་ཚེ་སྲོག་འཚོལ་བཞིན་པ། |
|
 |
སྡོད་ཁང་གི་སྤུས་པ་ཧ་ཅང་སྐྱོ་བོ་རེད། |
ཁང་པ་ཅུང་སྲ་མཁྲེགས་ཡིན་ན་གནོད་སྐྱོན་ཐེབས་ཡོད་པ་ལས་ཐལ་རྡུལ་དུ་གྱུར་མེད། |
 |
|
ཕྱི་ཚེས་༡༥ཉིན་རྒྱ་གཞུང་གིས་གནས་ཚུལ་བསྒྲགས་གསལ་ལྟར་ན་འདས་གྲོངས་སུ་གྱུར་ པའི་མི་གྲངས ༦༡༧ དང་། གར་སོང་ཆ་མེད་དུ་གྱུར་བ་ ༣༡༣། དུས་ཚོད་ཉེར་བཞིའི་རིང་བསྐྱབས་ཟིན་པ ༩༠༠། རྨས་སྐྱོན་ཕོག་པའི་གྲངས་ ༩༡༡༠ ལ་ཡིན་ཚུལ་གསལ་བསྒྲགས་བྱས་འདུག ཐེངས་འདིར་མྱུར་སྐྱོབ་པ་ ༥༠༠༠ དང་། མྱུར་སྐྱོབ་པ་མངཔོ་ཞིག་ད་དུང་ས་གནས་སུ་འབྱོར་ཡོད་མི་འདུག དེ་བཞིན་གསར་འགྱུར་བརྒྱུད་ལམ་གཞན་དུ་ས་དེའི་ལས་རིགས་སློབ་འབྲིང་གཙོས་སློབ་ གྲྭ་ཁག་ཅིག་གི་དགེ་རྒན་༡༢དང་སློབ་མ་༡༠༣རྐྱེན་འདས་སུ་གྱུར་ཡོད་པ་དང་ ཡང་དགོན་པ་ཞིག་གི་བདག་གཉེར་བྱེད་པའི་མགྲོན་ཁང་ཐོག་བརྩེག་བཞི་ལྔ་ཅན་ཞིག་གི་ ནང་ཉུང་མཐའ་ཡང་མགྲིལ་བ་ཆིག་སྟོང་ལྷག་ཡོད་ལ་དེ་དག་གཅིག་ཀྱང་ཕྱིར་འབུད་མ་ཐུད་ པར་ས་འོག་ཏུ་མནན་ཡོད་ ཟེར་བ་སོགས་ལ་གཞིགས་ན་ཐེངས་འདིའི་མི་འདས་གྲོངས་སུ་བྱིན་པའི་གྲངས་འབོར་དེ་ཁ་ སང་དེ་རིང་རྒྱ་གཞུང་གིས་སྒྲོག་བཞིན་པ་ལས་ཤིན་ཏུ་མང་ཚོད་འདུག རྒྱ་ནག་གཞུང་ཕྱོགས་ནས་གུར་ ༥༠༠༠ དང་། སྟོད་གོས་ ༥༠༠༠༠། ཉལ་ཆས་ ༥༠༠༠༠ བཅས་ཀྱི་རོགས་སྐྱོར་བྱས་ཚུལ་བརྗོད་འདུག དྲ་ཚིགས་དང་གནས་ཚུལ་འབྲེལ་བརྗོད་པ་རེ་ཟུང་གིས་བཤད་པའི་གནས་ཚུལ་གཞིགས་ན་ ཐེངས་འདིའི་ས་ཡོམ་གྱིས་ཡུལ་ཤུལ་ཁུལ་གྱི་ཤང་གྲོང་ ༩ ལ་གནོད་འཚེ་ཐེབས་ཡོད་པ་དང་། ས་གནས་ཁག་གི་སློབ་གྲྭའི་ཁང་བ་བརྒྱ་ཆའི་ ༧༠ རྡིབ་བཤིག་ཏུ་གྱུར་ཡོད་པར་མ་ཟད། གནོད་འཚེ་ཐེབས་མཁན་གཙོ་བོ་སློབ་གྲྭ་ཁག་ཡིན་ཚུལ་བརྗོད་ཡོད། སྐྱེ་རྒུ་མདོའི་ནུབ་ཕྱོགས་ཀྱི་སྤྱི་ལེ་ ༡༠༠ མཚམས་སུ་ཡོད་པའི་གྲོང་རྡལ་ཞིག་ཏུ་གནོད་འཚེ་ཐེབས་པ་ཚབས་ཆེ་བ་དང་། གཞན་ད་ལྟ་གནོད་འཚེ་ཐེབས་ཡུལ་ཁག་ཏུ་མྱུར་སྐྱོབ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་ པ་དང་། ནམ་ཟླ་ཧ་ཅང་འཁྱག་པའི་རྐྱེན་ཀྱིས་གྱོན་གོས་དང་སྡོད་ཁང་གི་དཀའ་ངལ་འཕྲད་ཀྱིན་ ཡོད་པའི་གནས་ཚུལ་འབྲེལ་བརྗོད་བྱས་འདུག