Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བོད་གནས་གསར་འགྱུར།
གྲྭ་བ་ཞིག་གིས་རང་ལུས་མེར་བསྲེགས། ཕྱི་ལོ་༢༠༡༡ལོའི་ཟླ༡༠ཚེས་༢༥ཉིན།

གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ། ཕྱི་ལོ་༢༠༡༡ལོའི་ཟླ༡༠ཚེས་༢༥ཉིན་བོད་མདོ་ཁམས་དཀར་མཛེས་དགོན་པའི་དུས་གཏོར་འདུ་ཚོགས་ཐོག དགེ་འདུན་པ་ཞིག་གིས་བོད་དོན་སྐད་འབོད་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་འདུག ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་གྱི་ཐོག དཀར་མཛེས་དགོན་པའི་འཆར་ཅན་གྱི་དུས་གཏོར་ཚོགས་བཞིན་པའི་སྐབས། གློ་བུར་དུ་དགེ་འདུན་པ་ཞིག་གིས་རང་ལུས་ལ་ས་སྣུམ་བཤོས་ཏེ་མེ་སྦར་ཡོད་འདུག་ལ། སྐབས་དེར་དམར་ལྷབ་ལྷུབ་ཀྱི་མེ་ལྕེའི་ཁྲོད་དུ་ “ རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ། བོད་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས” སོགས་ཀྱི་སྐད་འབོད་བརྒྱབ་ཡོད་ཅིང་། སྐབས་དེར་གྲྭ་བ་དང་ཡུལ་མི་ཚོས་མེ་གསོད་ཐབས་བྱས་ཀྱང་མེ་ཤུགས་ཆེན་འབར་ཏེ་ས་ལ་འགྱེལ་ཡོད་པ་དང་། དེ་མ་ཐག་གྲྭ་བ་སྐོར་ཞིག་གིས་སྨན་ཁང་དུ་བསྐྱལ་ཡོད་འདུག གནས་ཚུལ་ཡོང་ཁུངས་སྤྱི་ཟུར་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས། གནས་ཚུལ་འདི་ད་ལྟ་རང་ཡུ་རོབ་བརྒྱུད་ཁོང་ལ་འབྱོར་ཡོད་པ་དང་། ད་ལྟ་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་དྲག་སྤྱོད་ཀྱིས་མང་ཚོགས་མགོ་གནོན་བྱེད་བཞིན་ཡོད་འདུག གྲྭ་བ་དེའི་མིང་དང་ལོ་ཚོད། གྲོང་སྡེ་གང་ནས་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ་ཅེས་བཀོད་འདུག