དེ་བཞིན་ཀིརྟིའི་བྱེས་པ་གྲྭ་ཚང་གིདགེ་འདུན་པ་བརྒྱ་ལྷག་གི་གཙོ་བོར་གྲུབ་པའི་དགེ་འདུན་པའི་སྡེ་ཁོ་ནའི་སེར་སྦྲེངས་སྙན་སྐུལ་སྨོན་ལམ་རྒྱང་བཞུད་བཞུགས་ སྒར་རྡ་ས་ནས་རྒྱལ་ས་ལྡི་ལི་བར་བསྐྱོད་པའི་དབུ་འཛུགས་གསུང་བཤད་དཔལ་ལྡན་བཀའ་ བློན་ཁྲི་པ་མཆོག་གིས་མཛད་པ་དང་། ལས་འགུལ་འདིའི་ཐོག་མཐའ་བར་གསུམ་གྱི་ལས་དོན་བཀོད་སྒྲིག་བྱེད་མཁན་ལ་བོད་མི་ མང་སྤྱི་འཐུས་རྣམས་དང་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཆ་ཚང་མཉམ་ ཞུགས་བྱས་ཡོད།
ཉིན་དང་པོའི་ལས་འགུལ་གྱི་གནས་ཚུལ་རིམ་སྒྲིགས།
ལས་འགུལ་འདིའི་དབུ་འཛུགས་མཛད་སྒོར་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ། བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ། བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ཚོགས་གཙོའི་གཙོས་རྒྱུ་རྒྱུན་ལས་རྣམ་པ་བཅས་མཉམ་ ཞུགས་བྱས་ཡོད།
གཉིས་པ། སེར་སྦྲེངས་སྙན་སྐུལ་སྨོན་ལམ་རྒྱང་བཞུད་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལྷ་རགས་སྒྲོན་བཞིན་པའི་རྣམ་པ།
གསུམ་པ། བཞུགས་སྒར་རྡ་སའི་རི་ལམ་ནས་ཀང་ར་རྫོང་གི་མངའ་ཁོངས་རྒྱུད་བཞིན་པའི་རྣམ་པ།
བཞི་བ། ཉིན་གུང་གསོལ་ཚིགས་ཀྱི་སྐབས་དང་བསྟུན་མ་ཀྲེར་ས་ཆར་TIMES NOW གསར་ཁང་གི་གསར་འགོད་པར་གསར་འགོད་གསར་བསྒྲགས་གནང་པ།
ལྔ་བ། ཀང་ར་རྫོང་ཐོག་ལ་འབྱོར་མ་ཐག་ཧི་མ་ཅལ་མངའ་སྡེ་བློན་ཆེན་ཟུར་པ་དང་ད་ལྟའི་ གྲོས་ཚོགས་འཐུས་མི་སྐུ་ཞབས་བྷ་ལེ་གཙོས་ཀང་ར་རྫོང་གི་ཀང་རི་སུའི་གཙོ་འཛིན་ ལྕམ་སྐུ་སཱོའུ་མིན། ཀང་རི་སིའི་མངའ་སྡེ་གཞོན་ནུའི་གཙོ་འཛིན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། སྤྱི་འཐུས་རྒྱུན་ལས་འཐུས་མི། རྒྱ་གར་གསར་འགོད་ཁག་བཅོ་ལྔ། བོད་ཀྱི་གསར་འགོད་ཁག་བཞི་བཅས་མཉམ་ཞུགས་ཀྱིས་དམིགས་བསལ་སྐུ་མགྲོན་རྣམ་པས་ གསུང་བཤད་དང་སྦྲེལ་གསར་འགོད་གསར་བསྒྲགས་རྒྱས་པ་ཞིག་སྤེལ་བ་དང་མཉམ་སྐུ་ཞབས་ བྷ་ལེ་སོགས་ཀྱིས་སེར་སྦྲེངས་སྙན་སྐུལ་རྒྱང་བཞུད་པ་རྣམས་པར་དགོང་ཁའི་གསོལ་ ཚིགས་ཕུལ་ཡོད། དུས་ཚོད་དྲུག་པའི་ཐོག་ཀང་ར་གནས་སྡོད་བོད་མི་རྣམས་ཀྱིས་ཆུ་དང་ཞལ་ཏོག་གནང་ སྟེ་སྐྱེལ་མ་གང་ལེགས་གནང་།
|