Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བོད་གནས་གསར་འགྱུར།
༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་ བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་།

༼༢༠༡༠-༢༠༢༠ལོའི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་ དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་༽ཞེས་པ་ཞིག་ས་གནས་ཞིང་ཆེན་ཁག་ཏུ་བཀྲམས་ ཡོད་པ་དང༌། དབུས་གཞུང་གི་༼འཆར་འགོད་རྩ་གནད་༽ཞེས་པ་གཞི་རུ་བཟུང་ནས་ཟླ་ ༩བའི་ཚེས་ ༡༠ཉིན་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་ཆང་ཝེ་ཡིས་ གཙོ་སྐྱོང་འོག་རྒྱུན་ལས་ཚོགས་འདུ་ཞིག་བསྐོང་ནས་༼༢༠༡༠-༢༠༢༠ལོའི་མཚོ་སྔོན་ ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་ འཆར་འགོད་རྩ་གནད་༽ཞེས་པའི་སློབ་གསོའི་སྲིད་ཇུས་ལ་གྲོས་ཞིབ་བྱས་རྗེས་དེར་ གྲོས་འཆམ་བྱུང་ཡོད། ༼༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་ བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་༽ཞེས་པའི་ཡིག་ཆེ་དེ་ནི་སྡེ་ཚན་ ཆེན་པོ་དྲུག་དང་ཚན་པ་༣༦གིས་གྲུབ་ཡོད་ཅིང༌། སྡེ་ཚན་གསུམ་པ་སྟེ་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་མཐུན་འགྲིག་ངངགོང་དུ་འཕེལ་བར་སྐུལ་ འདེད་བྱེད་པ་ཞེས་པའི་ནང་ག་ཚན་པ་དྲུག་པ་སྟེ་མི་རིགས་སློབ་གསོ་ཞེས་པའི་ནང་ འདི་ལྟར་གཏན་འཁེལ་བྱས་འདུག་ལ། ——–ནུས་ཤུགས་ཆེན་པོས་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་ འདེད་ཀྱིས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་ཡིས་སློབ་ཁྲིད་ བྱ་རྒྱུ་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། དེ་དང་མཉམ་དུ་མི་རིགས་ཀྱི་སྐད་དང་ཡི་གེ་ཡང་བཟང་པོ་བསླབ་ནས་རྒྱལ་ཁབ་ཀྱི་ཐུན་ མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དེ་སློབ་ཁྲིད་གྱི་སྐད་དང་ཡི་གེ་བྱས་ཏེ་གྲངས་ ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཐུན་མོང་གི་སྤྱོད་པའི་སྐད་དང་ཡི་གེ་དང་མི་ རིགས་རང་གི་སྐད་དང་ཡི་གེ་གཉིས་ལ་ཅུང་བྱང་ཆ་ཡོད་པར་ཡོང་དགོས།མི་རིགས་ས་གནས་ ཁག་ཏུ་སློབ་ན་མ་སོན་པའི་༼སྐད་གཉིས་༽ཅན་གྱི་བྱིས་པ་ཁང་འཛུགས་སྐྲུན་བྱ་རྒྱར་ རྒྱབ་སྐྱོར་གྱིས་གྲངས་ཉུང་མི་རིགས་དང་རྒྱ་མི་རིགས་ཀྱི་བྱིས་པ་མཉམ་བསྲེས་ ཀྱི་བྱིས་པ་ཁང་དང་འཛིན་གྲྭ་འཛུགས་རྒྱུར་དཔུང་སྐྱོད་ཧུར་ཐག་བྱ་རྒྱུ།མི་རིགས་ སློབ་འབྲིང་དང་སློབ་ཆུང་རྣམས་དང་རྒྱ་རིགས་སློབ་འབྲིང་དང་སློབ་ཆུང་གིས་ཐོན་ ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེབས་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ དང་རྒྱ་རིགས་སློབ་གྲྭ་གཉིས་གཅིག་ཏུ་བསྒྱུར་རྒྱུ་ལག་བསྟར་དང་ཆབས་ཅིག་སློབ་ གསོའི་ཁོར་ཡུག་བསྒྱུར་བཅོས་དང་གསོ་སྐྱོང་གི་རྣམ་པ་ཇེ་ལེགས་ཇེ་བཟང་དུ་གཏོང་ དགོས།༼སྐད་གཉིས་༽བསླབ་གཞི་དང་དགེ་རྒན་ཟབ་སྦྱོང་གི་ལྟེ་གནས་འཛུགས་སྐྲུན་བྱ་ རྒྱུའི་ལས་དོན་ལ་དམ་འཛིན་བྱ་དགོས།༢༠༡༥ལོར་སླེབས་ཚེ། སློབ་ཆུང་ཁག་ཏུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་བྱ་ རྒྱུ་དང་མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བར་བཞག་ནས་༼སྐད་གཉིས༽ཀྱི་སློབ་ཁྲིད་ བྱ་རྒྱུ་ལག་ལེན་དུ་བསྟར་དགོས།དེ་དང་འགྲོས་མཉམ་གྱིས་གྲངས་ཉུང་མི་རིགས་ཀྱི་ སློབ་འབྲིང་སློབ་མ་ཚོར་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེའི་ སློབ་ཁྲོད་བྱ་རྒྱུ་དང༌། དེའི་ཁར་མི་རིགས་རང་གི་སྐད་དང་ཡི་གེ་སློབ་ཁྲིད་བྱ་རྒྱུའི་༼སྐད་གཉིས་༽སློབ་ གསོའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།——–ཞེས་སོགས་བཀོད་འདུག འབྲོག་མྱིས་བསྒྱུར།