Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བོད་གནས་གསར་འགྱུར།
ཀན་ལྷོ་ས་ཁུལ་དུ་ཆར་ཤོད་ཀྱི་དབང་གིས་ས་རུལ་ཉིལ་ཏེ་ད་ལྟའི་ཆར་མི་ ༡༢༧འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་ ༢༠༠༠ གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཀན་ལྷོ་ས་ཁུལ་དུ་ཆར་ཤོད་ཀྱི་ དབང་གིས་ས་རུལ་ཉིལ་ཏེ་ད་ལྟའི་ཆར་མི་ ༡༢༧འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་ ༢༠༠༠ གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་ས་ཆར་ཆར་བ་ཤུགས་ཆེར་བབ་པའི་རྐྱེན་ གྱིས་ས་རུལ་ཉིལ་ཏེ་དེ་ལྟའི་ཆར་ཉུང་མཐར་མི་ ༡༢༧ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་ ༢༠༠༠ བརླག་ཡོད་འདུག གནས་ཚུལ་འདི་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་དུ་སྤེལ་འདུག དེ་ནི་ཕྱི་ལོ་༢༠༡༠ལོའི་ཟླ༨ཚེས་༧ཉིན་གྱི་མཚན་མོ་དུས་ཚོད་༡༠བའི་ཐོག་ཆར་ཆེན་ བབ་ནས་འབྲུག་ཆུ་ཤོར་བ་དང་ས་འདམ་ཉུལ་བ་སོགས་ཀྱིས་རང་བྱུང་གནོད་འཚེ་བྱུང་བའི་ གནས་ཚུལ་ཕྱི་ཉིན་ཚེས་བརྒྱད་ཉིན་རྒྱ་ཕྱོགས་ནས་བསྒྲགས་ཡོད་འདུག ཆར་ཤོད་དེས་ཁང་པ་མང་པོ་སྒྱེལ་བ་མ་ཟད། མི་མང་པོའི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེན་ཕོགས་ཡོད། དེ་ནི་རྒྱ་གཞུང་གིས་ས་དེའི་ཤིང་ནགས་ཚད་མེད་གཅོད་འབྲེག་དང་རྒྱུག་ཆུ་བཀག་ བསྐྱིལ་བྱས་པ་སོགས་ཀྱི་དབང་གིས་རེད་འདུག་ ཀན་ལྷོ་ཁུལ་དུ་དམག་མི་རྣམས་མྱུར་སྐྱོབ་ལ་འབྱོར་ཏེ་ཤུལ་ལུས་རྣམས་ཆུ་ལོག་ལས་ སྐྱོབ་ཐབས་བྱེད་ཀྱིན་ཡོད་ཟེར། མི་འབོར་ ༡༩༠༠༠ ལྷག་གནས་སྤོ་བྱས་ཡོད་འདུག ས་རུལ་ཉིལ་བ་དེ་གཟའ་སྤེན་པའི་ཉིན་ཡིན་པ་དང་། དེས་གློག་གི་ཆུ་མཛོད་ཆུང་ཆུང་ཞིག་ཀྱང་གཏོར་འདུག་ཅེས་ཞིན་ཧྭ་གསར་ཁང་གིས་བཤད།