Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བོད་གནས་གསར་འགྱུར།
མངའ་རིས་གནམ་ཐང་།
རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ ལྟར་ན། སྟོད་མངའ་རིས་དགུན་ས་གནམ་གྲུ་ཐང་གི་འཛུགས་སྐྲུན་ཡོངས་སུ་གྲུབ་སྟེ། སང་ཉིན་ཟླ་ ༧ ཚེས་ ༡ ཉིན་གནམ་གྲུ་དངོས་སུ་གཏོང་མགོ་འཛུགས་རྒྱུ་ཡིན་པ་དང༌། ལྷ་ས་ནས་མངའ་རིས་གནམ་ཐང་བར་ཆུ་ཚོད་ཕྱེད་ཙམ་ནང་སླེབས་ཐུབ་ཅིང་སྤྱི་ལེ་ ༡༠༩༨ ཙམ་ཡོད་འདུག གཟའ་མིག་དམར་དང་པ་སངས་བཅས་གཟའ་འཁོར་རེ་ཐེངས་གཉིས་རེར་གཏོང་འཆར་ཡོད་པ་དང༌། ལྷ་ས་ནས་མངའ་རིས་བར་གྱི་གནམ་གྲུའི་འཛིན་བྱང་ལ་རྒྱ་སྒོར་ ༢༥༩༠ ཡིན་འདུག བོད་རང་སྐྱོང་ལྗོངས་འོག་གི་གནམ་ཐང་བཞི་བ་དང༌། འཛམ་གླིང་ཡོངས་ཀྱི་ས་བབ་མཐོ་ཤོས་ཨང་གསུམ་པའི་གནམ་ཐང། མཚོ་ངོས་ནས་མཐོ་ཚད་སྨི་ ༤༢༧༨ ཡོད་པའི་མངའ་རིས་དགུན་ས་གནམ་ཐང་གི་འཛུགས་སྐྲུན་ཆེད་རྒྱ་སྒོར་དུང་ཕྱིར་ ༡༦ ལྷག་བཏང་ཡོད་འདུག་ལ། ད་ཆར་ལོ་གསུམ་ལྷག་རིང་གི་འཛུགས་སྐྲུན་ལས་གཞི་ཡོངས་སུ་རྫོགས་ཏེ། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་ཚོད་ལྟའི་གནམ་གྲུ་དང་པོ་འཕུར་སྐྱོད་བྱས་ཡོད་ཅིང་། ད་ལོའི་ཟླ་ ༤ ཚེས་ ༨ ཉིན་ཚོད་ལྟ་གཉིས་པ་དང༌། ཟླ་ ༥ ཚེས་ ༢༨ ཉིན་ཚོད་ལྟ་གསུམ་པ་ལེགས་འགྲུབ་བྱུང་སྟེ། སང་ཉིན་ཏེ་ཕྱི་ཟླ་ ༧ ཚེས་ ༡ ཉིན་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཐོག་མ་དེ་འཕུར་སྐྱོད་བྱ་རྒྱུ་ཡིན་འདུག རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་གཅིག་པུའི་འོག་ཏུ་ད་ཆར་གནམ་གྲུ་འབབ་ཐང་ ཆེན་པོ་ ༤ ཙམ་བརྒྱབ་ཡོད་ཅིང་། གཞིས་རྩེ་གནམ་ཐང་རྒྱག་མུས་ཡིན་འདུག གནམ་ཐང་དེ་དག་ནི། ལྷ་སའི་གོང་དཀར་གནམ་གྲུ་འབབ་ཐང་དང་ཆབ་མདོ་སྤང་མདའ་གནམ་གྲུ་འབབ་ཐང༌། ཉིང་ཁྲིའི་སྨན་གླིང་གནམ་གྲུ་འབབ་ཐང༌། མངའ་རིས་དགུན་ས་གནམ་གྲུ་འབབ་ཐང༌བཅས་ཡིན་ཞིང་། གཞིས་ཀ་རྩེའི་ཞི་བདེའི་གནམ་གྲུ་འབབ་ཐང་ཐད། རྒྱ་སྐོར་དུང་ཕྱུར་ ༤༨༩ ཙམ་བཏང་སྟེ་འཛུགས་སྐྲུན་ལས་གཞི་སྒྲུབ་མུས་ཡིན་ཞིང་། ད་ལོའི་ཕྱི་ཟླ་ ༡༠ ཡས་མས་ནང་ཡོངས་སུ་འགྲུབ་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་བོད་ས་བདག་འཛིན་ཆེད་བཟོས་པའི་
མངའ་རིས་གནམ་ཐང་ས་ཚིགས་ཁང་ཆེན།
བོད་དབུས་གཙང་ནུབ་ཁུལ་དུ་ཡོད་པའི་སྟོད་མངའ་
རིས་ཀྱི་ས་ཁྲ། ༼དེང་སྐབས་རྒྱ་གཞུང་གི་བཀོད་པ་ལྟར༽
རྒྱ་ནག་གཞུང་གིས་བོད་ས་བདག་འཛིན་ཆེད་བཟོས་པའི་
མངའ་རིས་གནམ་ཐང་གི་འཐུར་ལམ་ཐང་ཆེན།