Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བོད་གནས་གསར་འགྱུར།
སློབ་གྲྭ་བཤས་རྭར་བསྒྱུར་འདུག་ཟེར།
རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གསར་འཛུགས་གནང་བའི་ སློབ་གྲྭ་གཉིས་བྱ་གསོ་རྭ་བ་དང་བཤས་རྭར་བསྒྱུར་ཡོད་འདུག དེ་རིང་ཞོགས་པར་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་ཚིག་སྟེང་གནས་ཚུལ་སྤེལ་བ་ལྟར་ ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་བོད་ཁམས་ཁུལ་གྱི་ཕ་མ་མེད་ པའི་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བུ་ཕྲུག་རྣམས་ཀྱི་སློབ་སྦྱོང་གི་མཐུན་ རྐྱེན་དང་དཀའ་ངལ་ལ་དམིགས་ཏེ། ༡༩༩༤ ལོ་ནས་བཟུང་ཁོང་སྒེར་ངོས་ནས་འགྲོ་གྲོན་དང་ཐེངས་དུ་མར་གོང་རིམ་ལ་སྙན་སེང་ ཞུས་རྗེས་རྫོང་དང་བར་ཐག་སྤྱི་ལེ་ ༤ ལྷག་ཡོད་པའི་སར་དགེ་འདུན་པ་གཙོར་བྱས་པའི་ཞི་བདེའི་བུ་གསོ་ཁང་ཞེས་པའི་སློབ་ ཆུང་ཞིག་དང་། དེའི་ཡན་ལག་དགེ་བཤེས་ལུང་འགག་ཞི་བདེའི་སློབ་ཆུང་ཞེས་པའི་སློབ་ཆུང་གཉིས་ ༡༩༩༨ ལོར་དངོས་སུ་གསར་འཛུགས་བྱས་ཡོད་པ་དང་། དེའི་ནང་ཁམས་ལི་ཐང་དང་འབར་ཁམས་གཙོས་པའི་ཁམས་ཀྱི་ས་ཁུལ་མང་པོ་ནས་སློབ་མ་ བསྡུ་རུབ་ཀྱིས་ ༡༩༩༩ ལོར་རང་ལོ་ ༡༢ ནས་ ༢༠ བར་གྱི་སློབ་མ་ ༡༣༠ ལྷག་བསྡུ་རུབ་བྱས་ཡོད་པ་དང་། བོད་ཀྱི་དགེ་རྒན་ ༤ དང་རྒྱའི་དགེ་རྒན་ ༢། མ་བྱན་ ༦ བཅས་བསྡོམས་མི་གྲངས་ ༡༤༢ ལྷག་ཡོད་འདུག སློབ་གྲྭ་དེ་གཉིས་ནང་འཛིན་རིམ་བཞི་རུ་བགོས་ཏེ་བོད་ཡིག་དང་རྩིས་རིག རྒྱ་ཡིག བོད་ཡིག་གི་ཡིག་གཟུགས་སོགས་རྒྱ་ནག་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་དེབ་བེད་ སྤྱོད་བྱས་ཡོད་འདུག་ལ། ཟླ་རེར་སློབ་མ་རེའི་སློབ་སྦྱོང་གི་ཡོ་བྱད་དང་ཟ་མ། གོན་པ། འདུག་གནས་སོགས་ཀྱི་འགྲོ་གྲོན་མ་དངུལ་རྒྱ་སྒོར་ ༡༣༨༠༠ ལྷག་རིན་པོ་ཆེ་སྒེར་ངོས་ནས་བཏང་ཡོད་པ་རེད། དེ་ལྟར་ཡང་། ཁོང་ཉིད་བཙོན་འཇུག་བྱས་རྗེས་ཏེ། ༢༠༠༠ ལོར་རྒྱ་ནག་གིས་བཙན་གྱིས་སློབ་མ་ ༣༠༠ ལྷག་རང་སར་འགྲོ་རུ་བཅུག་ཏེ་སློབ་གྲྭ་སྒོ་བརྒྱབ་ཏུ་བཅུག་ཡོད་པ་མ་ཟད། ༢༠༠༨ ལོའི་ཟླ་ ༦ པ་ནས་ད་ལྟའི་བར་འབྲེལ་ཡོད་མི་སྣས་ཤེས་རྟོགས་བྱུང་གསལ་ལྟར་ན། རྒྱ་རིགས་མང་པོ་ས་དེར་སླེབས་ཏེ་རིན་པོ་ཆེ་མཆོག་གི་སློབ་གྲྭ་དེ་གཉིས་ཀྱི་མལ་ ཁང་དང་སློབ་ཁང་ཡོངས་བྱ་གསོ་རྭ་བ་དང་བཤས་རྭར་བསྒྱུར་ཡོད་ཚུལ་བརྗོད་འདུག་ལ། ཉེ་ཁོར་གྱི་དྭངས་གཙང་གི་ཆུ་བོ་ཁྲག་མདོག་སུ་བསྒྱུར་བ་དང་། ཉེ་འཁོར་ཏུ་དྲི་མ་ངན་པས་ཡོངས་སུ་ཁྱབ་ཡོད་པ་མ་ཟད། དམག་མིའི་དམ་དྲག་གིས་གནས་དེར་ས་གནས་མི་མང་ལ་ལྟ་རྟོག་བྱེད་པའི་དབང་ཆ་ཅི་ཡང་ མེད་ཚུལ་བརྗོད་འདུག

བོད་ཀྱི་དུས་བབ་ལས་དྲངས།