འཚོལ་བཤེར:
མདོ་སྨད་ས་གནས་ཁག་ལ་ཆེད་བཏང་གསལ་བསྒྲགས།

འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་རྡ་རམ་ས་ལ་མདོ་སྨད་ས་གནས་ རྒྱུན་ལས་ཐུན་མོང་ནས། ཉེ་བའི་ཕྱི་ཚེས་༡༦ཉིན་བོད་མདོ་སྨད་རྔ་བ་ཀིརྟིའི་དགོན་གྱི་གྲྭ་ཕུན་ཚོགས་སམ་ མཚན་ཆ་ཚང་ལ་ཇ་རུ་བློ་བཟང་ཕུན་ཚོགས་ཞུ་བ་མཆོག་ཉིད་བོད་བསྟན་པ་ཆབ་སྲིད་ཀྱི་ ཆེད་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་གཞིས་བྱེས་བོད་མིའི་མངོན་འདོད་སྦ་ གསང་མེད་པར་མཚོན་པར་བྱས་ཏེ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་གནས་ཚུལ་ཡིད་སྐྱོ་ བ་གོ་མ་ཐག འདི་ག་མདོ་སྨད་དབུས་ས་གཉིས་ནས་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ དང་། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ། དེ་བཞིན་རྡ་སའི་སྨོན་ལམ་ཆེན་མོའི་ཚོགས་མཆོད་བཅས་སུ། བོད་བསྟན་སྲིད་སྤྱི་དང་ཁྱད་པར་ད་ལྟའི་བོད་ཀྱི་ཆགས་འཇིག་གི་གནས་བབ་ལ་ཐུགས་ ཁུར་དང་། ལྷག་བསམ་མཆོག་ཏུ་དཀར་བ་འདས་པོ་དམ་པ་ཁོང་ཉིད་ཀྱི་ཐུགས་རེ་ལྟར་མི་འགྱངས་པར་ བོད་ཀྱི་བདེན་མཐའ་གསལ་ཏེ་རང་ཅག་ཁ་བ་རི་བའི་ལྷ་སྐལ་༸འཕགས་མཆོག་ཕྱག་ན་པདྨོ་ གང་ཉིད་བོད་གངས་ཅན་གྱི་ལྗོངས་སུ་ཞབས་སོར་བཀའ་དྲིན་མངོན་པར་བཀོད་ཅིང་། གཞིས་བྱེས་ལྷན་འཛོམས་མྱུར་ཏུ་ཡོང་བའི་སྐྱབས་འཇུག་དང་། ༸གོང་ས་མཆོག་གི་བཞུགས་གནས་ཐག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་ སྔར་མཆོད་འབུལ་གང་འཐུས་ཞུ་ཐུབ་ཡོད་ན། དེ་དོན་དགོངས་བཞེས་ཀྱིས་མདོ་སྨད་ས་རྒྱུན་གར་ཡོད་ཚང་མས་
དམ་པ་འདི་ཉིད། ཕྱི་མའི་ངན་སོང་གི་སྒོ་ཐམས་ཅད་ཡོངས་སུ་ཁེགས་ཏེ་དལ་རྟེན་རིམ་བརྒྱུད་དང་ས་ལམ་རིམ་བགྲོད་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངས་མྱུར་དུ་ཐོབ་ཆེད་དུ་བསྔོ་བ་སྨོན་ལམ་གང་
ཐུབ་ཅིག་གནང་སྐྱོང་ཡོང་བ་ཞུ།།

ཞེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

ཕྱི་ལོ་༢༠༡༡ལོའི་ཟླ༣ཚེས༡༧ཉིན།

 

བོད་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་མཆོག་འདས་གྲོངས་སུ་བྱིན་པའི་ཡིད་སྐྱོའི་གནས་ཚུལ།

བོད་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་མཆོག་ནི་ཕྱི་ལོ༡༩༦༩ལོར་མདོ་སྨད་བླ་ བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་བསང་ཁོག་ཚོ་བདུན་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་ ཕ་མགོ་བྷ་དང་མ་བསོད་ལོ་གཉིས་ཀྱི་བུ་རུ་སྐྱེས། རང་ལོ་བཅུ་དྲུག་སྟེང་རབ་ཏུ་བྱུང་སྟེ་བླ་བྲང་དགོན་པར་ཆོས་སྒོར་ཞུགས། ཕྱི་ལོ༡༩༩༡ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་ དུ་ཞུགས་ཏེ་སློབ་གཉེར་བྱས་ཀྱང་ས་ཆུ་དང་གནམ་གཤིས་འཕྲོད་མིན་སོགས་ནད་མནར་གྱི་ དབང་གིས་ཕྱིར་ཕ་ཡུལ་དུ་མི་འགྲོ་ཐབས་མེད་བྱུང་། ཕྱི་ལོ་༢༠༠༨ལོའི་བོད་ཞི་བའི་སྒེར་ལངས་ཆེན་མོའི་སྐབས་བླ་བྲང་ཕྱོགས་ཀྱི་ཉིན་ དང་པོའི་གཙོ་གྲོས་སུ་ལངས་ནས་༼བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་རང་དབང་དགོས། ཆོས་དད་རང་མོས་དགོས་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་མི་རིགས་ཤིག་དང་རྒྱལ་ཁབ་ ཅིག་གི་བདེ་སྡུག་གི་འགན་དབང་རླབས་པོ་ཆེ་དེ་སྤོབས་སེམས་ཆེན་པོས་ཕྲག་ཏུ་བླངས་ པ་མ་ཟད། ཕྱི་ལོ་༢༠༠༨ལོའི་ཟླ་༤ཚེས་༩ཉིན་རྒྱལ་སྤྱིའི་གསར་འགོད་པ་བོད་ཀྱི་རྒྱལ་ས་ལྷ་ས་ དང་མདོ་སྨད་བླ་བྲང་དགོན་པར་འབྱོར་བའི་སྐབས་རྒྱ་གཞུང་གི་གཏུམ་དྲག་དང་སྡུག་ གཅོད་ལ་དཔའ་མ་ཞུམ་པར་བོད་མི་རིགས་ཀྱི་བདེན་མཐའི་ཆེད་དུ་དེར་བཞུགས་བོད་མི་ དག་གི་གཙོ་གྲོས་བྱས་ནས་བདེ་སྡུག་ལེགས་ཉེས་ཆ་ཚང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ གསལ་བོར་གཏོང་ཐུབ་ཡོད། དུས་དེ་ནས་བཟུང་དམ་པ་ཁོང་ལ་འདུག་སའི་གནས་དང་སྡོད་སའི་ཁྱིམ་མེད་པར་རྒྱ་གཞུང་གི་ མེ་མདའི་སོ་ནས་བྲོས་བྱོལ་བྱེད་དགོས་བྱུང་སྟེ་ལོ་དང་ཟླ་བ་རིམ་གྱིས་བསྐྱལ་ མཐར་སྐུ་གཟུགས་ནད་ཀྱིས་མནར་ནས་བཟོད་དཀའ་བའི་གནས་སུ་གྱར་ནའང་། འགྲོ་བ་མི་ཞིག་གི་ཐོབ་ཐང་ཀུན་ནས་མེད་པའི་ཁོང་ཉིད་སྨན་ཁང་སོགས་ལ་བརྟེན་གཏུག་ བྱེད་རྒྱུའི་ཐོབ་ཐང་དང་དབང་ཚད་མེད་པའི་རྐྱེན་གྱིས། ས་གནས་སྨན་ཁང་ཆུང་གྲས་ཁ་ཤས་ལ་བསྟན་ཀྱང་ཕན་པ་མ་བྱུང་བར་ཕྱི་ལོ་༢༠༡༡ལོའི་ཟླ༢ ཚེས་༢༦ཉིན་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ཚེ་འཕེན་པ་རྫོགས་འདུག་པའི་ཡིད་ སྐྱོའི་གནས་ཚུལ་དེ་གོ་མ་ཐག་འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དམ་ པ་ཁོང་ལ་གུས་བརྩི་ཆེ་མཐོང་གི་ཕྱིར་དུ་མདོ་སྨད་མི་མང་གི་ཚབ་བྱས་ནས་༸གོང་ས་སྐྱབས་མགོན་ཆེན་པོར་བསྔོ་རྟེན་དུ་ཧིན་སྒོར་༢༠༠དང་། བཞུགས་ སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བརྟེན་མཆོག་སྤྱན་སྔར་མར་མེ་བརྒྱ་ཚར་ དང་། གསེར་ཀོང་ཚེ་འབར། དེ་བཞིན་ཕྱི་ལོ་༢༠༡༡ལོའི་ཟླ༢ཚེས་༢༨གྱི་ཞོགས་པར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ བསྔོ་སྨོན་རྒྱས་པ་ཞིག་འཚོགས་ཐུབ་ཡོད་ལ། ༼ཐེངས་འདིའི་དགེ་འདུན་པའི་སྐུ་ཡོན་ཆ་ཚང་ཧྥ་རན་སི་བོད་རིགས་སྤྱི་མཐུན་ཚོགས་ པའི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གནང་སོན་བྱུང་བར་ཐུགས་རྗེ་ བླ་ལྷག་ཏུ་ཆེ་ཞུ།༽ མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁྱབ་ཁོངས་ཀྱི་ས་རྒྱུན་རྣམས་ལ་གནས་ཚུལ་འདི་འབྱོར་རྗེས་རྒྱལ་གཅེས་དཔའ་བོ་ཁོང་གི་མཛད་རྗེས་ལ་
གུས་བརྩི་བླ་མེད་གནང་བའི་རེ་བ་ཡོད།
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

 

བོད་རྒྱལ་གཅེས་དཔའ་བོ་སྐུ་སྲས་འཇིགས་མེད་ནོར་བུ་ལགས་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ།

བོད་རྒྱལ་གཅེས་དཔའ་བོ་སྐུ་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཨ་རིའི་མངའ་སྡེ་ ཧྤོ་ལོ་རེ་ཌའི་ནང་བོད་དོན་གོམ་བགྲོད་བྱེད་སྐབས། གློ་བུར་རྐྱེན་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་ཡོད། ཕྱི་ལོ༢༠༡༡ལོའི་ཟླ་༢པའི་ཚེས་ ༡༤ ཉིན་གྱི་ཨ་རིའི་དགོང་དྲོའི་ཆུ་ཚོད་ ༧ དང་ཕྱེད་ཀའི་ཐོག་རྒྱལ་གཅེས་བོད་དོན་འཐབ་རྩོད་པ་སྐུའི་གཅེན་པོ་སྟག་འཚེར་རིན་ པོ་ཆེ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཉེ་ཆར་ཐའེ་ཝན་ནང་གི་བོད་དོན་ དྲིལ་བསྒྲགས་ཀྱི་གོམ་བགྲོད་མཇུག་སྒྲིལ་ཏེ། ཐེངས་འདིར་བསྐྱར་དུ་ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་ལམ་ཐག་ལེ་དབར་ ༣༠༠ ལྷག་གི་བོད་དོན་གོམ་བགྲོད་ཞིག་མགོ་འཛུགས་བྱས་ཏེ། ཉིན་དང་པོའི་གོམ་བགྲོད་མཇུག་སྒྲིལ་ལ་ཉེ་བའི་མཚམས་སུ་རླངས་འཁོར་ཆེན་པོ་ཞིག་ གི་བརྡབ་སྐྱོན་ འོག་སྐུ་གྲོངས་ཡོད་འདུག རང་ལོ་ ༤༥ ཡིན་པའི་སྲས་འཇིགས་མེད་ནོར་བུ་ལགས་ནི། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་གསུམ་གྱི་ཆུང་ཤོས་ཡིན་ལ། འདས་པའི་དུས་སུ་ཁོང་ཕ་དམ་པ་དང་མཉམ་དུ་ཐེངས་མང་པོར་ཨ་རིའི་མངའ་སྡེ་ཁག་མང་ པོའི་ནང་བོད་རང་བཙན་གྱི་གོམ་བགྲོད་གནང་མྱོང་ཞིང་། སྐུའི་གཅེན་པོ་དམ་སྟག་འཚེར་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༠༨ ལོའི་ཟླ་ ༩ པའི་ཚེས་ ༥ ཉིན་ཁོང་སྙུང་གཞིའི་དབང་གིས་སྐུ་གཤེགས་ཡོད་ཅིང་། དུས་དེ་ནས་བཟུང་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཕ་དམ་པའི་དགོངས་གཞི་ལྟར་ རླབས་ཆེན་གྱི་བྱ་ བཞག་མཇུག་སྐྱོང་བའི་དམ་བཅའ་བརྟན་པོ་བཅངས་ཏེ། སྔ་ཕྱི་ཨ་རིའི་མངའ་སྡེ་ཁག་ཅིག་དང་ཁེ་ཎ་ཌའི་མངའ་སྡེ་ཁག དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནས་གྲོང་ཁྱེར་ཀོ་ཞོན་བར་ཉིན་གྲངས་ ༡༣ རིང་གོམ་བགྲོད་གནང་སྟེ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་མཛད་རྗེས་མི་དམན་ པ་འཇོག་དང་འཇོག་མུས་སུ་མཆིས་ཀྱང་། ། ཟླ་འདིའི་ཚེས་༡༤ཉིན་ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་གི་གོམ་བགྲོད་མགོ་ འཛུགས་གནང་སྟེ། ཉིན་གཅིག་ལས་ཕྱིན་མེད་པའི་མཚམས་སུ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བདེན་ མཐའི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་ལོངས་སྤྱོད་དང་བཅས་པ་བཞག་ནས་གཅེས་པའི་འཇིག་ རྟེན་འདི་དང་ཁ་གྱེས་དགོས་བྱུང་འདུག ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་རྗེས་འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལསཁང་ གིས་རྡ་སའི་ཉེ་འཁྲིས་ཀྱི་རྒྱུན་ལས་རྣམས་བསྡུ་སྐོང་གིས་བོད་རྒྱལ་གཅེས་དཔའ་ བོ་ཁོང་ལ་མྱ་ངན་གུས་འདུད་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདུན་ཚིགས་རེ་ རེ་བཞིན་མར་མེ་བརྒྱ་མཆོད་འབུལ་རྒྱུ་དང་། དེ་བཞིན་ཁོང་གི་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཀྱང་བཏང་ཡོད། དེ་བས་རང་རེ་མདོ་སྨད་ས་རྒྱུན་གར་ཡོད་རྣམས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་གི་མཛད་རྗེས་ལ་
གུས་བརྩི་བླ་མེད་གནང་བའི་རེ་བ་ཡོད།

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
ཕྱི་ལོ་༢༠༡༡ལོའི་ཟླ༢ཚེས་༡༥ཉིན།

བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ལ་ཆེད་བཏང་།

མདོ་སྨད་ས་གནས་རྒྱུན་ལས་ཁག་ལ་ཆེད་བཏང་བརྡ་འཕྲིན།
ཕྱི་ལོ་༢༠༡༠ལོའི་ཟླ་༡༡ནང་འདི་ག་མདོ་སྨད་དབུས་སྤྱི་ཁྱབ་ཚོགས་གཙོ་ཡེ་ཤེས་སྒྲོལ་མ་ལགས་དང་། དངུལ་གཉེར་བྱམས་པ་ཆོས་སྒྲོན་གཉིས་ཡོ་རོབ་ཁུལ་དུ་ཕྱོགས་ཕེབས་ཀྱིས་བྷེལ་ལྗམ་དང་ཧྥ་རིན་སི་གཉིས་སུ་མདོ་སྨད་པ་རྣམས་སྐོང་འཚོགས་ཀྱིས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་
གི་ལས་དོན་བྱེད་ཕྱོགས་ཁག་ངོ་སྤྲོད་དང་། ས་གནས་དེ་གཉིས་ནས་མདོ་སྨད་པ་གང་མང་ཞིག་ལ་མདོ་སྨད་སྤྱི་བའི་ལས་དོན་མང་པོ་ཞིག་གི་ཐོག་གོ་བསྡུར་ལྷུག་པོ་བྱེད་ཐུབ་ཡོད།

 

བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ལ་ཆེད་བཏང་།

བཀུར་འོས་བལ་ཡུལ་མདོ་སྨད་ས་རྒྱུན་ལྷན་རྒྱས་རྣམས་གཙོས་དེར་བཞུགས་མདོ་སྨད་ ཡོངས་ལ་ཆེད་དུ་ཞུ་རྒྱུར།
ཉེ་ཆར་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་བདེ་འགན་བསྟན་པའི་དངོས་གྲུབ་དང་མདོ་ སྨད་ཛ་དྲག་མ་དངུལ་ཚོགས་ཆུང་གི་ཚོགས་མི་ཀིརྟིའི་གྲྭ་ཚང་སྐུ་ཚབ་བློ་བཀྲ་ཚེ་ རིང་གཉིས་ཆེད་བཅར་གྱིས། བཙན་བྱོལ་སྤྱི་ཚོགས་ནང་གི་མདོ་སྨད་པ་ཉམ་ཐག་གང་ཡོད་དེར་ཕན་གྱི་རོགས་དངུལ་ བསྡུ་རུབ་ཀྱི་ལས་དོན་ལ། དེ་ག་བལ་ཡུལ་མདོ་སྨད་ས་རྒྱུན་དབུ་ལས་ལྷན་རྒྱས་དང་རྒྱལ་གཅེས་ལྷག་བློས་ཕྱུག་ པའི་མི་མང་ཡོངས་ནས་མ་སྐུལ་དང་བླངས་ཀྱིས་རོགས་ཕན་ཅི་སྒྲུབ་གནང་སྟེ། མདོ་སྨད་ཛ་དྲག་ཉམ་ཐག་མ་དངུལ་ཐོག་བལ་སྒོར་ལྔ་འབུམ་དྲུག་ཁྲི་བདུན་སྟོང་༼ ༥༦༧༠༠༠༽གི་ཞལ་འདེབས་གནང་སོན་བྱུང་བར། འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་མདོ་སྨད་མི་མང་ཡོངས་ཀྱི་ཚབ་ བྱས་ཏེ་ཁྱེད་རྣམ་པར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན། ཕྱི་ཚེས་་༡༠ཉིན་མདོ་སྨད་དབུས་རྒྱུན་ངོ་ལས་ཕྱོགས་སྐྱོད་མི་འགྲོ་གཉིས་བཞུགས་ སྒར་རྡ་སར་ལེགས་པར་འབྱོར་ཏེ་ཐེངས་འདིའི་ལས་དོན་མཐའ་དག་ལྷག་ལུས་མེད་པར་རྩིས་ སྤྲོད་གྲུབ་ཡོད་པས་དེ་དོན་དགོངས་མངའ་ཡོད་པ་ཞུ།
ཞེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
ཕྱི་ལོ༢༠༡༠ལོའི་ཟླ༧ཚེས་༡༡ལ།

 

 

 

 

 

 

བཀུར་འོས་མདོ་སྨད་ཆོལ་ཁའི་ས་གནས་རྒྱུན་ལས་ཁང་རྣམས་ལ་ཆེད་དུ་ཞུ་རྒྱུ།

འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྔོན་སོང་ཐག་གཅོད་ལྟར་བཙན་བྱོལ་བོད་གཞུང་གི་ཚོགས་ཆེན་མ་འཚོགས་སྔོན་དུ་དབུས་སའི་འབྲེལ་ལམ་ཐད་མདོ་སྨད་ཀྱི་ས་གནས་ཁག་ཅིག་ལ་ཕྱོགས་
སྐྱོད་གྲུབ་ཐུབ་བྱ་རྒྱུ་ཡིན་པས། ཕྱི་ལོ2010ལོའི་8ཚེས་17ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལི་བར་སྐྱོད་རྒྱུ་དང་། ཚེས19ཕྱི་དྲོ་མོན་གྷོ་མདོ་སྨད་ས་གནས་ལ་ཐོན་རྒྱུ། ཚེས་20ཉིན་གོ་ལི་སྒར་ས་གནས་ལ་འགྲོ་རྒྱུ། ཚེས་22ཉིན་ཧོང་སོར་མདོ་སྨད་ས་གནས་ལ་ཐོན་རྒྱུ། ཕྱི་ཚེས་23ཉིན་སྦེལ་ཀོབ་མདོ་སྨད་ས་གནས་ལ་འབྱོར་ཐུབ་བྱ་རྒྱུ་ཡིན་ན། ཕྱོགས་སོར་གནས་པའི་མདོ་སྨད་ས་གནས་རྣམ་པའི་དེ་དོན་དགོངས་མངའ་ཡོང་བ་ཞུ།

ཞེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུ་ལས་ཁང་ནས།

ཕྱི་ལོ2010/6/22ལ།

 

༄༅།། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁྱབ་ཁོངས་མདོ་སྨད་ས་གནས་རྒྱུན་ལས་ རྣམས་ལ་ཆེད་དུ་ཞུ་གསོལ།

དགོངས་མངའ་བཞིན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞིས་གྲོང་ཁག་ནང་གི་མདོ་སྨད་པ་ ཉམ་ཐག་དང་ཁྱད་པར་དུ་བོད་ནང་གནས་སྟངས་ཛ་དྲག་གིས་རྐྱེན་པས་ལོ་མང་སྔོན་ནས་བོད་ ཁྱོན་ཡོངས་དང་ལྷག་པར་དུ་མདོ་སྨད་ཆོལ་ཁོངས་ནས་སེར་སྐྱ་ཕོ་མོ་རྒན་གཞོན་བར་ གསུམ་གསར་དུ་བཙན་བྱོལ་ལ་འབྱོར་མཁན་ལོ་ལྟར་ཇེ་མང་དུ་འགྲོ་མུས་ཡིན་ལ། རྩ་བའི་ཆ་ནས་རང་རེ་བཙན་བྱོལ་བོད་གཞུང་གི་རོགས་སྐྱོར་སྲིད་ཇུས་དགོངས་དོན་ སྤྱི་ཡོངས་མཐུན་འགྱུར་སྩོལ་བཞིན་པ་ནས་མ་འདེང་བ་དང་། དོ་བདག་སོ་སོའི་སྐྱབས་བཅོལ་ཐོ་འགོད་སོགས་ཀྱི་གནས་སྟངས་ལ་གཞིགས་ནས་གཞུང་གི་ རོགས་སྐྱོང་སྒྲིག་གཞིའི་སྒྲོམ་ནང་མ་ཚུད་པ་བཅས་དཀའ་ངལ་དངོས་འཕྲད་ཅན་མང་པོ་ ཞིག་ད་དུང་ཡང་ལྷག་ཡོད། ད་ཕན་མདོ་སྨད་དབུས་རྒྱུན་ལས་དང་། ས་གནས་རྒྱུན་ལས། སྤྱི་སྒེར་ཁག་ཅིག་ནས་རོགས་སྐྱོར་གང་ཐུབ་ཞུ་ཐབས་བྱ་མུས་ཀྱང་། མཚམས་རེ་འདེང་མིན་དང་རྒྱུན་གནས་ཐུབ་མིན། དེ་བཞིན་མདོ་སྨད་ཆོལ་ཁོངས་རྒན་རྒོན་བདག་མེད་དང་། གློ་བུར་ནད་མནར་ཚབས་ཆེན། ནད་ཀྱི་དབང་གིས་ལས་ཞུགས་མ་ཐུབ་པར་དུས་ཡུན་རིང་བོར་གནས་པ་སོགས་ལ་གཞུང་གི་ མཐུན་རྐྱེན་རོགས་རམ་དུས་ཐོག་ཐོན་མིན། ཡང་ན་འདེང་མིན་སོགས་ཀྱི་དཀའ་ངལ་ཅི་ཆེ་འཕྲད་བཞིན་པ་ཡང་ཇི་རྙེད་ཅིག་ཡོད་པས་ མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ནས་གཟིགས་རྟོགས་དགོས་སྐོར་མདོ་སྨད་ཚོགས་ ཆེན་རིམ་པས་ནང་བཀའ་མོལ་ཡོང་བཞིན་པ་ལྟར། ད་རེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཛ་དྲག་ཉམ་ཐག་རོགས་སྐྱོར་ཚོགས་ ཆུང་ཞིག་མདོ་སྨད་དབུས་ཀྱི་སྟེང་འཛིན་འོག་བཙུགས་ཡོད་པ་ དེ་བཞིན་རྒྱ་བལ་འབྲུག་གསུམ་སོགས་མདོ་སྨད་པ་གར་ཡོད་ཀྱི་ཁྱབ་ཁོངས་ནས་དམིགས་ བསལ་ཛ་དྲག་ཉམ་ཐག་ཅན་རྣམས་ཀྱི་རྩ་བའི་ལོ་རྒྱུས་ཞིབ་བཀོད་ཀྱིས་མདོ་སྨད་ས་གནས་ གང་དེ་ཉིད་ཀྱིས་རྒྱབ་ཉེར་མཚན་རྟགས་དང་བཅས་དབུས་སྤྱི་ཁྱབ་ཁང་ལ་སྐུར་རྒྱུ་ དང་། འདི་ག་ནས་དེ་དག་གི་ལོ་རྒྱུས་གནས་སྟངས་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་རོགས་ཕན་ གྱི་ལས་དོན་གང་ནུས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ན། ས་གནས་ཁག་གིས་དེ་དོན་དགོངས་ཆུབ་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་ཁོངས་བདེན་གནས་ ཚུལ་རེ་རེ་བཞིན་བསྐུར་གནང་ཡོང་བ་ཞུ།

ཞེས་མཕྱི་ལོ༢༠༡༠ལོའི་ཟླ༤ཚེས༢༣ལ།

རེའུ་མིག་ཟུར་དུ་བཀོད་ཡོད་པས་མཁྱེན་རྟོགས་ཡོང་བ་དགོས།

དོ་སྨད དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

 

མདོ་སྨད་ཛ་དྲག་ཉམ་ཐག་རོགས་སྐྱོར་ཞུ་མཁན་གྱི་འགེངས་ཤོག

སྡེ་ཚན་དང་པོ།

ཕྱེད་པར་གཉིས།
ཉེ་དུས་ཀྱི་པར་ཡིན་པ་ལས་ལོ་ཁ་ཤས་ཀྱི་སྔོན་མ་ཡིན་པ།

ཕྱེད་པར་གཉིས།

༡༽ མིང་། ་་་་་་་་་་་་་་་་་་་་་་་་་་་་་་ ༢༽ ཕོ/མོ། ་་་་་་་་་་ ༣༽ ཕ་མིང་། ་་་་་་་་་་་་་་་་་་་་་་་་་་་་་་་ སྐྱེས་ཡུལ།་་་་་་་་་་་་་་་་་་་་་ ༤༽ ལོ། ་་་་་་་་༥༽ ད་ལྟའི་སྡོད་གནས། ་་་་་་་་་་་་་་་་་་་་་་་་་་་ ༦༽ མདོ་སྨད་ལག་ཁྱེར་བྱང་བུ(IDENTITY CARD)ཨང་། ་་་་་་་

༧ ༽དྭང་བླང་དཔྱ་དངུལ་ལག་དེབ་ཨང་། ་་་་་་་་་་་་་་་་་་་་་་་་་་་་་་ ༨༽བོད་གཞུང་གི་ཉམ་ཐག་སྡེ་ཚན་གང་རུང་ནང་ཡོད་ མེད། ་་་་་་་་་་་་་་་་ཡོད་ན་སྡེ་ཚན་གང་གི་ཁོངས་ཡིན ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མེད་ན་མེད་པའི་རྒྱུ་མཚན། ་་་་་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཉམ་ཐག་རིགས་དབྱེ། ་་་་་་་་་་་(ནད་མནར། རྒན་རྒོན་བདག་མེད། ད་ཕྲུག དབང་སྐྱོན་སོགས་གང་ཡིན་ཁ་གསལ་དགོས།)

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

སྡེ་ཚན་གཉིས་པ།

དོ་བདག་གང་གི་ཁྱིམ་ཚང་དུ་ནང་མི་དུ་ཡོད་འགེངས་ཤོག་རེའུ་མིག

ཨང་།
ནང་མི་རེ་རེའི་མིང་།
ཕོ། མོ།
ལོ་ཚད།
དོ་བདག་དང་ཕན་ཚུན་འབྲེལ་བ།
ད་ལྟའི་འཚོ་ཐབས།
           
           
           
           
           
           
           
           
           

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། ་་་་ ཛ་དྲག་ཉམ་ཐག་རོགས་སྐྱོར་ཚོགས་ཆུང་། ཕྱི་ལོ་་་་་་་་་་་་་་་ཟླ་་་་་་་་་་་་་་་ཚེས་་་་་་་་་་་་ལ།

 

༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ་འདི་ཉིད་ཕྱི་ལོ༢༠༠༩ལོའི་ཟླ༡༢ཚེས་༢༣ཉིན་ ཐོག་མའི་སྒོ་འབྱེད་མཛད་སྒོ་དང་སྦྲགས་དྲ་ལམ་དུ་བཏང་ཡོད་ལ། བོད་ལྗོངས་མདོ་སྨད་ཆོལ་ཁའི་ས་གནས་རྒྱུན་ལས་ཁག་གི་དབུ་ལས་ལྷན་རྒྱས་མཆོག་ལ་དྲ་རྒྱ་འདིའི་ལེ་ཚན་རྣམས་ངོ་སྤྲོད་དང་། གཞན་དྲ་ བྱང་དང་འབྲེལ་གཏུག་ཡིག་སྣོད་སོགས་གཤམ་དུ་བཀོད་ཡོད། དྲ་རྒྱ་འདིའི་ནང་དུ་ལེ་ཚན་ཆེ་ཁག་བརྒྱད་དང་། ནང་གསེས་ལེ་ཚན་བརྒྱད་ཅུ་གྱ་གསུམ་ལྷག་ཡོད། ལེ་ཚན་ཆུང་བ་ཁ་ཤས་ད་དུང་ཁ་བསྐང་དགོས་པའང་ཡོད་པས་མདོ་སྨད་ས་གནས་ལས་ཐོག་པ་ རྣམས་དང་ལྷག་ པར་བོད་ཕྱི་ནང་གི་མདོ་སྨད་པ་ཡོངས་ཀྱིས་འགན་རང་ཁུར་གྱིས་རོགས་རམ་གང་ཐུབ་གནང་ རྒྱུ་ཤིན་ཏུ་ ནས་བཀའ་དྲིན་ཆེ། དཔེར་ན་བོད་མི་དམངས་ལ་བྱས་རྗེས་རླབས་ཆེན་བཞག་མྱོང་ཡོད་པའི་སྐྱེ་བུ་དམ་པ་དག་ གི་ལོ་རྒྱུས་སྙིང་བསྡུས་དང་པར་སོགས་མཁོ་སྤྲོད་བྱེད་རྒྱུ་དང་(བླ་ཆེན་ཁག་དྲ་ ཐོག་འདིར་བཀོད་པའི་ཨང་རིམ་ནི་འཁྲུང་ལོའི་ཆེ་ཆུང་ལྟར་ཡིན)། མདོ་ སྨད་ཀྱི་དགོན་སྡེ་ཆེ་ཁག་ཁ་ཤས་ཤིག་ལས་མང་པོ་ཞིག་གི་ལོ་རྒྱུས་དང་པར་ལག་ སོན་མ་བྱུང་སྟབས་རྗེས་ཕྱོགས་འབྲེལ་ཡོད་རྣམས་ཀྱིས་དགོན་སྡེ་གང་ཞིག་གི་ལོ་ རྒྱུས་དང་འདྲ་པར་འདི་གར་སྐུར་རྒྱུ་མཁྱེན།

བོད་ལྗོངས་མདོ་སྨད་དྲ་རྒྱའི་སྐོར་གྱི་ཡིག་ཆ་འདྲ་བསྐུར་རྒྱུ་ཡོད་ན་ཁ་བྱང་འདིའི་ཐོག་སྐུར་རོགས་ཞུ། www.dhomayweb@gmail.comཁ་བྱང་འདི་དྲ་རྒྱའི་མདུན་ངོས་ཀྱི་གཡོན་ཕྱོགས་བྱང་བུའི་ཐོག་ཏུའང་བཀོད་ཡོད།

འབྲེལ་བ་བྱེད་སའི་ཁ་བྱང་། www.dhomayweb@gmail.comཡིན་པས་དེ་དོན་དགོངས་འཇགས་འཚལ།
མདོ་སྨད་ཆོལ་ཁའི་དྲ་རྒྱའི་ཁ་བྱང་ནི། www.dhomay.net དང་ཡང་ན www.dhomay.org ཡིན། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི ཡིག་ཚང་ཁ་པར་ཨང་། 0091-1892-220334
 
༄༅། །མདོ་སྨད་ས་གནས་ཁག་ལ་ཆེད་བཏང་གསལ་བསྒྲགས།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334