མདོ་སྨད་ཆོལ་ཁའི་ས་གནས་རྒྱུན་ལས་གར་ཡོད་རྣམས་ལ་ཆེད་ཞུའི་གསལ་བརྡ།
༄༅།། མདོ་སྨད་ཆོལ་ཁའི་ས་གནས་རྒྱུན་ལས་ཁང་གར་ཡོད་རྣམས་ཀྱི་དྲུང་དུ།
་ ཆེད་གསོལ།
ཚང་མས་མཁྱེན་གསལ་ལྟར་ཉེ་བའི་ཆར་བོད་མདོ་སྨད་རྔ་བའི་དགོན་གྲོང་གཉིས་དང་སྒོས་ རྔ་བ་ཀིརྟིའི་དགོན་ཆེན་དེ་ཉིད་ཕྱི་ལྕགས་ཚེར་དང་ལྕགས་རི་མཐོན་པོས་བསྐོར་ཏེ་ བཙོན་ཁང་གི་བྱེད་ནུས་ཚང་བའི་རྣམ་པར་བསྒྱུར་རྗེས། རྒྱ་གཞུང་གིས་དོན་མེད་མནར་གཅོད་དང་ཉེས་མེད་བསྙོན་འཛུགས་ཀྱིས་དགོན་པའི་གླིང་ གི་ལོ་ལོན་རྒན་རྒོན་རྣམས་ལ་གདུག་རྩུབ་དྲག་པོས་གཅར་རྡུང་ཤུགས་ཆེན་བྱས་ཏེ་ལོ་ ལོན་གཉིས་དམར་གསོད་ཐེབས་ཡོད་པ་དང་། ལོ་དྲུག་ཅུ་ཅན་གྱི་རྒན་མོ་ཞིག་གི་རྐང་པ་དུམ་བུ་གསུམ་དུ་བཏང་བ་སོགས་ཤི་གསོན་ གྱི་དབྱེ་བ་མི་ཤེས་པའི་རྨས་མ་མང་པོ་ཞིག་ཡོད་ལ། དེ་བཞིན་གྲྭ་བ་རྣམས་དགོན་པའི་ནང་གི་ཤིང་སྡོང་དག་ལ་བཅིངས་ནས་ཚ་འདྲི་དང་མནར་ གཅོད་གཅར་རྡུང་ཚད་མེད་བྱས་རྗེས་ད་ལྟ་རེ་རེ་བཞིན་བཙན་ཁྲིད་ཀྱིས་གྲྭ་བ་སུམ་ བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ད་དུང་ཡང་བཙན་ཁྲིད་བྱེད་དང་བྱེད་བཞིན་ཡོད་ན། དམྱལ་བ་མི་ཡུལ་དུ་མྱོང་བཞིན་པའི་མནར་གཅོད་ཆེན་མོ་འདི་ཞི་འཇགས་ཡོང་ཐབས་དང་། བོད་མདོ་སྨད་ཁུལ་གྱི་ཆོས་སྡེ་ཆེན་མོ་འདི་རྨེག་མེད་དུ་མི་འགྲོ་བའི་དགོས་དོན་ དུ་འཛམ་གླིང་མིའི་རིགས་ལ་སྐྱབས་ཞུའི་འབོད་སྐུལ་ཆེད་ཕྱི་ཚེས་༢༦ནས་འགོ་འཛུགས་ ཀྱིས་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་རྣམས་གཙོས་དགེ་འདུན་པའི་སྡེ་ཁོ་ ན་ཞིག་གིས་བཞུགས་སྒར་རྡ་ས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་མདོ་སྨད་དབུས་ རྒྱུན་ལས་རྣམས་མཉམ་ཞུགས་ཐོག་ཞི་བའི་བགྲོད་ཅིག་སྤེལ་རྒྱུ་གཏན་ཁེལ་ཡོད་ལ། དེ་ག་ས་རྒྱུན་རྣམས་ཀྱིས་ཀྱང་གདུང་སེམས་མཉམ་སྐྱེད་ཀྱིས་ལས་འགུལ་རྒྱ་གང་ཆེ་ ཞིག་སྒྲུབ་ཐུབ་རྒྱུའི་འབོད་སྐུལ་དུ།
| མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། |
|
| ཕྱི་ལོ༢༠༡༡ལོའི་ཟླ༤ཚེས་༢༣ལ། |
 |
༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ་འདི་ཉིད་ཕྱི་ལོ༢༠༠༩ལོའི་ཟླ༡༢ཚེས་༢༣ཉིན་ ཐོག་མའི་སྒོ་འབྱེད་མཛད་སྒོ་དང་སྦྲགས་དྲ་ལམ་དུ་བཏང་ཡོད་ལ། གཟིགས་པ་པོ་རྣམས་ལ་དྲ་རྒྱ་འདིའི་ལེ་ ཚན་རྣམས་ངོ་སྤྲོད་དང་། གཞན་དྲ་བྱང་དང་འབྲེལ་གཏུག་ཡིག་སྣོད་སོགས་གཤམ་དུ་འགོད་རྒྱུ། དྲ་རྒྱ་འདིའི་ནང་དུ་ལེ་ཚན་ཆེ་ཁག་བརྒྱད་དང་། ནང་གསེས་ལེ་ཚན་བརྒྱད་ཅུ་གྱ་གསུམ་ཡོད། ལེ་ཚན་ཆུང་བ་ཁ་ཤས་ད་དུང་ཁ་བསྐང་དགོས་པའང་ཡོད་པས་གཟིགས་མོ་བ་རྣམ་པ་དང་ལྷག་ པར་བོད་ཕྱི་ནང་གི་མདོ་སྨད་པ་ཡོངས་ཀྱིས་འགན་རང་ཁུར་གྱིས་རོགས་རམ་གང་ཐུབ་གནང་ རྒྱུ་ཤིན་ཏུ་ ནས་བཀའ་དྲིན་ཆེ། དཔེར་ན་བོད་མི་དམངས་ལ་བྱས་རྗེས་རླབས་ཆེན་བཞག་མྱོང་ཡོད་པའི་སྐྱེ་བུ་དམ་པ་དག་ གི་ལོ་རྒྱུས་སྙིང་བསྡུས་དང་པར་སོགས་མཁོ་སྤྲོད་བྱེད་རྒྱུ་དང་(བླ་ཆེན་ཁག་དྲ་ ཐོག་འདིར་བཀོད་པའི་ཨང་རིམ་ནི་འཁྲུང་ལོའི་ཆེ་ཆུང་ལྟར་ཡིན)། མདོ་སྨད་ཀྱི་དགོན་སྡེ་ཆེ་ཁག་ཁ་ཤས་ཤིག་ལས་མང་པོ་ཞིག་གི་ལོ་རྒྱུས་དང་པར་ལག་ སོན་མ་བྱུང་སྟབས་རྗེས་ཕྱོགས་འབྲེལ་ཡོད་རྣམས་ཀྱིས་དགོན་སྡེ་གང་ཞིག་གི་ལོ་ རྒྱུས་དང་འདྲ་པར་འདི་གར་སྐུར་རྒྱུ་མཁྱེན། |