འཚོལ་བཤེར:
མདུན་ངོས།
མདོ་སྨད་ཆོལ་ཁའི་ལས་རྟགས།
མདོ་སྨད་ཆོལ་དར།
བཞུགས་སྒར་རྡ་རམ་ས་ལའི་མདོ་སྨད་ས་གནས་རྒྱུན་ལས། ཕྱི་ལོ2009ནས2011བར།
ཨང་།
མཚན་གཞུང་།
ལས་གནས།
ཨང་།
མཚན་གཞུང་།
ལས་གནས།
ཨ་ལོ།
ཚོགས་གཙོ།
རྒྱ་མཚོ།
ཚོགས་གཞོན།
མགོན་པོ་སྐྱབས།
དྲུང་ཆེ།
ཡེ་ཤེས་བསྟན་འཛིན།
རྩིས་པ།
དབང་མོ།
བདེ་དོན་འགན་འཛིན།
བསྟན་པ་དར་རྒྱས།
དངུལ་གཉེར།
འོད་ཟེར།
རྒྱུན་ལས་ལས་ཐོག
ཚེ་འཕགས་རྡོ་རྗེ།
རྒྱུན་ལས་ལས་ཐོག
ལྷ་མོ་དོན་འགྲུབ།
རྒྱུན་ལས་ལས་ཐོག
༡༠
ཕུན་ཚོགས་རབ་བརྟན།
རྒྱུན་ལས་ལས་ཐོག
ལྡི་ལི་མདོ་སྨད་ས་གནས་རྒྱུན་ལས། ཕྱི་ལོ2009ནས2011བར།
རིག་འཛིན། ཚོགས་གཙོ། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཆབ་ཆའི་རྩི་གོར་ཐང་དུ་ སྐྱེས།ཆུང་བྱིས་པའི་དུས་ནས་ངུར་སྨྲིག་ གི་སྡེ་རུ་ཞུགས་ཏེ་ཐུན་མོང་རིག་གནས་དང༌། ཐུན་མིན་ནང་བསྟན་གྱི་རིག་པའི་གཞུང་ལུགས། དགོན་ པའི་འདོན་རྟ་དབྱངས་བཅས་ལ་མཐར་ཕྱིན་པ་སྦྱངས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་བཙན་ བྱོལ་ལ་འབྱོར་རྗེས་སུ་ལྷོ་ཕྱོགས་སྦེལ་ཀོབ་རྣམ་གྲོལ་གླིང་དུ་ཆོས་ཞུགས་ཀྱིས་ ནང་བསྟན་གཞུང་ལུགས་ལ་ལོ་ངོ་བརྒྱད་དགུ་རིང་སློབ་གཉེར་བྱས། དེ་རྗེས་རྒྱལ་ས་ལྡི་ལི་རུ་གནས་སྤོས་ནས་བོད་ཀྱི་དཔེ་དེབ་ཁང་ཞིག་གསར་འཛུགས་ ཀྱིས་རང་མི་རིགས་ཀྱི་རིག་གཞུང་ལ་རང་ནུས་ཅི་ལྕོགས་ཀྱིས་ཞབས་འདེགས་ཞུ་མུས་ དང༌། ད་ལྟ་ལྡི་ལི་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་འགན་འཁུར་མུས་བཅས་ཀྱི་ལོ་ རྒྱུས་མདོར་བསྡུས་སུ།
སྐལ་བཟང་གསུང་རབ། ཚོགས་གཞོན། སྐལ་བཟང་གསུང་རབ། བོད་ལྗོངས་མདོ་སྨད་ཅོ་ནེའི་ཆོས་དཔལ་ཞང་གོ་ཆོད་སྡེ་བ་རུ་སྐྱེས། ཆུང་བྱིས་པའི་དུས་ནས་བཀྲ་ཤིས་ཆོས་འཁོར་གླིང་དུ་ཆོས་ཞུགས་ཀྱིས་་ལོ་ངོ་བརྒྱད་ རིང་ཚད་མ་རིག་པའི་གཞུང་ལུགས་ལ་སྦྱངས། ཕྱི་ལོ་ ༡༩༩༡ ལོར་རྒྱལ་ས་ལྷ་ས་རུ་གནས་མཇལ་དུ་ཡོང་རྗེས་དམིགས་ཡུལ་ཞིག་གི་ཆེད་དུ་ཕྱིར་ཕ་ ཡུལ་དུ་ལོག ཕྱི་ལོ་ ༡༩༩༣ ལོར་རང་གི་ཕ་ས་བསྐྱུར་ནས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་སྐབས་བལ་ཡུལ་ཉེན་རྟོག་ པས་འཇུ་བཟུང་གིས་བཙོན་ཁང་ཁག་ཉེར་བདུན་ནང་རིམ་བཅུག་གིས་བལ་ཡུལ་གཞུང་དུ་ བསླེབས། སྐབས་དེར་རང་གཞུང་སྣེ་ལེན་ཁང་གིས་བལ་སྒོར་ལྔ་བརྒྱ་རེེ་སྤྲད་ནས་བདེ་འཇགས་ངང་ སྣེ་ལེན་ཁང་དུ་འབྱོར་ཐུབ་པ་བྱུང༌། ལོ་དེའི་ཕྱི་ཟླ་ ༡༡ ནང་རྒྱ་གར་དུ་འབྱོར་རྗེས་ལྷོ་ཕྱོགས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་ཅིང༌། མཁན་རིན་པོ་ཆེ་དང་ཕྱག་མཛོད་རྣམ་པས་བཀའ་ཕེབས་པ་སྤྱི་བོར་བཀུར་ནས་འདུས་མང་ རྒྱ་མཚོར་ཞབས་ཞུའི་ཚུལ་དུ་ཕྱི་ལོ་ ༡༩༩༤ ཟླ་ ༠༡ ཚེས་ ༢ ནས་ ཕྱི་ལོ་ ༡༩༩༧ ཟླ་ ༣ ཚེས་ ༨ བར་དུ་ཚོང་ཁང་གི་འགན་ཁུར། ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་བསླེབས་ནས་སྒེར་གྱི་ ཚོང་ཁང་ཞིག་གཉེར་ནས་ཚོང་ལས་ཀྱི་ལས་འགོ་བརྩམས། ཕྱི་ལོ་ ༢༠༠༢ ལོར་ལྡི་ལི་ས་གནས་མདོ་སྨད་ཀྱི་རྒྱུན་ལས་འབྲེལ་མཐུད་པའི་ལས་འགན་ལོ་ངོ་ལྔའི་ རིང་ཁུར་ནས་དུས་ཡུན་རྫོགས་མཚམས་སུ་མི་མང་གིས་བསྐྱར་དུ་འོས་འདེམས་བྱས་ཏེ་ལོ་ གཉིས་རིང་འབྲེལ་མཐུད་པ་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༠༨ བར་བསམ་ཡས་གླིང་ས་གནས་གཞོན་ནུའི་ཚོགས་པའི་ཚོགས་མི་བྱས། ཕྱི་ལོ་ ༢༠༠༦ རྒྱ་ནག་གི་སྲིད་འཛིན་ཧོ་ཅིན་ཐའོ་རྒྱ་གར་དུ་གནས་གཟིགས་སུ་ཡོང་སྐབས་ངོ་རྒོལ་ སྐད་འབོད་ཀྱིས་མདུན་མཆོང་བྱས་པར་བརྟེན་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིིས་ ཤར་ཨེ་ཤའི་བཙོན་ཁང་ཆེ་ཤོས་༼ཏེ་ཧཱ་༽རུ་ཟླ་གཅིག་རིང་བཙོན་འཇུག་བྱས། ཕྱི་ལོ་༢༠༠༨ ཕྱི་ཟླ་ ༩ བའི་ནང་བསམ་ཡས་གླིང་མི་མང་གིས་འོས་བླུགས་ཀྱིས་ས་གཞོན་ཚོགས་གཞོན་དང༌། རིམ་པས་ས་གཞོན་གྱི་ཚོགས་གཙོ་དང༌། ལྡི་ལི་མདོ་སྨད་ཀྱི་ཚོགས་གཞོན་གཅིག་ལྕོགས་ཀྱི་ལས་འགན་འཁུར་མུས་བཅས་ཀྱི་ལོ་ རྒྱུས་མདོར་བསྡུས་སུ།
དཔལ་ལྡན། དྲུང་ཆེ། ཧོ་ ཐོག་དཔལ་ལྡན། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཧོ་ཐོག་སྡེ་བར་ལྟེ་མཚལ་ཞུན་མ་ཐོག་མར་འཐོར་ ཞིང༌། བྱིས་དུས་ཀྱི་རྨི་ལམ་ཀློང་ནས་ཀ་ཁའི་དབྱངས་རྟ་འཐེན་བཞིན་སློབ་འབྲིང་མཐར་ ཕྱིན་པའི་རྟེན་འབྲེལ་འགྲིག་ཅིང༌། རྗེས་སུ་ལས་དབང་གི་རླུང་བུས་དེད་ནས་ངུར་སྨྲིག་གི་འཇིག་རྟེན་ཞིག་ལ་བསྐྱལ། བྱིས་བློ་རིམ་གྱིས་ཡལ་བའི་དུས་ཡུན་གྱི་ཁྲོད་ནས་བསམ་གཞིགས་ཀྱི་རྒྱང་བལྟ་ བྱེད་དུས་ང་ཚོ་ཁག་གཅིག་གི་ཕམ་ཉེས་མཐོང༌། ཟུངས་ཁྲག་གི་ཐིགས་པ་རེ་རེས་ཕམ་ཉེས་དེའི་ཁ་དོག་གསུབ་དགོས་པའི་གནས་ལུགས་ རྟོགས། ཕྱིས་སུ་རྗེ་སྐུ་འབུམ་དང༌། ཆབ་ཆའི་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང༌། ཆབ་ཆའི་སློབ་འབྲིང་གི་བོད་དགེ་དུ་མ་བསྟེན་ནས་མི་རིགས་འདིའི་ཐུན་མོང་རིག་ གནས་དང༌། ཐུན་མིན་ནང་བསྟན་རིག་གནས་ཚད་ཕར་དབུ་གསུམ་ལ་སྦྱངས། ཕྱི་ལོ་༡༩༩༥ ལོར་བཙན་བྱོལ་དུ་འབྱོར་མཚམས་སུ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཚོགས་ཞུགས་གནང་ སྟེ་སླར་ཡང་ལོ་ངོ་བརྒྱད་རིང་བོད་ཀྱི་ཐུན་མོང་རིག་གནས་དང༌། ཐུན་མིན་ནང་བསྟན་ཕར་ཕྱིན་དང་ཚད་མ་ལ་སྦྱངས་བརྩོན་བྱས་ཅིང་སློབ་མཐར་ཕྱིན། ལོ་ངོ་དེ་དག་གི་རིང་ཕྱི་གླིང་བའི་སྐད་ཡིག་ལའང་བག་ཆགས་མི་དམན་པ་ཙམ་བཞག ཕྱི་ལོ་ ༢༠༠༤ ལོར་སི་ལ་གེར་བརྟན་གཞིས་བྱས་པའི་བོད་ཁྱིམ་སློབ་གྲྭའི་བོད་དགེ་གནང༌། ལོ་དེའི་ལོ་མཇུག་ཏུ་ལྡི་ལིར་བསླེབས། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ཞི་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་པར་བརྟེན་རྒྱ་ནག་གཞུང་ ཚབ་ཁང་དུ་མཆོང་རྒྱུག་བྱས་པས་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་ཤར་ཨེ་ཤའི་ བཙོན་ཁང་ཆེ་ཤོས་༼ཏེ་ཧ་༽ནང་ཟླ་གཅིག་རིང་བཙོན་འཇུག་བྱས། ལྡི་ལི་ས་གནས་གཞོན་ནུའི་འཕུར་གསར་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང༌། ཆོས་སྤྱོད་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་ཞུ་དག་པ། ལྡི་ལི་ས་གནས་མདོ་སྨད་མི་མང་གིས་འོས་འདེམས་བྱས་ཏེ་དྲུང་ཆེའི་ལས་འགན་འཁུར་ མུས་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ། ༤
ཀླུ་རྒྱལ་འབུམ། རྩིས་པ། ཀླུ་རྒྱལ་འབུམ། རྩིས་པ། མཚོ་སྔོན་པོའི་ལྷོ་བརྒྱུད་མང་ར་སྒོ་ར་སྡེ་ བ་རུ་སྐྱེས།ཆུང་བྱིས་པའི་དུས་ནས་ སློབ་ཆུང་ནས་སློབ་འབྲིང་བར་ འགྲིམས།ཕྱི་ལོ་༡༩༩༡ལོར་མང་ར་བྱ་མདོ་རུ་དངུལ་ཁང་གི་དངུལ་གཉེར་གྱི་ལས་ཀ་ལོ་ ངོ་གསུམ་ཕྱིན་རྗེས་ཀྱི་ཕྱི་ལོ་༡༩༩༤ལོར་བཙན་བྱོལ་དུ་བརྟོལ། ཕྱི་ ལོ་༡༩༩༥ལོའི་ཕྱི་ཟླ་༡༢ནང་རྒྱལ་ས་ལྡི་ལི་རུ་གནས་སྤོས་ཏེ་ཚོང་ལས་ལ་ རོལ་ནས་འཚོ་བ་འསྐྱལ། ཕྱི་ལོ་༢༠༠༧ཕྱི་ལོ་༡༡ནང་ལྡི་ལི་མདོ་ སྨད་མི་མང་ནས་འོས་འདེམས་གྱི་ས་རྒྱུན་ཚོགས་གཞོན་དང་། ད་ ལྟ་མི་མང་གིས་བསྐྱར་འདེམས་ཀྱིས་ས་རྒྱུན་རྩིས་པའི་ལས་འགན་འཁུར་ མུས་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།
རྟ་མགྲིན། དངུལ་གཉེར། ༥ རྟ་མགྲིན། དངུལ་གཉེར། རྟ་མགྲིན། རེབ་གོང་མགར་རྩེ་སྡེ་བའི་ཕ་མགོན་པོ་སྐྱབས་དང༌། མ་གསེར་མོ་མཚོ་གཉིས་ཀྱི་བུ་རུ་སྐྱེས། བྱིས་དུས་སུ་སློབ་ཆུང་འགྲིམས་ཏེ་སློབ་མཐར་ཕྱིན། རྗེས་སུ་མགར་རྩེ་དགོན་དུ་ཆོས་ཞུགས་ཀྱིས་བཤེས་གཉེན་དུ་མ་བསྟེན་ནས་འབྲི་ཀློག་ ནས་འགོ་བརྩམས་ཏེ་རིམ་པས་བོད་ཀྱི་ཐུན་མོང་རིག་གནས་དང༌། ཐུན་མིན་ནང་བསྟན་ཏེ་བྱང་ཆུབ་ལམ་རིམ་དང༌། སྤྱོད་འཇུག་སོགས་ལ་གསན་སྦྱོང་བྱས་ཁུལ་བགྱིས། ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་དུ་འབྱོར་རྗེས་ཤེས་རིག་དགའ་ཚལ་གླིང་དུ་ཟླ་ངོ་ཁ་ཤས་རིང་སློབ་ གཉེར་བྱས། ལོ་དེའི་ལོ་མཇུག་ནས་ཀ་ལོན་མིན་ཊོན་དུ་བསླེབས་ནས་ལོ་ངོ་གསུམ་བསྡད་རྗེས་ཀྱི་ ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྤོས་ཏེ་ལྡི་ལི་དང་རཱ་ཇི་སི་ཐན་སོགས་སུ་ ཚོང་ལས་རོལ་བཞིན་པ་མ་ཟད། ད་ལྟ་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་ལས་ལྷན་ཚོགས་ཀྱི་ཚོགས་མི་དང༌། ལྡི་ལི་ས་གནས་མདོ་སྨད་ཀྱི་དངུལ་གཉེར་གྱི་ལས་འགན་འཁུར་མུས་བཅས་ཀྱི་ལོ་རྒྱུས་ མདོར་བསྡུས་སུ།
རིན་ཆེན་སྒྲོལ་མ། འབྲེལ་མཐུད་པ། ༦ རིན་ཆེན་སྒྲོལ་མ། འབྲེལ་མཐུད་པ། རིན་ཆེན་སྒྲོལ་མ། མདོ་སྨད་མཚོ་བྱང་ཨ་རིག་ཏུ་སྐྱེས། ཕྱི་ལོ་ ༡༩༩༠ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་སུ་རྒྱལ་ས་ལྡི་ལིར་ཕ་ས་གཉིས་པ་བཟུང་ ནས་ཚོང་ལས་ཙ་ཙིག་ལ་རོལ་ནས་འཚོ་བ་བསྐྱལ། དེ་སྔོན་ལྡི་ལི་ས་གནས་མདོ་ སྨད་ཀྱི་རྒྱུན་ལས་བྱས་མྱོང་ཞིང༌། ད་ལྟ་ཡང་བསྐྱར་དུ་འོས་འདེམས་ཀྱིས་རྒྱུན་ལས་སུ་འདེམས་ཐོན་བྱུང་ནས་འབྲེལ་ མཐུད་པའི་ལས་འགན་འཁུར་མུས་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།
ལྷ་མོ་སྒྲོལ་མ། འབྲེལ་མཐུད་པ་ ༧ ལྷ་མོ་སྒྲོལ་མ། འབྲེལ་མཐུད་པ་ ལྷ་མོ་སྒྲོལ་མ། མདོ་སྨད་རྗེ་སྐུ་འབུམ་གྱི་ཉེ་འཁྲིས་སུ་ཡོད་པའི་ཁྱུང་རྒྱ་སྡེ་བ་རུ་སྐྱེས། ཆུང་བྱིས་པའི་དུས་སུ་ཞིང་ལས་ལ་རོལ་ནས་འཚོ་བ་བསྐྱལ། དེ་རྗེས་ཀྱི་ཕྱི་ལོ་ ༡༩༨༤ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མཚམས་སུ་བོད་ཁྱིམ་སློབ་གྲྭའི་ཚེམ་བུའི་སྡེ་ ཚན་དུ་ལོ་ཤས་རིང་ལས་ཀ་བྱས། ཕྱི་ལོ་ ༡༩༩༤ ལོར་ལྡི་ལིར་གནས་སྤོས་ནས་ཚོང་ལས་ཙ་ཙིག་བརྒྱབ་ནས་མི་ཚེའི་འཚོ་བ་སྐྱེལ་བཞིན་ པའི་སྔ་ལོ་ཕྱི་ཟླ་བདུན་པའི་ནང་ལྡི་ལི་མདོ་སྨད་མི་མང་གིས་འོས་འདེམས་ཀྱིས་ རྒྱུན་ལས་སུ་འདེམས་ཐོན་བྱུང་ནས་འབྲེལ་མཐུད་པའི་ལས་འགན་འཁུར་མུས་བཅས་ཀྱི་ལོ་ རྒྱུས་མདོར་བསྡུས་སུ།
བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས། ཕྱི་ལོ2009ནས2011བར།
སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར།
སློབ་སྟོན་པ།
སྤྱི་འཐུས་སྒྲོལ་མ་མཚོ་མོ།
སློབ་སྟོན་པ།
ཨ་ཁུ་རྟ་མགྲིན།
ཚོགས་གཙོ།
མགོ་ལོག་བཀྲ་ཤིས་དོན་གྲུབ།
ཚོགས་གཞོན།
མགོ་ལོག་ཚུལ་ཁྲིམས།
དྲུང་ཆེ།
བློ་བཟང་དངོས་གྲུབ།
དངུལ་གཉེར།
རྔ་བ་རྒྱ་མཚོ།
རྒྱུན་ལས།
ཨ་ཁུ་ལྷ་ལུང་།
རྒྱུན་ལས།
འབྲུག་ལྷ།
རྒྱུན་ལས།
༡༠
རབ་ཁོ།
རྒྱུན་ལས།
༡༡
ཚེ་རིང་སྟོབས་རྒྱལ།
རྒྱུན་ལས།
བྷེལ་ཀོབ་མདོ་སྨད་ས་གནས་རྒྱུན་ལས། ཕྱི་ལོ2009ནས2011བར།
ཨ་རིག་དགེ་མཐོང་།
ཚོགས་གཙོ།
  ཤེས་རབ་རྒྱ་མཚོ།
ཚོགས་གཞོན།
ལྷ་དབང་།
དྲུང་ཆེ།
   
དོན་འགྲུབ་གླིང་(Dehra Dun)་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
ཕུན་ཚོགས་སྟོབས་ལྡན།
ཚོག་གཙོ།
བརྩོན་འགྲུས།
ཚོགས་གཞོན།
བསྟན་འཛིན་དགྲ་འདུལ།
རྩིས་པ།
ཨ་ཅ་ཚེ་དབང་།
དངུལ་གཉེར།
བློ་བཟང་ཚུལ་ཁྲིམས།
དྲུང་ཡིག
ཨ་ཅ་ཚེ་རིང་།
རྒྱུན་ལས།
བློ་བཟང་ཐོག་མེད།
རྒྱུན་ལས།
ཧོང་སོར་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
       
མོན་གྷོ་ཀྲི་མདོད་དགུ་གླིང་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
གངས་རི།
ཚོགས་གཙོ།
ཀླུ་སྒྲུབ་བསྟན་དར།
དྲུང་ཆེ།
ཨ་འཇིགས།
དངུལ་གཉེར།
དཔལ་བཟང་།
བདེ་དོན་འགན་འཛིན།
ཀ་ལོན་བྷུག་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
       
རྡོ་རྗེ་གླིང་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
       
སྒང་ཐོག་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
       
མི་ན་ལཱའི་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
རབ་དགའ།
ཚོགས་གཙོ།
     
བསོད་ནམས་ཚེ་རིང་།
རྒྱུན་ལས།
     
ཚེ་དབང་ནོར་བུ།
རྒྱུན་ལས།
     
རྡ་ལ་ཧོ་སུ་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
       
སུམ་ལ་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
       
བྷིར་མདོ་སྨད་ས་གནས་རྒྱུན་ལས། 2009ནས2011བར
       
       
 
 
 
 
 
 
༄༅། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
#