Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
༧གོང་ས་མཆོག་གི་མཛད་འཕྲིན།
མཇལ་འཕྲད་གནང་རྒྱུ་རེད།

ཉེ་ ལམ་༧གོང་ས་མཆོག་རྒྱལ་ས་ཝ་ཤིན་ཊོན་ཌེ་སེ་རུ་ཕེབས་པའི་སྐབས་དེར་ཨ་རིའི་སྲིད་ འཛིན་ཨོ་བྷ་མ་༧གོང་ས་མཆོག་དང་མཉམ་དུ་མཇལ་འཕྲད་གནང་མ་ཐུབ་པ་དེར་གྲོས་ཚོགས་ འཐུས་མི་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་སྐྱོན་བརྗོད་དང་གླེང་སློང་ཤུགས་ཆེན་ བྱས་ཡོད་ཀྱང་། སྲིད་འཛིན་ཨོ་བྷ་མའི་ལས་ཁུངས་ཀྱིས་སྐྱོན་བརྗོད་དེར་ངོས་ལེན་གནང་མེད་པ་མ་ཟད། ཨོ་བྷ་མ་ད་ལོའི་ལོ་མཇུག་ཏུ་༧གོང་ས་མཆོག་དང་མཉམ་དུ་མཇལ་འཕྲད་གནང་རྒྱུ་ཡིན་ སྐོར་གསུངས་ཡོད་འདུག ཕྱིས་ཚེས་ ༦ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་༧གོང་ས་མཆོག་ལ་འགྲོ་བ་མིའི་ ཐོབ་ཐང་གི་གཟེངས་རྟགས་ཕུལ་བའི་མཛད་སྒོའི་སྟེང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་དབུ་ཁྲིད་ཚོས་༧གོང་ས་མཆོག་ལ་ཡི་རང་དང་ བསྔགས་བརྗོད་ཆེན་པོ་གནང་ཡོད་འདུག ཕྱི་ཟླ་ ༡༡ པའི་ནང་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་དང་། ད་སྐབས་ཨོ་བྷ་མའི་མཛད་འཕྲིན་ལས་བྲེལ་ཆེ་སྟབས། ད་རེབ་ཨོ་བྷ་མ་༧གོང་ས་མཆོག་དང་མཉམ་དུ་མཇལ་འཕྲད་གནང་ཐུབ་མེད་ཀྱང་། ཨ་རིའི་སྲིད་འཛིན་གྱི་མགྲིན་ཚབ་པ་རོ་བྷ་ཊེ་གེཊ་སི་ཡིས་༧གོང་ས་མཆོག་གི་འབྲེལ་ ཡོད་མི་སྣ་དང་ལྷན་དུ་གོ་བསྡུར་བརྒྱུད་ད་ལོའི་ལོ་མཇུག་ཏུ་སྲིད་འཛིན་ཨོ་བྷ་མ་༧ གོང་ས་མཆོག་དང་མཉམ་དུ་མཇལ་འཕྲད་གནང་རྒྱུའི་དུས་ཆད་ཐོག་མོས་མཐུན་བྱུང་ཡོད་ འདུག

ཨ་རིའི་རྒྱལ་ས་རུ་༧གོང་ས་མཆོག་གི་མཛད་འཕྲིན།

༸ གོང་ས་མཆོག་ཁེ་ན་ཌའི་ཡུལ་གྱི་མཛད་འཕྲིན་གྲུབ་རྗེས་ཕྱིར་ཨ་རིའི་ནིའུ་ཡོག་ཏུ་ ཕེབས་ནས། ཕྱི་ཚེས་༤ཉིན་ནིའུ་ཡོག་ཏུ་མི་མང་སྟོང་ཕྲག་བརྒལ་བར་བྱང་ཆུབ་སེམས་འགྲེལ་གྱི་ གསུང་ཆོས་བསྩལ་གནང་བ་དང། ཕྱི་ཚེས་༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་ནས་ཉིན་དྲུག་གི་མཛད་འཆར་ཡོད་པ་དང་། དེའི་ཁོངས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མྱོང་མཁན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་གཤེགས་ཚར་བ་སྐུ་ཞབས་ཊོམ་ལན་ཏྲི་སིའི་དྲན་ རྟེན་ཆེད་གསར་འཛུགས་བྱས་པའི་དྲང་བདེན་དང་འགྲོ་བ་མིའི་ཐོང་ཐང་གི་ཚོགས་པ་ཞིག་ གིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་༸གོང་ས་མཆོག་ལ་འབུལ་རྒྱུ་ཡིན་པ་ རེད། ཕྱི་ཚེས་༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བདེན་པའི་འོད་སྣང་གི་གཟེངས་རྟགས་ གནང་བའི་མཛད་སྒོའི་ཐོག་དབུ་བཞུགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་ དོན་ཐོག་དམིགས་བསལ་འབྲེལ་མཐུད་པ་གནང་མྱོང་མཁན་ལྕམ་སྐུ་ཇུ་ལི་ཡཱ་དམ་པ་དེ་ ཉིད་དང་། དེ་བཞིན་བོད་ཀྱི་གནད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་རྒྱ་ རིགས་ཚོགས་ཁག་ཅིག་ལ་བདེན་པའི་འོད་སྣང་གི་བྱ་དགའ་བསྩལ་རྒྱུ་ཡིན་པ་རེད། མཛད་སྒོ་དེའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནཱན་སིའི་ཕུ་ལོ་སི་དང། གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རིའི་ཆར་ ཌི་གྷིར་སོགས་ཕེབས་རྒྱུ་ཡིན་པ་རེད། གཞན་ཡང་སེམས་ཁམས་དང་མི་ཚེ་ཞེས་པའི་བརྗོད་གཞིའི་ཐོག་ནང་ཆོས་དང་ཚན་རིག་བར་ གྱི་ལྷན་ཚོགས་ཤིག་ཏུ་༸གོང་ས་མཆོག་ཕེབས་རྒྱུ་ཡིན་པ་མ་ཟད། དེང་དུས་ཀྱི་འཛམ་གླིང་ནང་དུ་ཤེས་རབ་འཚོལ་སྒྲུབ་ཅེས་པའི་བརྗོད་གཞིའི་ཐོག་ བཀའ་སློབ་གནང་རྒྱུ་དང། ཕྱི་ཚེས་༡༠ ཉིན་ཕྱིར་རྒྱ་གར་དུ་ཕེབས་རྒྱུ་ཡིན་པ་རེད།།