Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
 
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན།
ཕྱི་ལོ༢༠༡༠ལོའི་ཟླ༢པའི་ཚེས༡ཉིན་རྒྱ་ནག་ཞིན་ཧྭ་གསར་ལམ་ཐོག་བོད་རྒྱའི་འབྲེལ་མོལ་ ཐེངས་དགུ་བའི་སྐོར་གྱི་གནས་ཚུལ་གསལ་བསྒྲགས་བྱས་པ་"བོད་ལྗོངས་ཆ་འཕྲིན་ལྟེ་གནས"་ཟེར་བས་བོད་སྒྱུར་བྱས་ཡོད་པའི་ནང་དོན་ཁག་གཤམ་གསལ་ལྟར།

"ཤིན་ཧྭ་དྲ་བར་པེ་ཅིང་ནས་སྤྱི་ཟླ༢པའི་ཚེས༡ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ པུའུའི་པུའུ་ཀྲང་ཏུའུ་ཆིང་ལིན་གྱིས་ཉེ་ལམ་པེ་ཅིང་དུ་ཏྰ་ལའི་བླ་མ་སྒེར་གྱི་ འཐུས་མི་རྒྱ་རི་བློ་གྲོས་དང་། སྐལ་བཟང་རྒྱལ་མཚན་དང་བཅས་པའི་ཕེབས་རོགས་ཚོ་དང་མཇལ་འཕྲད་གནང་བ་རེད། "

ཏུའུ་ཆིང་ལིན་གྱིས་རྒྱ་རི་དང་ཁོང་གི་ཕེབས་རོགས་རྣམ་པར་ཀྲུང་དབྱང་སྲིད་གཞུང་ གིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་ངན་པ་རྒྱལ་ཁའི་ངང་ནས་ ཕྱིར་བཟློག་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ཀྲུང་གོ་གསར་པ་དབུ་ བརྙེས་ནས་ལོ་ངོ༦༠འཁོར་བའི་འཁྲུངས་སྐར་ལ་ཐུན་མོང་ཐོག་ནས་རྟེན་འབྲེལ་ཞུས་པ་ སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཏུའུ་ ཆིང་ལིན་གྱིས་གསུངས་དོན། ལག་ལེན་ལས་ར་སྤྲོད་གསལ་ཐག་ཆོད་པ་ཞིག་བྱས་ཡོད་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་ཕྱོགས་གང་ཐད་ཀྱི་ཧུར་བརྩོན་རང་བཞིན་ དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་ཐུབ་ཀྱི་ཡོད་པས། དེར་གང་ཞིག་གིས་ཀྱང་བསྡུར་ཐབས་མེད་པའི་ཁྱད་འཕགས་རང་བཞིན་གྱི་དགེ་མཚན་ལྡན་ ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་རྣམས་ལ་དཀའ་ངལ་དང་ཉམས་ཉེན་ཅི་ རིགས་ཕྱིར་བཟློག་བྱེད་ཐུབ་པ་དང་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་ཐུབ་པའི་བློ་གྲོས་ དང་སྟོབས་ཤུགས་ཡོངས་སུ་འཛོམས་པས། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་བདེ་ཞིང་སྐྱིད་པ་ཡོང་བའི་ འཐབ་རྩོད་ཀྱི་དམིགས་ཡུལ་མངོན་འགྱུར་ཐུབ་པ་དང་། ཀྲུང་གོ་གུང་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་སྣེ་ཁྲིད་ནས་འཚོལ་ཞིབ་བྱས་ པའི་ཀྲུང་གོའི་ཐུན་མོང་མིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དེ་ནི་ཡོངས་ སུ་ཡང་དག་པ་ཞིག་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཏུ་གྲུབ་ཡོད་པས། དེར་བོད་ལྗོངས་ཀྱི་མི་དམངས་མང་ཚོགས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་ དམངས་རྣམས་ཀྱི་ཉམས་པ་མེད་པའི་བརྩི་སྲུང་ཐོབ་ཡོད། ཏུའུ་ ཆིང་ལིན་གྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་ འདུ་ཐེངས་ལྔ་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་སྐབས་བསྟན་པར། ཐེངས་འདིའི་ཚོགས་འདུའི་ཐོག་ནས་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ ཚོགས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད་པ་ གསལ་པོར་མཚོན་ཐུབ་ཀྱི་ཡོད། འཛམ་གླིང་ཐོག་ང་ཚོའི་རྒྱལ་ཁབ་དང་ཀྲུང་གོའི་གུང་ ཁྲན་ཏང་ནང་བཞིན་ལོ་བཅུ་གྲངས་བསྟུད་མར་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ མི་རིགས་ས་ཁོངས་ཤིག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་ནི་ཡོད་པ་མ་རེད། བོད་ལྗོངས་ཀྱི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་དང་དངོས་གནས་དྲང་གནས་ཀྱིས་ཚབ་ བྱེད་མཁན་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་རྣམས་བདེ་ཞིང་སྐྱིད་པའི་འཚོ་ བ་དངོས་གནས་དྲང་གནས་ཀྱིས་སྐྱེལ་དུ་འཇུག་མཁན་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་དབྱང་དང་བོད་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་དག་ཁོ་ན་ཡིན་པ་རེད། ཏུའུ་ ཆིང་ལིན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོད་བྱས་མི་ཆོག་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་ཐད་ཕན་ཚུན་གླེང་མོལ་བྱ་ཐབས་རྩ་བ་ནས་ཡོད་མི་ སྲིད་ལ། འོས་མེད་མཐུན་ཐབས་བྱེད་ཐབས་སྤུ་ཙམ་ཡང་ཡོད་པ་མ་རེད། རྩ་ཁྲིམས་ཀྱི་ཚད་གཞི་རྡོག་རོལ་དུ་བཏང་མི་ཆོག་ཅིང་། “བོད་ཆེན་པོ”དང་“ཚད་མཐོའི་རང་སྐྱོང་”ཟེར་ བ་དེ་ནི་ཀྲུང་གོའི་རྩ་ཁྲིམས་ལས་འགལ་བ་ཞིག་ཡིན་པས། ཤོད་སྟངས་དེ་ཡོངས་སུ་མེད་པར་བཟོས་པ་ཡིན་ན། མཇལ་འཕྲད་གྲོས་མོལ་ལ་གཞི་ནས་གཞི་ཚུགས་ས་ཞིག་ཡོད་པ་རེད་ལ། ཏྰ་ལའི་བླ་མ་སྒེར་ལ་ཡང་གཞི་ནས་མདུན་ལམ་ཡོད་པ་རེད། མི་རིགས་ཀྱི་ལ་རྒྱར་ངན་སྨྲས་བྱས་མི་ཆོག་པ་དང་། གལ་སྲིད་ཏྰ་ལའི་བླ་མའི་ཕྱོགས་ནས་མུ་མཐུད་རྒྱལ་སྤྱིའི་ཐོག་ཏུ་ཀྲུང་གོར་རྒོལ་ བའི་དྲིལ་བསྒྲགས་དང་གཏོར་བཤིགས་བྱེད་སྒོ་སྤེལ་ཏེ། རྩ་བའི་སྟེང་གི་བརྩི་བཀུར་དང་ལྷག་བསམ་རྣལ་མ་ཞིག་མེད་ན། མཇལ་འཕྲད་གྲོས་མོལ་ལ་གྲུབ་འབྲས་སྨིན་མི་སྲིད། མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་དང་རྒྱབ་འགལ་བྱས་མི་ཆོག་ཅིང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བརྟན་ལྷིང་གི་གནས་སྟངས་ལ་སྔར་ལས་ ཀྱང་ལྡབ་འགྱུར་གྱིས་མཐོང་ཆེན་དང་གཅེས་འཛིན་བྱེད་པས། དམངས་སེམས་ལ་མགོ་སྐོར་བཏང་མི་ཆོག་ལ། དམངས་བློ་དང་རྒྱལ་འགལ་བྱས་མི་ཆོག རྣམ་པ་འདྲ་མིན་སྣ་ཚོགས་སྤྱད་ནས་སིམ་འཛུལ་ གཏོར་བཤིགས་ཀྱི་ལས་འགུལ་སྤེལ་རུང་འགྲུབ་ཐབས་མེད་ཅིང་། དེ་ལས་ལྡོག་ཏེ་མཇལ་འཕྲད་གྲོས་མོལ་ལ་བར་ཆད་ཐེབས་ནས། ཏྰ་ལའི་བླ་མའི་ཕྱོགས་དེ་ཁེར་རྐྱང་དུ་ལུས་རྒྱུ་རང་རེད། ཏུའུ་ཆིང་ལིན་གྱིས་ནན་གསུངས་གནང་དོན། ཀྲུང་དབྱང་གིས་ཏྰ་ལའི་བླ་མའི་ཕྱོགས་ལ་བཏོན་པའི་སྲིད་ཇུས་དེ་ནི་སྔར་མུས་ རྒྱུན་བསྲིངས་དང་། འགྱུར་མེད་གསལ་པོ་ཡིན་པ་དང་། མཇལ་འཕྲད་གྲོས་མོལ་གྱི་སྒོ་མོ་ཡོངས་སུ་ཕྱེས་ ཡོད་པ་བཅས་ཀྱི་སྲིད་ཇུས་དེ་ལ་ད་སྔའི་བར་འགྱུར་བ་བཏང་མེད། ཏྰ་ལའི་བླ་མས་དངོས་གནས་དྲང་གནས་ཀྱིས་མཇལ་འཕྲད་གྲོས་མོལ་ལ་གྲུབ་འབྲས་སྨིན་ པར་འདོད་པ་དང་། དངོས་གནས་དྲང་གནས་ཀྱིས་ཀྲུང་དབྱང་དབར་གྱི་འབྲེལ་བ་ལེགས་བཅོས་གཏོང་བསམ་ན། ལོ་རྒྱུས་ལ་བརྩི་བཀུར་བྱ་འོས་པ་དང་། དུས་རབས་དང་བསྟུན་དགོས་པ། ད་ལྟའི་གནས་བབ་ལ་རྒྱུས་ལོན་གསལ་པོ་ཡོད་པ། སྟོང་བསམ་རྒྱབ་དུ་བོར་བ། ཁ་ཞེ་གཅིག་མཐུན་ཡོང་བ་བཅས་བྱས་ནས། བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་ཀྱི་མི་དམངས་ རྣམས་ཡིད་ཆེས་ཆོག་པ་ཞིག་ཆགས་པར་བྱེད་དགོས། ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ ཆུན་དང་པུའུ་ཀྲང་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་བཅས་ ཀྱིས་རྒྱ་རི་འཁོར་དང་བཅས་པ་དང་བཀའ་མོལ་གནང་སྐབས་ཡང་བསྐྱར་བསྟན་དོན། “བོད་ཡུལ་གྱར་སྲིད་གཞུང”ནི་ ཁྲིམས་ལས་འགལ་བ་ཞིག་ཡིན་པས། དེས་བོད་ལྗོངས་དང་བོད་མི་དམངས་ཀྱི་ཚབ་རྩ་བ་ཉིད་ནས་བྱེད་མི་ཐུབ་པ་རེད། ཁྱེད་ཚོ་ནི་ཏྰ་ལའི་བླ་མ་སྐུ་སྒེར་གྱི་འཐུས་མི་ཁོ་ན་ཙམ་ཡིན་པས། བཀའ་མོལ་བྱེད་ནའང་ཁ་བྲལ་རིང་ལུགས་ཀྱི་གཏམ་སྤྱོད་ཡོད་ཚད་རྒྱབ་ཏུ་སྐྱུར་བའི་ ཐོག་མའི་ཆ་རྐྱེན་འོག་ཏྰ་ལའི་བླ་མ་སྐུ་སྒེར་དང་ཁོང་གི་སྐུ་འཁོར་དུ་ཡོད་པའི་ གང་ཟག་རྣམས་ཀྱི་མདུན་ལམ་ཐད་ཀྱི་གནད་དོན་ལས་གཞན་གླེང་ཐབས་མེད་ཚུལ་གསུངས་གནང་ བ་རེད།

(དེའི་གོང་དུ། རྒྱ་རི་དང་ཁོང་གི་ཕེབས་རྣམས་ཧུའུ་ནན་ཞིང་ཆེན་དུ་གཟིགས་སྐོར་ལ་ཕེབས་པ་རེད། )

ཟླ་ ༢ཚེས་༢ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ ཚོགས་འདུ་ཚོགས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ ཆུན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ ཀྲུའུ་ཞི་གཞོན་པ་ཉི་མ་ཚེ་རིང་བཅས་ཀྱིས་ཉེ་ལམ་ཀྲུང་དབྱང་དང་ཏཱ་ལའི་སྒེར་གྱི་ འཐུས་ཚབ་བར་ཐུག་འཕྲད་དང་གྲོས་མོལ་གནང་བའི་སྐོར་ངོ་སྤྲོད་གནང་བ་མ་ཟད། ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

བོད་རྒྱའི་འབྲེལ་མོལ་ཐེངས་དགུ་བའི་གནས་ཚུལ་སྐོར་རྒྱ་གཞུང་གིས་གསར་འགོད་གསལ་བསྒྲགས་བྱེད་བཞིན་པ།
གོང་གསལ་གསར་འགྱུར་འདི་ནི་"གྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་"ཞེས་པ་ལས་འདྲེན་བཀོད་བྱས་པ་ཡིན།