བཙན་བྱོལ་བོད་གཞུང་བཀའ་ཤག བཀའ་ ཤག་ནི་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་འཛིན་སྐྱོང་གི་ལས་ ཁུངས་མཐོ་ཤོས་དེ་ཡིན་ཞིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཛིན་སྐྱོང་གི་དབང་ལུང་ཆ་ཚང་བཀའ་ཤག་ བརྒྱུད་ཁྱབ་བསྒྱུར་གནང་གི་ཡོད།བཀའ་ཤག་ལྷན་ཚོགས་ཀྱིས་སྤྱི་ནོར་ྋགོང་ས་ ྋསྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་ དོན་འགན་འཁུར་རྐང་ལེན་གནང་གི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཀའ་ཤག་ཏུ་བཀའ་བློན་ཁྲི་པ་གཅིག་ དང༌།བཀའ་བློན་གཞན་བདུན་ལས་མ་མང་བ་ཞིག་དགོས་པ།བཀའ་བློན་ཁྲི་པ་བོད་མི་མང་ ཚོགས་ཀྱིས་ཐད་ཀར་སྤྱི་ཡོངས་འོས་བསྡུའི་ལམ་ནས་འོས་འདེམས་བྱེད་པ་དང༌།བཀའ་ བློན་ཁྲི་པས་རང་གི་ཕྱག་སྦྲེལ་བཀའ་བློན་གཞན་རྣམས་འོས་འཛུགས་མིང་འདོན་གནང་བར་ ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་༥༠ལས་མི་ཉུང་བའི་རྒྱབ་སྐྱོར་འཐོབ་དགོས་པ་ཡིན། བཀའ་བློན་རྣམ་པའི་ལས་རྒྱུན་ཡུན་ཚད་ལོ་ལྔ་ཡིན།།
བཀའ་དྲུང་ཡིག་ཚང༌། བཀའ་ ཤག་ནི་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་འཛིན་སྐྱོང་གི་ལས་ ཁུངས་མཐོ་ཤོས་དེ་ཡིན་ཞིང༌།ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཛིན་སྐྱོང་ གི་དབང་ལུང་ཆ་ཚང་བཀའ་ཤག་བརྒྱུད་ཁྱབ་བསྒྱུར་གནང་གི་ཡོད།བཀའ་ཤག་ལྷན་ཚོགས་ ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་གཞུང་གི་ཆབ་སྲིད་ དང་འཛིན་སྐྱོང་གི་ལས་དོན་འགན་འཁུར་རྐང་ལེན་གནང་གི་ཡོད། བཀའ་ཤག་གི་ཉིན་རེའི་ལས་དོན་ལག་བསྟར་ཞུ་མཁན་གྱི་ལས་ཁུངས་ཤིག་ཡོད་པ་དེ་ལ་བཀའ་ དྲུང་ཡིག་ཚང་ཟེར་ཞིང༌། ལས་ཁུངས་དེའི་སྤྱི་ཁྱབ་འགན་འཛིན་དུ་དྲུང་ཡིག་ཆེན་མོ་ཞིག་ཡོད་པར་བཀའ་དྲུང་ ཞུས་ཀྱི་ཡོད། ལས་ཁུངས་དེས་ཆབ་སྲིད་དང༌། འཛིན་སྐྱོང༌། མང་ཚོགས་ཀྱི་བདེ་སྡུག་ལ་སོགས་པའི་ལས་དོན་མཐའ་དག་བཀའ་ཤག་ཏུ་སྙན་གསན་ཞུ་རྒྱུ་ དང༌། བཀའ་ཤག་གིས་ལས་དོན་ཐག་གཅོད་ཇི་བྱུང་བློན་ཆེན་ལས་ཁུངས་གཙོས་པའི་ལས་ཁུངས་ཁག་ ལ་ཕྱག་བསྟར་ཆེད་ཁུངས་ཁྱབ་དང་མཇུག་སྐྱོང་ཞུ་རྒྱུ་ཡིན། བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་ལས་ཁུངས་གཉིས་ཡོད་པ།འཆར་འགོད་ལྷན་ཁང་དང༌།ངེས་ མེད་ལས་གཞི་སྡེ་ཚན་ཡིན། བཀའ་དྲུང་ཡིག་ཚང་གི་སྡེ་ཚན། བཀའ་དྲུང་ཡིག་ཚང་སྡེ་ཚན་དྲུག་ཏུ་དབྱེ་ཡོད།
༡་ བཀའ་ཤག་ལྷན་ཚོགས་སྡེ་ཚན།
༢་ གྲོས་ཚོགས་དང་འཆར་འགོད་འཛིན་སྐྱོང་སྡེ་ཚན།
༣་ ཕྱི་བསྐྱོད་ལག་འཁྱེར་བཀའ་འཁྲོལ་སྡེ་ཚན།
༤་ རྩིས་ཞིབ་སྙན་ཐོ་ཞིབ་འཇུག་སྡེ་ཚན།
༥་ དོལ་རྒྱལ་ཞིབ་འཇུག་སྡེ་ཚན།
༦་ འཛིན་སྐྱོང་སྡེ་ཚན།
བཀའ་ཤག་ལྷན་ཚོགས་སྡེ་ཚན། བཀའ་ ཤག་ལྷན་རྒྱས་ནམ་ཚོགས་སྐབས་བཀའ་དྲུང་དང་ལས་རོགས་བཅས་ནས་བཙན་བྱོལ་གཞུང་གི་ཆབ་ སྲིད་དང༌། སྤྱི་ཚོགས།འཕྲོད་བསྟེན། དཔལ་འབྱོར་ལ་སོགས་པའི་སྐོར་བཀའ་ཁྲི་མཆོག་ནས་བཀའ་ཕེབས་དང༌།ཡང་ན་འབྲེལ་ཡོད་ ལས་ཁུངས་ནས་འཆར་འབུལ་གནང་བ་ཁག་བཀའ་ཤག་ལྷན་ཚོགས་ནང་བཀའ་བསྡུར་གནང་ཆེད་གྲོས་ གཞི་བཟོ་རྒྱུ་དང༌།ལྷན་ཚོགས་ནང་བཀའ་བསྡུར་ཐག་གཅོད་ཇི་བྱུང་གྲོས་ཆོད་ཡིག་ཐོག་ བཀོད་རྒྱུ།དེ་བཞིན་བཀའ་ཤག་ལྷན་རྒྱས་ནང་བཀའ་མོལ་ཇི་བྱུང་སྒྲ་འཛིན་འཕྲུལ་ འཁོར་ནང་བཅུག་ནས་བདག་ཉར།གྲོས་ཆོད་དགོངས་དོན་འབྲེལ་ཡོད་ལས་ཁུངས་སོ་སོར་ཁུངས་ ཁྱབ་བྱ་རྒྱུ་བཅས་ཡིན།
གྲོས་ཚོགས་དང་འཆར་འགོད་འཛིན་སྐྱོང་སྡེ་ཚན། བོད་ མི་མང་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ནས་དྲི་བ་བྱུང་ཁག་ལ་གསལ་བཤད་ལན་ འདེབས་ཟིན་བྲིས་བཟོ་རྒྱུ་དང༌།སྤྱི་འཐུས་རྣམ་པ་ཕྱོགས་མཐའ་ཁག་ལ་འཚམས་གཟིགས་ ཕེབས་པའི་མང་ཚོགས་ཀྱིས་བདེ་སྡུག་དང་དྭོགས་འདྲི་ཞུས་པའི་ལས་བསྡོམས་གནང་ འབྱོར་ཁག་འབྲེལ་ཆགས་ལས་ཁུངས་སོ་སོ་ནས་གསལ་བཤད་སོགས་ཇི་དགོས་བླངས་ཏེ་སྤྱི་ འཐུས་ལྷན་ཁང་ལ་གསལ་བཤད་ཞུ་དགོས་རགས་ཟིན་འགོད་རྒྱུ། གྲོས་ཚོགས་སྐབས་ལས་ཁུངས་སོ་སོའི་དངོས་ཡོད་ལས་དོན་དང་འབྲེལ་བའི་གཞུང་འབྲེལ་ གྲོས་འཆར་དང་སྒྲིག་ཟིན་བཟོ་རྒྱུ་དང༌།བསྐྱར་བཅོས་དང་གྲོས་འཆར་འདོན་དགོས་ རྒྱུ་མཚན་དང་རྒྱབ་ལྗོངས་གནས་ཚུལ་བཅས་ཕྱོགས་སྒྲིག་བྱ་རྒྱུ་བཅས་ཡིན།
ཕྱི་བསྐྱོད་ལག་འཁྱེར་བཀའ་འཁྲོལ་སྡེ་ཚན། བཙན་ བྱོལ་གཞུང་གི་ཆབ་འབངས་སུ་གཏོགས་པའི་བོད་མི་བཙན་བྱོལ་བ་སུ་རུང་དང་གཞུང་ འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་དང་གཉེན་འཕྲད།ཤེས་ཡོན་དང་ལས་རིགས་ སློབ་སྦྱོང༌།གཞན་ཡང་ནང་མི་ཟླ་བསྒྲིལ་བཅས་སུ་བསྐྱོད་ཆོག་པའི་བཙན་བྱོལ་གཞུང་ གི་ཕྱི་བསྐྱོད་ལག་འཁྱེར་བཀའ་འཁྲོལ་སྲིད་བྱུས་གཏན་འབེབས་ལྟར་ཞིབ་དཔྱད་ཞུས་ ཏེ་བཀའ་འཁྲོལ་གཏོང་རྒྱུ་བཅས་ཡིན།
དོལ་རྒྱལ་ཞིབ་འཇུག་སྡེ་ཚན། དོལ་ རྒྱལ་དང་འབྲེལ་བའི་ད་ཕན་གྱི་ཞིབ་འཇུག་ཡིག་ཆ་ཉར་རྒྱུ་དང་དེ་འབྲེལ་དོལ་རྒྱལ་ སྐོར་གནས་ཚུལ་གསར་པ་ཇི་བྱུང་ལ་རྟོགས་ཞིབ་ཀྱིས་འབྲེལ་ཡོད་གོང་རིམ་ལ་སྙན་གསན་ ཞུ་དགོས་ཀྱི་མཚོན་ལས་དོན་ཇི་ཡོད་བྱ་རྒྱུ་བཅས་ཡིན།
རྩིས་ཞིབ་སྙན་ཐོ་ཞིབ་འཇུག་སྡེ་ཚན། བཙན་ བྱོལ་གཞུང་གི་དབུས་ལས་ཁུངས་ཁག་དང་ཡན་ལག་སྡེ་ཚན་ཁག་གི་རྩིས་ཞིབ་སྙན་ཐོ་ཁག་ལ་ ཞིབ་འཇུག་གིས་སྐྱོན་གནད་ཇི་ཡོད་ཟུར་འདོན་གྱིས་བཀའ་ཤག་ལ་སྙན་གསན་ཞུ་རྒྱུ་ དང༌།འབྲེལ་ཡོད་ལས་ཁུངས་ལ་ཞིབ་འཇུག་ཐག་གཅོད་ཇི་འོས་བཀའ་ཕེབས་དགོངས་དོན་ལན་ ཟིན་བཟོ་རྒྱུ།རྩིས་ཞིབ་ལས་ཁུངས་ཀྱི་དུས་ནས་དུས་སུ་དོགས་འདྲི་ཞུ་ཁག་དང་ལོ་ མཇུག་མཚམས་ཕྱོགས་བསྡོམས་སྙན་ཐོ་ཕུལ་ཁག་ལ་ཞིབ་འཇུག་གིས་ལན་ཟིན་བཟོ་རྒྱུ།གཞན་ ཡང་དབུས་ལས་ཁུངས་ཁག་དང་ཁྱབ་ཁོངས་སྡེ་ཚན་ཁག་ནས་གཞུང་འབྲེལ་ལས་དོན་ཆེད།སྒྲིག་ གཞི་དགོངས་དོན་གྱི་ཕྱོགས་བསྐྱོད་བཀའ་འཁྲོལ་ཞུས་རིགས་ལ་ཞིབ་འཇུག་དང་བཀའ་ འཁྲོལ་ཡིག་ཆུང་གཏོང་རྒྱུ།བར་བརྒལ་བཀའ་འཁྲོལ་འབྱོར་རིམ་བཞིན་ཞིབ་འཇུག་གིས་ སྤྱི་འཐུས་རྒྱུན་ལས་ལ་རྒྱབ་གཉེར་ཞུ་སྙན་འབུལ་རྒྱུ་དང་བཀའ་འཁྲོལ་ཐོན་མཚམས་ ཁུངས་སོ་སོར་ཁུངས་ཁྱབ་གཏོང་རྒྱུ་བཅས་ཡིན།
འཛིན་སྐྱོང་སྡེ་ཚན་གྱི་ཚན་པ།
ཀ༽བཀའ་བློན་ཁྲི་པའི་སྒེར་དྲུང་ཚན་པ།
ཁ༽ལས་བྱེད་བཀོད་སྒྲིག་ཚན་པ།
ག༽རྩིས་ཁང་ཚན་པ།
ང༽སྤྱི་ཡོངས་ལས་ཁུངས་ཚན་པ།
ཅ༽བོད་རྒྱ་ཞི་མོལ་ཚན་པ།
བཀའ་བློན་ཁྲི་པའི་སྒེར་དྲུང་ཚན་པ། བཀའ་བློན་ཁྲི་པ་མཆོག་གི་མཚན་ཐོག་ཉིན་རེའི་གནས་སྙན་ཁག་འཚེམས་མེད་དུས་ཐོག་ སྙན་གསན་དང་བཀའ་ལན་བཟོ་དགོས་རིགས་ལ་ཡིག་ཟིན་བཟོ་རྒྱུ།བཀའ་ཁྲི་དབུ་བཞུགས་ ཀྱིས་ཚོགས་འདུ་རིགས་གོ་སྒྲིག་དང༌།སྒེར་དྲུང་ནས་ཚིག་ཐོ་བླང་དགོས་རིགས་ལ་ ཚོགས་བཅར་ཞུ་རྒྱུ།གཞུང་འབྲེལ་ཕྱོགས་ཕེབས་ཀྱི་མཛད་འཆར་དུས་ཐོག་བཟོས་ཏེ་སྐུ་ སྒེར་ཡིག་ཚང་ལ་སྙན་གསན་དང༌།མཁྱེན་རྟོགས་སླད་སྤྱི་འཐུས་ཚོགས་གཙོ་མཆོག་དང་ དེའི་ངོ་བཤུས་འབྲེལ་ཡོད་ལས་ཁུངས་ཁག་ལ་འབུལ་རྒྱུ།བཀའ་ཁྲིའི་འགྲིམ་འགྲུལ་ཕྱག་ འཁྱེར་གོ་སྒྲིག་ཞུ་རྒྱུ་དང་ཉིན་རེའི་མཛད་རིམ་བཟོ་འགོད་ཀྱིས་མཇལ་དུས་ཞུ་མི་ རྣམས་ལ་བརྡ་ལན་འཕྲོད་པ་བྱ་རྒྱུ།དེ་བཞིན་བཀའ་བློན་རྣམ་པའི་གཞུང་འབྲེལ་ཕྱོགས་ ཕེབས་ཀྱི་མཛད་འཆར་དང་འཁོར་ཞག་དགོངས་སྙན་འབྱོར་འཕྲལ་སྐུ་སྒེར་ཡིག་ཚང་དུ་སྙན་ འབུལ་ཞུ་རྒྱུ། བློན་ཆེན་ལས་ཁུངས་གཞན་གྱི་མཚན་བཞེས་སྐབས་དེའི་ཡིག་འབྲེལ་ཁག་བཀའ་ཁྲིར་སྙན་ གསན་དང་ཐག་གཅོད་གནང་དགོས་རིགས་ལ་འབྲེལ་མཐུད་ཞུ་རྒྱུ། གསང་བའི་ཡིག་སྣོད་དང་ཡིག་ཆ་ཟུར་འཇོག་བྱ་དགོས་རིགས་ཉར་ཚགས་བྱ་རྒྱུ་བཅས་ཡིན།
ལས་བྱེད་བཀོད་སྒྲིག་ཚན་པ། ལས་ བྱེད་གསར་བསྐོ་དང༌། གནས་སྤོ། གནས་སྤར། གནས་སྐབས་དགོངས་ཞུ། རྩ་དགོངས། དེ་བཞིན་རྒས་ཡོལ་དང་རྒས་ཡོལ་ཕར་འགྱངས། བསྐྱར་བསྐོ། ཆོད་གན། ཞབས་གཡར། དམིགས་བསལ་བསྐོ་གཞག འཕྲལ་སེལ། རང་ཁོངས་ལས་བྱེད་བཅས་ཀྱི་ཡིག་ཆ་གོ་སྒྲིག་ཞུ་དག་དང༌། བསྐོ་གཞགས་མིག་ཕྱོགས་བསྡོམས་ཞིབ་འཇུག་ཞུ་རྒྱུ། གཞུང་ཞབས་ལས་བྱེད་དུས་ནས་དུས་སུ་བརྗེ་འགྱུར་འགྲོ་བསྟུན་མཚན་གཞུང་དུས་ཐོག་ འགྱུར་བཅོས་ཁ་སྐོང་བྱ་རྒྱུ། ལས་བྱེད་རྣམས་ཀྱི་ཞུ་སྙན་ཡིག་འབྲེལ་ལ་ལན་འདེབས་བཟོ་གཏོང༌། ལས་བྱེད་ཀྱི་ལོ་རྒྱུས་ཁ་གསལ་འགོད་ཉར་བྱ་རྒྱུ་བཅས་ཡིན།
རྩིས་ཁང་ཚན་པ། བཀའ་དྲུང་ཡིག་ཚང་དང་ཁྱབ་ཁོངས་འཆར་འགོད་ལྷན་ཁང་དང༌།ངེས་མེད་ལས་གཞི་སྡེ་ཚན་ བཅས་ཀྱི་དམིགས་བསལ་དང༌། རྒྱུན་གྲོན།དམིགས་བཀར་རྩིས་ཁྲ་འགོད་ཉར།དབང་ལྡན་འགན་འཛིན་དང་གོ་བསྡུར་ཐོག་ སྔོན་རྩིས་འཆར་གཞི་ཟིན་བྲིས་བཟོ་རྒྱུ།བཀའ་ཤག་དང་ཐད་འབྲེལ་རྩིས་ཁྲ་རིགས་ འགོད་ཉར།བཀའ་བློན་རྣམ་པ་དང༌།བཀའ་དྲུང་ཡིག་ཚང་དང་ཁྱབ་ཁོངས་ལས་ཁུངས་གཉིས་ཀྱི་ ལས་བྱེད་རྣམ་པའི་དགོངས་ཞུ་ཟླ་གསུམ་མཚམས་ཕྱོགས་བསྡོམས་ཞུ་རྒྱུ།མཆོད་ཁང་གི་ རྟེན་དངོས་དང༌།འཛིན་ཆས།ཡོ་བྱད་བདག་ཉར་དང་ཉམས་གསོ།གསར་བརྗེ་ཇི་དགོས་ལྟ་ རྟོགས་བྱ་རྒྱུ།དེ་བཞིན་གཞུང་འབྲེལ་སྣེ་ལེན་ཁག་གོ་སྒྲིག་བྱ་རྒྱུ་བཅས་ཡིན།
སྤྱི་ཡོངས་ལས་ཁུངས་ཚན་པ། ཡི་ གེ་འབྱོར་རིགས་འབྱོར་དེབ་ནང་དེབ་འགོད་ཞུ་རྒྱུ་དང༌།ཕྱིར་གཏོང་ཡིག་རིགས་ཀྱང་ འཚེམས་ལུས་མེད་པ་གཏོང་གཞུང་ནང་ཐོ་འགོད་ཀྱིས་ཁུངས་སོ་སོར་གཏོང་རྒྱུ།དེ་བཞིན་ ཡིག་རིགས་དེ་དག་ཁུངས་གཏོགས་ཡིག་སྣོད་དུ་དབྱེ་ནས་དཀར་ཆག་འགོད་རྒྱུ།བཀའ་དྲུང་ ཡིག་ཚང་གི་ཡིག་ཆ་ཇི་ཡོད་བདག་ཉར་བྱ་རྒྱུ།རྒྱུན་ཏུ་བཀའ་དྲུང་དང་གོང་རིམ་ནས་ བཀོད་མངགས་ཇི་བྱུང་ ལྟར་ཞུ་རྒྱུ།བཀའ་ཤག་དང་བཀའ་དྲུང་ཡིག་ཚང་དུ་བཅར་མཁན་རྣམས་བཅར་འཐུས་བཀའ་ འཁྲོལ་ཡོད་མེད་ཞིབ་འཇུག་གིས་བཀའ་འཁྲོལ་ཡོད་རིགས་ཀྱི་མིང་དང་ལོ་རྒྱུས་འགོད་ དེབ་ནང་ཁ་གསལ་བཀོད་དེ་ཚུལ་བཞིན་སྣེ་ལེན་བྱ་རྒྱུ།དེ་མཚུངས་ནང་འབྱོར་དང་ཕྱིར་ གཏོང་ཞལ་པར་ཁག་བཏང་འཛིན་གྱིས་དེའི་ཞིབ་ཕྲའི་གནས་ཚུལ་ཐོ་བཀོད་བྱ་རྒྱུ། བཀའ་དྲུང་གི་དམིགས་བསལ་ལས་རོགས་ནས་བཀའ་དྲུང་གི་བཀོད་མངགས་བཞིན་ལས་ཁུངས་ཁག་ ལ་གཏོང་རྒྱུའི་ཡིག་ཆུང་དཔོད་བྲིས་ལེན་རྒྱུ་དང༌།རགས་ཟིན་བཟོ་རྒྱུ།འབྲེལ་ཡོད་ ཡིག་ཆ་འཚོལ་རྒྱུ་དང་བདག་ཉར་བྱ་རྒྱུ་བཅས་ཡིན།
བོད་རྒྱ་ཞི་མོལ་ཚན་པ། བོད་ རྒྱ་ཞི་མོལ་དང་འབྲེལ་བའི་ཡིག་ཆ་ཁག་བདག་ཉར་བྱེད་རྒྱུ་དང༌།བོད་རྒྱ་ཞི་མོལ་ལས་ དོན་ཚོགས་ཆུང་གི་ཚོགས་འདུ་གོ་སྒྲིག་ཞུ་རྒྱུ།སྐབས་འབྲེལ་ཡིག་ཆ་ཕྱོགས་སྒྲིག་ དང་ཕབ་བསྒྱུར་དགོས་རིགས་སོགས་ཀྱི་ལས་དོན་བཀོད་སྒྲིག་ཇི་གནང་འབད་བསྒྲུབས་བྱ་ རྒྱུ་བཅས་ཡིན།
འཆར་འགོད་ལྷན་ཁང༌། བཀའ་ དྲུང་ཡིག་ཚང་གི་ཁྱབ་ཁོངས་འཆར་འགོད་ལྷན་ཁང་ནི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ མ་ལག་དང་བཅས་པའི་འཆར་གཞི་ཁག་གི་འཆར་འགོད་ཆེད་ཟུར་འཛུགས་གནང་བ་ཡིན།དེས་བཙན་ བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་མི་དང༌།དངོས་པོའི་ནུས་པ།དཔལ་འབྱོར་བཅས་ ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རིམ་ལ་གཞིགས་པའི་དགེ་བེད་ལོངས་སྤྱོད་རྒྱུའི་ འཆར་གཞི་ཁག་འགོད་འདོམས་གནང་གི་ཡོད།སྤྱི་ཁྱབ་འཆར་འགོད་པའི་འོག་ལས་བྱེད་དྲུག་ ཡོད་པའི་ལས་ཁུངས་ཟུར་འཛུགས་ཡོད་ཀྱང་རྩིས་དང་འབྲེལ་བའི་འཛིན་སྐྱོང་བཀའ་དྲུང་ ཡིག་ཚང་གི་འགན་འཁུར་གནང་གི་ཡོད།
ངེས་མེད་ལས་གཞིའི་སྡེ་ཚན། བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་ངེས་མེད་ལས་གཞི་སྡེ་ཚན་ནང་ཚན་པ་གསུམ་ཡོད་པ།
༡༽ལོ་རྒྱུས་འབྲི་རྩོམ་ཚན་པ་དང༌།
༢༽ངེས་མེད་ལས་གཞི་ཚན་པ།
༣༽འཕྲལ་སེལ་བཀོད་སྒྲིག་ཚན་པ་བཅས་ཡིན། ལོ་རྒྱུས་འབྲི་རྩོམ་ཚན་པ་ནི་གཏན་འཇག་གི་ཚན་པ་ཞིག་ཡིན་པ་དེས་ཕྱི་ལོ་༡༩༥༩ཚུན་ གྱི་བཙན་བྱོལ་བོད་གཞུང་་གི་ལོ་རྒྱུས་རྩོམ་སྒྲིག་དང་དེའི་རྒྱུ་ཆ་འཚོལ་ཞིབ་ བྱེད་ཀྱི་ཡོད།ངེས་མེད་ཚན་པ་ནི་དམིགས་བསལ་ཛ་དྲག་ལས་དོན་གང་བྱུང་ཐོག་བཀོད་ རྒྱུ་དང༌།འཕྲལ་སེལ་བཀོད་སྒྲིག་ཚན་པ་ནི་ལས་བྱེད་ས་གནས་གཅིག་ནས་ལས་ཐོན་གྱི་ས་ གནས་གཞན་དུ་བཀོད་སྒྲིག་མ་ཐུབ་པར་བར་བརྒལ་གྱི་བཀོད་སྒྲིག་བྱ་ཡུལ་ཞིག་ཡིན།
|