Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
རྒྱལ་སྤྱིའི་གསར་འགྱུར།
རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སེར་སྐྱ་མི་མང་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་སྦྱིན་སྲེག་ བཏང་བའི་སྤུན་ཟླ་ཚོའི་ཆེད་དུ་སྨོན་ལམ་གསུང་འདོན་དང་སྨྱུང་གནས་སྲུང་རྒྱུ་ དབུ་འཛུགས་གནང་ཡོད་པ་རེད།

ཕྱི་ལོ༢༠༡༡ལོའི་ཟླ༡༠ཚེས་༡༩ཉིན་ གྱི་ཞོགས་པའི་དུས་ཚོད༨ཐོག རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སེར་སྐྱ་མི་མང་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་སྦྱིན་སྲེག་ བཏང་བའི་སྤུན་ཟླ་ཚོའི་ཆེད་དུ་སྨོན་ལམ་གསུང་འདོན་དང་སྨྱུང་གནས་སྲུང་རྒྱུ་ དབུ་འཛུགས་གནང་ཡོད་པ་རེད། སྐབས་དེར་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་བཀའ་ཟུར་ ཀིརྟི་རིན་པོ་ཆེ་མཆོག རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་ གཙོ་བྱས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ལས་བྱེད་པ། རྡ་ས་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་གྲྭ་ཁག་གི་སློབ་མ་བཅས་མཉམ་ཞུགས་གནང་ ཡོད་པ་མ་ཟད། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་མང་པོ་ ཡང་མཉམ་ཞུགས་གནང་ནས་མི་མང་རྒྱ་ཆེན་པོ་འདུ་འཛོམས་གནང་ཡོད་འདུག དེ་རིང་མཆོད་འབུལ་སྨོན་ལམ་སྐབས་བཀའ་ཤག་གི་བསྒྲགས་གཏམ་ནང་ འཁོད་དོན། འདས་པའི་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་ བཟུང་བྱས་པ་ནས་བཟུང་བོད་མིའི་ཚོས་གདུག་རྩུབ་མནར་གཅོད་མི་བཟད་པ་མྱང་མྱོང་ བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་ཡར་རྒྱས་བཏང་ཡོད་ཚུལ་རྫུན་གཏམ་གྱི་དྲིལ་བསྒྲགས་ཇི་ཙམ་སྤེལ་ རུང་དོན་དངོས་ཐོག་བོད་ལྗོངས་ཡོངས་སུ་མི་སེར་སྤེལ་བའི་ལམ་ལུགས་ལག་བསྟར་གྱིས་ བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་གོམས་སྲོལ། རང་བྱུང་ཁམས་བཅས་པར་གོད་ཆག་ཚབས་ཆེན་ཕོག་དང་ཕོག་བཞིན་པར་བརྟེན། བོད་མི་ཚོས་ཞི་བའི་སྒོ་ནས་ངོ་རྒོལ་རབས་དང་རིམ་པ་སྤེལ་ཡོད། ཁྱད་པར་ཕྱི་ལོ་༢༠༠༨ལོར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་སེར་སྐྱ་རྒན་གཞོན་ དབྱེ་བ་མེར་པར་བོད་མི་ཡོངས་ནས་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་ལ་ ཞི་བའི་གྱེན་ལངས་དང༌། བོད་ནང་རང་དབང་བསྐྱར་གསོ་དང་༧ གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོིད་སྒྲ་བསྒྲགས་པ་རྒྱ་ནག་གཞུང་ གི་འགོ་ཁྲིད་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ཀྱིས་ཤེས་རྟོགས་ཐུབ་པ་བྱུང་ཡོད། འོན་ཀྱང་བློ་ཕམ་པར་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་དངོས་ ཏོག་བདེན་འཚོལ་གྱི་ལམ་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱེད་རྒྱུའི་ཚབ་ཏུ་མུ་ མཐུད་སྲིད་བྱུས་མཁྲེགས་བཟུང་ཁོ་ནས། བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་ལ་གྱུར་པ་དང༌། ཁྱད་པར་ཆོས་བྱེད་དགེ་འདུན་གྱི་སྡེ་དང་དགོན་པ་གྲྭ་ཚང་ཁག་ལ་དམིགས་བསལ་སྡང་ ཟུག་གིས་ལས་དོན་རུ་ཁག་ཟེར་བའི་མི་སྣ་ཆེད་གཏོང་གིས་ཆོས་ཀྱི་བྱ་བར་དམ་དྲག་དང་ བསུན་བཙིར་ཐེ་བྱུས་གང་བྱུང་བྱེད་ཀྱི་ཡོད་སྟབས། འདི་ལོའི་ཕྱི་ཟླ་༣པ་ནས་བཟུང་རྔ་པ་ཁུལ་དང༌། རྟའུ། གསེར་རྟ་སོགས་སུ་མི་མང་པོ་འཛིན་བཟུང་བཀག་ཉར་གྱིས་གནས་སྟངས་ཛ་དྲག་ཇི་ཆེར་ སོང་བ་དང༌། ད་བར་བོད་རིགས་ན་གཞོན་དགུ་ནས་སྐུ་ལུས་ཞུགས་མེར་བསྒྲོན་པའི་ལམ་ནས་བོད་ནང་རང་ དབང་བསྐྱར་གསོ་དང༌། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། དེ་བཞིན་རྒྱ་ནག་གཞུང་གི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་བཟོད་ཐབས་མེད་པར་ངོ་ རྒོལ་གནང་བའི་གནས་ཚུལ་བྱུང་ཡོད། ཡང་བོད་ནང་དུ་རང་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ རང་ལུས་སྦྱིན་སྲེག་བཏང་བའི་གནས་ཚུལ་རིམ་པར་བྱུང་ཡོད་པའི་སྐོར་འཁོད་དོན། དེ་ཡང་༡༽ཕྱི་ལོ་༢༠༡༡ཟླ་༣ཚེས་༡༦རེས་གཟའ་ལྷག་པ་ཉིན་རང་ལོ་༢༡སོན་པའི་རྔ་པ་ ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ཀྱིས་རང་གི་ལུས་ལ་མེ་སྤར་ནས་རྒྱ་གཞུང་ ལ་ངོ་རྒོལ་གནང་ནས་འདས་གྲོངས་སོང་འདུག ༢༽ དེ་བཞིན་ཟླ་༨པའི་ཚེས་༡༥ཉིན་རང་ལོ་༢༩ཡིན་པ་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་ དབང་ནོར་བུས་རྫོང་ལས་ཁུངས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ སུ་གྱུར་འདུག ༣༽ ཡང་ཟླ་༩ཚེས་༢༦ཉིན་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་དང༌། ༤༽གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེར་ བསྲེགས་བཏང་འདུག ༥༽ དེ་མཚུངས་ཟླ་༡༠ཚེས་༣ཉིན་རང་ལོ་༡༧ཡིན་པ་ཀིརྟི་དགོན་པའི་གྲྭ་སྐལ་བཟང་དབང་ ཕྱུག་གིས་རང་གི་ལུས་ལ་མེ་སྤར་ནས་ངོ་རྒོལ་གནང་འདུག ༦༽ ཡང་ཟླ་༡༠ཚེས་༧ཉིན་ཀིརྟི་དགོན་པའི་གྲྭ་ཟུར་ཡིན་པ་རང་ལོ་༡༨སོན་པ་མཁའ་དབྱིངས་ དང༌། ༧༽ རང་ལོ་༡༩སོན་པ་ཆོས་འཕེལ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ལམ་ནས་ངོ་ རྒོལ་གནང་རྗེས་འདས་གྲོངས་གྱུར་འདུག ༨༽དེ་མཚུངས་ཟླ་༡༠ཚེས་༡༥ཉིན་རང་ལོ་༡༩ཡིན་པ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཟུར་ནོར་ བུ་དགྲ་འདུལ་གྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་ནས་རྒྱ་ གཞུང་ལ་ངོ་རྒོལ་གནང་འདུག ༩༽ཡང་ཟླ་༡༠ཚེས་༡༧ཉིན་རང་ལོ་༢༠ཡིན་པ་རྔ་པ་ཁུལ་གྱི་བཙུན་དགོན་བདེ་ཆེན་ཆོས་ འཁོར་གླིང་གི་བཙུན་མ་བསྟན་འཛིན་དབང་མོས་རང་ལུས་མེར་བསྲེགས་བཏང་བའི་ལམ་ནས་ ངོ་རྒོལ་གནང་བར་བརྟེན་འདས་གྲོངས་སུ་གྱུར་འདུག་ཅེས་དང༌། ཐེངས་འདིའི་མཆོད་འབུལ་སྨོན་ལམ་དང་སྨྱུང་གནས་གོ་སྒྲིག་ གནང་དགོས་པའི་དམིགས་ཡུལ་དང༌། དེ་བཞིན་རྒྱ་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་འབོད་སྐུལ་ཞུས་དོན། གོང་གསལ་རང་ལུས་མེར་བསྲེགས་གཏོང་མཁན་དགུ་ནས་ལྔ་འདས་གྲོངས་སུ་གྱུར་ཟིན་པ་ དང༌། བཞི་ཡི་གནང་སྟངས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག་ན། སྤྱིར་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་དང༌། ཁྱད་པར་གོང་གསལ་འདས་སོན་དགུ་པོ་དང་ཁོང་ཚོའི་ཕ་མ་ཉེ་འབྲེལ་རྣམས་ཀྱི་གཙོ་བོར་ གྱུར་བའི་བར་ལམ་འཛིན་བཟུང་བཙོན་འཇུག་གི་དམ་དྲག་འོག་ཚུད་པའི་གཞིས་བཞུགས་སེར་ སྐྱ་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་དེ་རིང་ལྷག་དཀར་གྱི་ཉིན་མོ་ དང་བསྟུན་ནས་བཙན་བྱོལ་བོད་མིའི་སྡོད་སྒར་ཡོངས་སུ་ཉིན་བརྒྱ་དུས་གཅིག་ལ་མཆོག་ གསུམ་རྒྱལ་བ་རྒྱ་མཚོར་ཐུགས་རྗེ་བསྐུལ་བའི་སྨོན་ལམ་མཆོད་འབུལ་ཞུ་རྒྱུའི་གོ་ སྒྲིག་ཞུས་པ་ཡིན། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམ་པར་དྲག་གནོན་ གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ་དང༌། ཞི་བའི་སྒོ་ནས་བོད་མིའི་དཀའ་ངལ་སེལ་དགོས་པའིོ་འབོད་སྐུལ་ནན་པོ་ཞུ་རྒྱ་ཡིན། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་དངོས་དོན་རྟོག་ཞིབ་ཆེད་འཕྲལ་དུ་ཞིབ་ འཇུག་མི་སྣ་གཏོང་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཆེད་རང་དབང་གི་ སྒོ་ནས་བོད་ནང་གསར་འགོད་མི་སྣ་འགྲོ་བསྐྱོད་ཐུབ་པའི་རེ་འདུན་བཏོན་རྒྱུ་ཡིན། ད་རེས་འདིར་མཆོད་འབུལ་སྨོན་ལམ་གྱི་ཚོགས་ མགོན་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་ཆེ་ བའི་ཐོག་སྙུང་གནས་སུ་བཞུགས་རྒྱའི་ཐུགས་གཏན་འཁེལ་འདུག་པར་བཀའ་དྲིན་བླ་མེད་ དུ་ཆེ་ཞུ་རྒྱུ་དང༌། དེ་བཞིན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ དབུས་པའི་འདིར་ཕེབས་པའི་འདུས་སྡེ་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་གཞིས་བཞུགས་བོད་མིའི་ཚོའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་དང༌། གང་མྱུར་དཀའ་སེལ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྨོན་འདུན་ཤུགས་དྲག་ཞུ་ ཞེས་འཁོད་འདུག