Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
རྒྱལ་སྤྱིའི་གསར་འགྱུར།
འཇར་མན་ཕྱི་སྲིད་བློན་ཆེན་གྱིས་བོད་དོན་གླེང་བ། ཕྱི་ཚེས་ ༡༥ ཉིན་འཇར་མན་ཕྱི་སྲིད་བློན་ཆེན་ཝེ་སི་ཊར་ཝེལ་ལེ་ Westerwelle པེ་ཅིན་དུ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཏེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ ཅེ་ཁྲི་དང་སྲིད་བློན་ཝུན་ཇ་པའོ་གཉིས་ལ་སྔ་རྗེས་སུ་མཇལ་འཕྲལ་གནང་ཡོད། ཡང་ཅེ་ཁྲི་དང་མཇལ་ཕྲད་སྐབས་འཇར་མན་ཕྱི་སྲིད་བློན་ཆེན་གྱིས་མངོན་གསལ་དོད་ པོའི་སྒོ་ནས་འགྲོ་མིའི་ཐོབ་ཐང་གི་གནད་དོན་སྐོར་གྱི་གལ་གནད་དང་འབྲེལ་ཏེ། གསར་འགོད་རང་དབང་དང་། སྨྲ་བརྗོད་རང་དབང་། གྲངས་ཉུང་མི་རིགས་ཀྱི་ངོ་བོ་བརྟན་སྲུང་། དྲ་རྒྱའི་རང་དབང་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་འདུག དབྱིན་ཇུའི་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱོགས་གཉིས་ཀྱི་བར་གནད་དོན་མང་པོ་ཞིག་གི་ཐད་ཕན་ཚུན་འགལ་བ་ཡོད་ནའང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་མཉམ་འབྲེལ་མུ་མཐུད་རྒྱུན་སྐྱོང་བྱ་ རྒྱུ་ཡིན་ལུགས་བརྗོད་ཡོད། འཇར་མན་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ལས་དོན་མང་པོ་ཞིག་གི་ཐད་ལ་སྐྱོན་ བརྗོད་ཀྱི་རྣམ་འགྱུར་བསྟན་ཡོད། དེ་བཞིན་འཇར་མན་འོས་བསྡུ་ཆེན་མོའི་སྐབས་སུ་ཁོང་གིས་གལ་སྲིད་མ་འོངས་པར་ཁོ་ རང་ཕྱི་སྲིད་བློན་ཆེན་ཆགས་པ་ཡིན་ན། ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་གི་ཡིན་ཅེས་བརྗོད་མྱོང་ཡོད་པ་རེད། ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་ཀྱི་སྐབས་སུའང་རྒྱ་ནག་གིས་ཏཱ་ལའི་བླ་མཆོག་ ལ་འཛིན་པའི་ལྟ་སྟངས་ལ་འགྱུར་བ་ལེགས་པོ་གཏོང་དགོས་པའི་སྐོར་གསུངས་ཡོད་པ་རེད། ཡིན་ནའང་། རྒྱ་ནག་ཕྱི་སྲིད་བློན་ཆེན་ཡང་ཅེ་ཁྲི་ཡིས་ཏཱ་ལའི་བླ་མ་ནི་ཆབ་སྲིད་བྲོས་བྱོལ་ བ་དང་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པ་དང་། རྒྱ་གཞུང་གི་ངོས་ནས་རྒྱལ་ཁབ་གཞན་པའི་མགོ་ཁྲིད་ཀྱིས་ཁོང་ལ་ཐུག་ཕྲད་བྱེད་ རྒྱུར་ངོ་རྒོལ་ཡོད་ཅེས་བརྗོད་ཡོད་པ་དང་། དེ་ནི་འཇར་མན་ཕྱི་སྲིད་བློན་ཆེན་མཆོག་མ་འོངས་པར་༧གོང་ས་མཆོག་དང་མཇལ་འཕྲལ་ མི་གནང་རྒྱུར་རྟིང་སྐུལ་བྱས་པ་ཞིག་ཡིན་འདུག་མོད། འཇར་མན་ཕྱི་སྲིད་བློན་ཆེན་མཆོག་གིས་གསར་ལམ་ཁག་ཏུ་བརྗོད་རྒྱུར། བོད་དང་། འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་སོགས་ཀྱི་ཐད་ནས་འཇར་མན་དང་རྒྱ་ནག་གཞུང་གི་ལྟ་སྟངས་མ་འདྲ་ བ་ཤུགས་ཆེན་པོ་འདུག ཁོང་གིས་ཏཱ་ལའི་བླ་མ་དང་འབྲེལ་བ་གཅོད་སྲིད་གི་མ་རེད་ཅེས་བརྗོད་ཡོད་འདུག སྐུ་ཞབས་ཝེ་སི་ཊིར་ཝེལ་ལེ་མཆོག་གིས་འཇར་མན་ཕྱི་སྲིད་བློན་ཆེན་གྱི་ལས་ཁུར་ བཞེས་རྗེས་ཐོག་དང་པོར་རྒྱ་ནག་དུ་འཚམས་གཟིགས་སུ་ཕེབས་པའི་སྐབས་དང་བསྟུན་ནས། མངོན་གསལ་དོད་པོའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱས་ པར་འཇར་མན་གསར་ལམ་ཁག་ཏུ་ཁོང་ལ་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད་འདུག འཇར་མན་གྱི་ Star Weekly ཞེས་པའི་བདུན་རེའི་གསར་ཤོག་སྟེང་བཀོད་དོན། ཉེ་ལམ་རྒྱ་ནག་གིས་རང་ཉིད་སྟོབས་ཆེན་ཡིན་པ་ཕྱོགས་ཡོངས་ནས་འུད་སྒྲོག་བྱེད་ བཞིན་ཡོད། ཡིན་ནའང་། རྒྱ་ནག་གི་སྤྱི་ཚོགས་ཁྲོད་གནད་དོན་མང་པོ་ལྷག་བསྡད་ཡོད། དཔེར་ན། དཔོན་རིགས་ཀྱི་རུལ་སུངས་དང་། གཞི་རིམ་གྱི་དབུལ་ཕོངས། ལོ་རེར་གཞུང་ལ་ངོ་རྒོལ་བྱེད་མཁན་མི་གྲངས་ཁྲི་ ༨ ལྷག་གིས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད། དོན་དངོས་ཐོག་ཕྱི་རྫིག་ནང་སྟོང་ལྟ་བུ་ཆགས་ཡོད། རྒྱ་ནག་གིས་སྐྱོན་བརྗོད་དང་ལེན་བྱེད་མི་ཐུབ་པ་དེ་ནི་རྒྱ་ནག་ལ་གླེང་སློང་ དཔྱད་བསྡུར་གྱི་རྒྱུན་སྲོལ་མེད་པས་རེད་ཟེར། སྐུ་ཞབས་ཝེ་སི་ཊིར་ཝེལ་ལེ་མཆོག་གིས་ན་ནིང་ཕྱི་ཟླ་ ༡༠ པའི་ནང་འཇར་མན་ཕྱི་སྲིད་བློན་ཆེན་གྱི་ལས་ཁུར་བཞེས་པ་དང་། ཉེ་སྔོན་འཇར་མན་གྲོས་ཚོགས་འཐུས་མི་དང་ཚོང་དོན་མི་སྣའི་འཐུས་ཚབ་རུ་ཁག་ཁྲིད་ ནས་རྒྱ་ནག་ཏུ་ཉིན་གཉིས་རིང་གི་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་འཚམས་གཟིགས་མཇུག་སྒྲིལ་ཡོད་པ་རེད།