Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
རྒྱལ་སྤྱིའི་གསར་འགྱུར།
དྲ་རྒྱའི་དགྲ་བོའི་མིང་གཞུང་གསལ་བསྒྲགས།

ཕྱི་ཚེས་ ༥ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་དྲ་རྒྱའི་དགྲ་བོ་ཡི་མིང་གཞུང་གསར་པ་ཞིག་བསྒྲགས་འདུག་ལ། ལོ་འདིའི་མིང་གཞུང་གསར་པ་དེའི་ནང་གི་དགྲ་བོ་རྙིང་ཤོས་ནི་སླར་ཡང་རྒྱ་ནག་རེད། ཟླ་སྔོན་མའི་ཚེས་ ༡༢ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་དྲ་རྒྱ་ཞིབ་བཤེར་ལ་རྒོལ་བའི་འཛམ་གླིང་གི་ཉིན་མོ་སྲུང་གཙི་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་མི་ཚང་མས་འགོག་སྡོམ་མེད་པའི་དྲ་རྒྱ་ཞིག་ལ་རྒྱབ་སྐྱོར་གྱི་རྔམ་སྟོན་བྱེད་པའི་ཆེད་དུ་རེད། དེ་བཞིན་དུ་བསམ་ཚུལ་དང་གནས་ཚུལ་བརྗེ་རེས་བྱེད་པའི་བརྒྱུད་ལམ་ལ་དོ་སྣང་སྤྲོད་སྐབས། དྲ་རྒྱ་ནི་རང་དབང་གི་སྟོབས་ཤུགས་འབྱུང་ཁུངས་དེ་ཡིན་པ་གསལ་སྟོན་བྱེད་པའི་ཆེད་དུའང་རེད། དེ་ལྟར་ཀྱང་། སྲིད་གཞུང་མང་པོ་ཞིག་གིས་ཀྱང་འདི་ཤེས་ཏེ་དྲ་རྒྱ་ལ་སྔར་ལས་ལྷག་པའི་སྟངས་འཛིན་དང་ཞིབ་བཤེར་བྱེད་ཀྱིན་ཡོད། རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་དྲ་རྒྱའི་དགྲ་བོའི་མིང་གཞུང་གསར་ཤོས་དེ་ཁྱབ་བསྒྲགས་བྱས་ཡོད་ལ། མིང་གཞུང་དེའི་ཁྲོད་ནས་མཛུབ་མོ་ཀེར་སའི་དགྲ་བོ་རྣམས་ནི་ཨི་རན་དང་རྒྱ་ནག སུ་ཌེ་ཨ་རབ། ཝེ་ཐུ་ནམ། ཊུ་ནེ་ཤི་ཡ་སོགས་ཡིན་ལ། དེ་བཞིན་དུ་དྲ་རྒྱ་ལ་ལྟ་སྟངས་མི་ལེགས་ཤིང་ཉེན་ཚབས་ཆེ་བའི་མིང་གཞུང་ཞིག་ཀྱང་བཏོན་ཡོད་ལ། འདི་དག་ཐམས་ཅད་ཀྱི་ནང་ནས་ཀྱང་རྒྱ་ནག་དང་ཨི་རན་ནི་དྲ་རྒྱའི་རང་དབང་གི་ཕྱོགས་ལ་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་འདུག ཅི་ལྟ་བུ་ཞིག་ལ་དྲ་རྒྱའི་དགྲ་བོ་ཟེར་རམ་ཅེ་ན། སྐབས་འདིའི་དྲ་རྒྱའི་དགྲ་བོ་ཡི་མཚན་ཉིད་འཇོག་པར་རྒྱུ་རྐྱེན་གཉིས་ཡོད་དེ། དང་པོ་དེར། འདས་པའི་ལོ་གཅིག་གི་རིང་དྲ་སེར་ (Netizen) འཇུས་པའི་གྲངས་ཚད་དང་། སྡིགས་ར་དང་འཇིགས་སྐུལ་བྱེད་པ་སོགས་ལ་ཟེར། ད་སྐབས་དྲ་ཐོག་ནས་ལས་འགུལ་སྤེལ་བའི་ཉེས་མིང་འོག་མི་ ༡༠༠ ལྷག་བཙོན་ཁང་དུ་ཡོད། ད་ལྟའི་ཆར་དྲ་ངོས་ནས་ནག་ཉེས་ཕོག་སྟེ་འཇུག་སའི་བཙོན་ཁང་ཆེ་ཤོས་ནི་རྒྱ་ནག་ཡིན་ལ། དྲ་ཐོག་ནས་འཇུས་པའི་བཙོན་པ་ ༧༢ ཡོད། རྒྱ་ནག་གིས་དྲ་ལམ་གྱི་ནག་ཉེས་འགེལ་ས་གཙོ་བོ་ནི་རྒྱལ་ཁབ་ཀྱི་གསང་བ་ཕྱི་རྒྱལ་ལ་བཏང་བ་དེ་ཡིན། གཉིས་པ་དེ་ནི་གཞུང་ངོས་ནས་དྲ་ངོས་ལ་ཞིབ་བཤེར་བྱེད་པ་དང་བརྒྱུད་ལམ་འགོག་པ་བཅས་ཡིན། ཨི་རན་ལ་མཚོན་ན་དྲ་ཤོག་ས་ཡ་མང་པོར་ཞིབ་བཤེར་བྱེད་ཀྱིན་པ་དང་། དྲ་ལམ་ཇེ་དལ་དུ་བཏང་སྟེ་གནས་ཚུལ་རག་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་ཡོད། གནད་དོན་འདི་ནི་ལྷག་པར་དུ་ལོ་སྔོན་མའི་ཨི་རན་འོས་བསྡུ་ཆེན་མོའི་ངོ་རྒོལ་གྱི་སྐབས་ནས་བྱུང་ཡོད། ལོ་འདིར་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་གྷོ་གྷལ་གྱི་རྒྱབ་སྐྱོར་འོག་ནས་ ༼དྲ་སེར་གྱི་རྟགས་མ་༽ ཐོག་མ་དེ་འབུལ་ས་བདམས་ཡོད་ལ། ལོ་འདིའི་རྟགས་མ་ནི་ཨི་རན་གྱི་བུད་མེད་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་སྤེལ་མཁན་དྲ་རྒྱ། འདྲ་མཉམ་གྱི་འགྱུར་བ་ཞེས་པ་དེར་ཕུལ་ཡོད་འདུག དྲ་གནས་དེའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཀྱི་ཕྱོགས་ལ་ནུས་པ་མི་དམན་པ་ཐོན་ཡོད་འདུག ལོ་འདིའི་དྲ་རྒྱའི་དགྲ་བོའི་མིང་གཞུང་ནི་གཤམ་གསལ་ལྟར་ཡིན། འབར་མ། རྒྱ་ནག ཁུ་བྷ། ཨི་རྗེབ། ཨི་རན། བྱང་ཀོ་རི་ཡ། སུ་ཌེ་ཨ་རབ། སེ་རི་ཡ། ཊུ་ནེ་ཤི་ཡ། ཊར་ཀི་མན་ནེ་ཐི་ཐན། ཨུ་བྷེ་ཀི་སི་ཐན། ཝེ་ཐུ་མན། བཅས་ཡིན། དེ་བཞིན་དུ་ཉེན་ཚབས་ཆེ་བའི་མིང་གཞུང་ནི། ཨོ་སི་ཊོ་ལི་ཡ། བྷ་རེན། བྷེ་ལ་ར་སུ། ཨེ་རི་ཊུ་ར་ཡ། མ་ལི་ཤི་ཡ། ར་ཤི་ཡ། ལྷོ་ཀོ་རི་ཡ། ཤི་རི་གླིང་ག ཐའེ་ལན་ཌུ། ཊར་ཀི། ཨ་རབ་རྒྱལ་ཕྲན་མཉམ་འབྲེལ་བཅས་རེད།

བོད་ཀྱི་དུས་བབ་ལས་དྲངས།

ལོན་ཌོན་ནས་པེ་ཅིན་ལ་ངོ་རྒོལ།

འདོན་སྤེལ། ༢༠༠༩/༡༠/༠༡ རྒྱ་མི་དང་ཡུ་གུར་བ་། བོད་པ་བཅས་ཀྱི་གདུང་སེམས་མཉམ་སྐྱེད་ཅེས་པའི་གོ་སྒྲིག་འོག དེ་རིང་རྒྱ་ནག་གི་རྒྱལ་བཙུགས་དུས་སྟོན་ཐེངས་ ༦༠ པའི་ཉིན་མོར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད། ཕྱི་ཚེས་ ༡ ཉིན་ལོན་ཌོན་དུ་ཡོད་པའི་རྒྱ་མི་དང་ཡུ་གུར། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མང་ཚོགས་དང་། གཞན་ཡང་མི་རིགས་འདི་དག་གི་དཀའ་སྡུག་ལ་རྒྱབ་སྐྱོར་གནང་མཁན་དག་གིས་ལོན་ཌོན་ དུ་མཉམ་རུབ་སྒོས་རྒྱ་ནག་གི་རྒྱལ་བཙུགས་དུས་སྟོན་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁོང་ཚོས་རྒྱ་ནག་གི་འོག་ན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཅི་ཡང་མེད་པ་ཁག་ཐེག་ བྱེད་ཐུབ་ཅེས་དང་། མི་ལོ་ ༦༠ རིང་རྒྱ་ནག་དམར་ཤོག་གཞུང་གིས་མི་རིགས་འདི་དག་ལ་མི་སྤྱོད་ལས་འདས་པའི་མནར་ གཅོད་བཏང་ཡོད་ལ། མི་འབོར་དུང་ཕྱུར་གཅིག་དམར་ཤོག་གཞུང་གི་བཙན་གནོན་འོག་བཀྲོངས་ཡོད། ད་ནི་རྒྱ་ནག་དམར་ཤོག་གཞུང་གིས་ཚོགས་པ་གཅིག་གི་དབང་སྒྱུར་དེ་མཚམས་བཞག་སྟེ་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལག་བསྟར་ ཐོག་དམངས་གཙོ་དང་མི་སེར་གྱི་སྲིད་གཞུང་ཞིག་འཛུགས་དགོས་སྐོར་འབོད་སྐུལ་ཞུས་ ཡོད་པ་རེད།