Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
བོད་དོན་འབྲེལ་མཐུད་པ།

རྒྱ་ནག་གིས་དམར་པོའི་སྲིད་གཞུང་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་སྟོན་གྱི་སྐབས་དང་བསྟུན་ནས། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གསར་དུ་བསྐོ་བཞག་གནང་བ་ ཕྱིར་བསྒྲགས་གནང་ཡོད་པ་རེད།
ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལིན་ཊོན་མཆོག་ནས་ཨ་རི་གཞུང་གིས། ཨ་རིའི་ཕྱི་སྲིད་ལས་ཁང་གི་དམངས་གཙོ་དང་འཛམ་གླིང་གི་ལས་དོན་ལྷན་ཁང་དྲུང་ཆེ་ ཡི་ཕྱག་རོགས་ལྕམ་མཱ་རི་ཡ་ཨོ་ཊེ་རོ་ Maria Otero མཆོག་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་གསར་དུ་བསྐོ་བཞག་གནང་བ་ཕྱི་ སྲིད་ལས་ཁང་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་འཁོད་དོན། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨོ་ཊེ་རོ་ནས་ཨ་རིས་བོད་དོན་ཐོག་འཛིན་ པའི་སྲིད་བྱུས་དང་ལས་འཆར་ཁག་གཞིར་བཟུང་རྒྱ་བོད་དབར་གྱི་དཀའ་གནད་སེལ་རྒྱུར་ རྒྱ་ནག་གཞུང་དང་འབྲེལ་ལམ་བྱ་རྒྱུའི་སྐོར་དང་། དེ་མིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་ རྒྱ་ནག་གཞུང་དབར་བསྐྱར་དུ་གྲོས་མོལ་ཡོང་རྒྱུ་དང་། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་རོགས་རམ་ཐུབ་པའི་ཁོར་ཡུག་ བསྐྲུན་ཐབས་གནང་རྒྱུ་ཡིན་པའི་སྐོར་འཁོད་ཡོད་འདུག

དེ་ བཞིན་༧གོང་ས་མཆོག་ནས་ཀྱང་ལྕམ་མཱ་རི་ཡ་ཨོ་ཊེ་རོ་མཆོག་ཨ་རི་གཞུང་གིས་བོད་དོན་ དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་གསར་དུ་བསྐོ་བཞག་གནང་བར་དགའ་བསུ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཀྱང་ལེགས་པོ་ཡོང་བར་རེ་བ་བཅིངས་ཡོད་ཅེས་ཁེ་ ན་ཌ་ནས་གསུངས་ཡོད་འདུག

ཟླ་སྔོན་མའི་ནང་སྲིད་འཛིན་ ཨོ་བྷ་མའི་སློབ་སྟོན་པ་དང་མཐོ་རིམ་དཔོན་རིགས་ཁག་བཞུགས་སྒར་རྡ་རམ་ས་ལར་ཆེད་ ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་འཕྲད་སྐབས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དཔོན་རིགས་ཁག་གིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས་ཀྱང་བརྗོད་ཡོད་པ་ལྟར། ཐེངས་འདིར་ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་དུ་བསྐོ་ བཞག་གནང་བར་ཡང་རྒྱ་ནག་གཞུང་གི་ངོས་ནས་སྐྱོན་བརྗོད་བྱས་ཡོད་འདུག