འཚོལ་བཤེར:
མདོ་སྨད་ཀྱི་དགོན་སྡེ་ཁག
འདིར་བྱང་གི་དགོན་ཆེན་བཞི་འདྲེན་སྐབས་ཀྱི་བྱང་ནི་བོད་ཡུལ་མདོ་དབུས་ཁམས་ གསུམ་དུ་དབྱེ་བའི་མདོ་ཁམས་སྨད་ཀྱི་ཡུལ་གྲུ། རྨ་ཆུ་བགྲོད་ཚུལ་གྱི་ དབང་དུ་བྱས་ན་ལྷོ་རྒྱུད་དང་བྱང་རྒྱུད་གཉིས་ཡོད་པས་བྱང་རྒྱུད་དུ་གོ་ཟེར་བ་ དང༌། གཞན་ངེས་དོན་ཆོས་ཀྱི་ཉི་མས། ཙོང་ཆུའི་ཉིན་སྲིབ་དང་ཙོང་ལ་རིང་ མོ་ལྷོ་བྱང་གི་སའི་ཆ་སྟེ་ཁམས་ཀྱི་གཡེར་མོ་ཐང་ངམ་ཤར་མདོ་སྨད་ཙོང་ཁ་ཡང་རྨ་ ཆུའི་བྱང་རྒྱུད་ན་ཡོད་པས་བྱང་ཞེས་ངོས་འཛིན་ཟེར། ངག་རྒྱུན་ལྟར་ན་བྱང་གི་དགོན་ཆེན་བཞི་ནི། བྱ་ཁྱུང༌། དགོན་ལུང༌། ཆུ་བཟང༌། གསེར་ཁོག་བཅས་ཡིན་ཟེར་སྲོལ་ཡོད་ལ། དེང་དུས་ཀྱི་ཆུ་བཟང་དགོན་ པའི་གྲྭ་རྣམས་ཀྱིས་ཀྱང་བྱང་གི་དགོན་ཆེན་བཞི་ལ་གཏོགས་ཚུལ་སོགས་ལོ་རྒྱུས་མང་ པོ་བཤད་རྒྱུན་ཡོད་ཀྱང༌། མཁན་པོ་ངག་དབང་རྒྱ་མཚོའིབསྟན་པའི་ བྱུང་རབསདང༌། མཁས་དབང་ཚེ་ཏན་ཞབས་དྲུངབོད་གངས་ཅན་གྱི་སྒྲ་རིག་པའི་བབཅོསགཉིས་ན་བྱ་ཁྱུང་ དང༌། སྐུ་འབུམ། དགོན་ལུང༌། གསེར་ ཁོག་ནི་བྱང་གི་དགོན་ཆེན་བཞིའོ་ཞེས་གསུངས་ཡོད།
བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་དགོན།
“ཙོང་ཆུ་བྱང་རྒྱུད་ཀྱི་མ་དགོན”དུ་གྲགས་པའི་དགོན་ལུང་ དགོན་པ་ནི་མདོ་སྨད་ཙོང་ཁའི་ཡུལ་དུ་ཆགས་ཡོད་ལ། དགོན་པ་ཆགས་ཡོད་པའི་ལུང་པ་དེའི་མིང་ལ་དགོན་ལུང་ཟེར་པས་ས་མིང་དགོན་པར་བཏགས། དགོན་ལུང་བྱམས་པ་གླིང་ནི་སྤྱི་ལོ ༡༦༠༤ ལོར་རྒྱལ་སྲས་རིན་པོ་ཆེ་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོས་བཏབ་པ་ ཡིན། སྤྱི་ལོ༡༥༨༣ལོར་༧རྒྱལ་ དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་གནང་ སྐབས་ལམ་བར་དུ་ས་ཆ་འདི་བརྒྱུད་དུས། ས་དེ་ གའི་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་ལ་བསྔགས་བརྗོད་ཚད་མེད་གནང་བ་དང་ལྷན་དུ “ཕྱིས་སུ་ས་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་སྐྱེས་ བུ་དམ་པ་འབྱུང་པར་ངེས།” ཞེས་ལུང་བསྟན་གནང་མྱོང༌། སྤྱི་ལོ༡༦༠༢ལོར། ༧རྒྱལ་དབང་སྐུ་ཕྲེང་བཞི་པས་སྐུ་དངོས་སུ་དགོན་པ་འདེབས་རྒྱུའི་ཁས་ བླངས། འོན་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་རེ་བ་དེ་མྱུར་དུ་འགྲུབ་མ་ཐུབ། སྤྱི་ལོ༡༦༠༣ལོར། ས་དེའི་བོད་རིགས་སྡེ་ཚོ་ཕྱོགས་ཁ་བཅུ་གསུམ་གྱི་འགོ་དཔོན་ རྣམས་དབུས་གཙང་དུ་སོང་ནས་༧རྒྱལ་དབང་སྐུ་ཕྲེང་བཞི་པར་མཇལ་ཏེ་དགོན་པ་འདེབས་ དགོས་པའི་རེ་བ་སླར་ཡང་བཏོན་པས། ༧རྒྱལ་དབང་སྐུ་ཕྲེང་བཞི་པ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་བས་ཡུལ་ཕྱོགས་ དེར་དགོན་པ་འདེབས་རྒྱུ་ཁས་བླངས། སྤྱི་ལོ༡༦༠༤ལོའི་ཟླ་གསུམ་པར། དགོན་པ་འདེབས་པའི་འགོ་བརྩམས། སྐབས་དེར་རྒྱལ་སྲས་དང་སུམ་པ་རྣམ་གཉིས་ཀྱིས་ འགན་འཁུར་བཞིན་ཡོད། ས་དེ་གའི་རབ་བྱུང་བཙུན་པ་དང་དད་ལྡན་མང་ཚོགས། ཚོ་པའི་འགོ་དཔོན་བཅས་ཀྱིས་རམ་འདེགས་ཆེན་པོ་བྱས་པས་དགོན་པ་ ཡོངས་འགྲུབ་བྱུང༌། དགོན་པ་བཏབ་མ་ཐག་མཚན་ཉིད་གྲྭ་ཚང་ཁོ་ན་མ་གཏོགས་མེད། ཕྱིས་སུ་ལྕང་སྐྱ་དང་ཐུའུ་བཀྭན། འཇམ་དབྱངས་བཞད་པ་སྐུ་ཕྲེང་ དང་པོ་བཅས་ཀྱིས་རྒྱུད་པ་གྲྭ་ཚང་བཙུགས་ཏེ་བཤད་སྒྲུབ་ཟུང་སྤེལ་གྱི་ཆོས་སྡེར་ གྱུར་ཅིང༌། ཐོག་མར་ རབ་ཏུ་བྱུང་བ་ཆིག་བརྒྱ་ལྷག་ཡོད། རྗེས་སུ་དགོན་ལུང་དགོན་པ་དར་བའི་རྩེར་སོན་ཏེ། འདུ་ཁང་ཆེ་ཆུང་དང་ནང་ཆེན། གྲྭ་ཤག་ བཅས་ཉིས་སྟོང་ལྷག་ཡོད་པར་གྱུར། རབ་ཏུ་བྱུང་བ་བདུན་སྟོང་བདུན་བརྒྱ་ལ་བསླེབས་མྱོང༌ཟེར། སྐབས་ཐོག་དེར་དགོན་པ་འདིར་ནང་ཆེན་ཆེ་ལྔ་ཆུང་དགུ་ཡོད་མོད། ཕྱིས་སུ་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་པའི་དབང་འོག་དུ་བཅུག་པ་ དང་ལྷག་པར་དུ་ལོ་རབས་དྲུག་བཅུ་པར་ རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་ཁྲོད་དགོན་པ་འདི་ཡང་གཏོར་བཅོམ་འཕྲོག་ བསྲེགས་ཀྱི་ཉེར་ལེན་ལ་བསྟེན་ནས་ད་ལྟ་སྔོན་དང་བསྡུར་ན་མིང་ཙམ་ལས་ལྷག་མེད།
བྱང་གི་དགོན་ཆེན་བཞིའི་ཡ་གྱལ་སྐུ་འབུམ་དགོན།
སྐུ་འབུམ་བྱམས་པ་གླིང་ནི་ཟི་ལིང་མཁར་གྱི་ཉེ་འཁྲུས་སུ་ ཆགས་ཡོད་ལ། ཟི་ལིང་ནས་སྐུ་འབུམ་བར་སྤྱི་ལེ༢༥ཡོད། དེར་སྐུ་འབུམ་ཟེར་དོན་ནི་རྗེ་ ཙོང་ཁ་བའི་ལྟེ་ཁྲག་འཕོས་ས་ནས་ཤིང་ཙན་དན་གྱི་ལྗོན་པ་ཞིག་སྐྱེས་བར་བཤད་ལ། ལྗོན་པ་དེའི་ལོ་མ་རེ་རེའི་སྟེང་ན་རྒྱལ་བ་སེང་གེ་ང་རོའི་སྐུ་རེ་ཡོད་པས་ སྐུ་འབུམ་ཞེས་མིང་དུ་ཐོགས་པ་ཞིག་རེད། དགོན་པ་འདི་ནི་སྤྱི་ལོ༡༥༦༠ལོར་བཏབ་པར་ཀུན་ལ་གྲགས་ཀྱང༌། ཐོག་མར་ཅི་ལྟར་དབུ་བཙུགས་པའི་ལོ་རྒྱུས་གླེང་ན། རྗེ་ཙོང་ཁ་བ་དབུས་སུ་ཕེབས་ནས་ཡུན་རིང་འགོར་བའི་སྐབས་ཤིག་ན། ཡུམ་གྱིས་རྒས་ཚུལ་དང་མདོ་སྨད་དུ་འབྱོན་དགོས་ཀྱི་ཞུ་ཡིག་སྐྲའི་ལན་བུ་དཀར་པོ་ དང་བཅས་བསྐུར་བར། མདོ་སྨད་དུ་ཕེབས་པ་དགོས་པ་ཆུང་བར་གཟིགས་ནས་མི་ཕེབས་པར་ཐག་བཅད་དེ་ཡུམ་དང་ཨ་ ཅེ་གཉིས་ལ་ཁོ་རང་གི་སྐུ་ཐང་རེ་ དང༌། རྒྱལ་བ་སེང་གེ་ང་རོའི་སྐུ་དཔར་གཅིག བདེ་མཆོག་གི་བུམ་སྐུ་བཅས་བསྐུར་བ་དེ་དང༌། གསུང་ཤོག་ནང་རྟེན་བྱས་ཏེ་དད་ལྡན་མང་པོའི་གྲོགས་ལ་ བརྟེན་ནས་རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་འབུམ་པར་ལ་བཏབ་ནས་ཙན་དན་གྱི་ལྗོན་ པ་སྲོག་ཤིང་གི་ཚུལ་དུ་བཞུགས་སུ་གསོལ། མཐའ་སྐོར་དུ་རྡོ་རྩིག་གི་ ར་བ་བརྟན་པར་བརྩིགས་པའི་སྟེང་དུ་པདྨ་སྤུངས་པའི་མཆོད་རྟེན་བཞེངས་ཤིང༌། དེའི་སྟེང་དུ་ལྷ་ཁང་གྱོ་ཐོག་ཅན་གསར་བསྐྲུན་བྱས་ཏེ་སྐུ་འབུམ་གྱི་གཞི་ བཏང་བ་རེད། ཕྱི་ཞིག་ན་འདུལ་འཛིན་ཆོས་རྗེ་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་གྱིས་ དགོན་པ་བཏབ། རྗེས་སུ་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་ སོང་བ་གདན་རབས་ན་གསལ།
བྱང་གི་དགོན་ཆེན་བཞིའི་ཡ་གྱལ་བྱ་ཁྱུང་དགོན།
བྱ་ཁྱུང་དགོན་པ་ནི་དེང་སྐབས་ཀྱི་མཚོ་སྔོན་ཞིང་ཆེན་ གྱི་མངའ་ཁོངས་སུ་ཡོད་ལ། དེ་ནི་ཤར་ཕྱོགས་པ་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་ རིན་ཆེན་གྱིས་སྤྱི་ལོ༡༣༤༩ལོར་བཏབ། ཆོས་རྗེ་དོན་རིན་པོ་ཆེ་ནི་དགེ་ལུགས་བསྟན་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པ་ ཆེན་པོའི་ཡོངས་འཛིན་ཡིན་ལ། སྤྱི་ ལོ༡༣༠༩ལོར་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ནང་ཚན་བསེ་དོན་རིན་ཉིན་ ཞེས་པའི་སྡེ་རུ་སྐུ་འཁྲུངས། བསེ་གསང་བ་ལྷུན་གྲུབ་རྒྱ་མཚོའི་གམ་ནས་ ཡི་གེ་འབྲི་ཀློག་ལ་སྦྱངས། དབུས་སུ་ཕེབས་ནས་གྲུབ་མཐའ་རིས་མེད་དུ་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ཞྭ་ལུར་བྱོན་ནས་ཆོས་ཀྱི་བགྲོ་གླེང་མཛད་དེ་ ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་མཚན་སྙན་ཀུན་ལ་ཁྱབ། བླ་མ་མཆིམས་བློ་བཟང་གྲགས་པའི་ལུང་བསྟན་བཞིན་ཨ་མདོར་ཕེབས། ཐོག་མར་གནས་ ཤ་སྦྲང་དུ་ཕེབས་ནས་དགོན་པ་འདེབས་གྲབས་ཡོད་པ་ལ་རྟེན་འབྲེལ་མ་འཛོམས་པས་མར་ཆུ་ མ་སྡེ་བར་ཕེབས་ནས། ཉི་མ་ཤར་མ་ཐག་པང་དུ་བླངས་པ་དང་ འདྲ་བའི་དགོན་པ་སྟེ་སྟེང་གི་གཞི་མ་དགོན་པ་འདི་བཏབ། རྗེས་སུ་ཤར་པང་དང་ཤ་སྦྲང་གཉིས་ནོར་ནས་བཞེད་ཚུལ་འདྲ་མིན་སྣ་ཚོགས་བྱུང༌།  སྟེང་གི་གཞི་མ་ནི་བྱ་ཁྱུང་གི་མ་དགོན་ཡིན་པའི་ཆ་ནས་བྱ་ཁྱུང་ན་ཚོགས་གྲལ་ངེས་ བཏགས་ཡོད་ཟེར། དེ་ནས་ཡུལ་སྣང་ར་བརྒྱུད་དེ་བྱ་ཁྱུང་དུ་ཕེབས། དགོན་པ་བཏབ་སྟེ་བསྟན་པ་རྒྱ་ཆེར་སྤེལ། རྗེས་སུ་དད་ལྡན་རྣམས་ཀྱིས་ཇེ་རྒྱས་སུ་བཏང་སྟེ་ད་ལྟའི་དགོན་པ་འདི་ཆགས། ལོ་རྒྱུས་ཞིབ་མོ་ནི་གདན་རབས་ན་ གསལ་བས་དེར་གཟིགས་པར་ཞུ།
བྱང་གི་དགོན་ཆེན་བཞིའི་ཡ་གྱལ་གསེར་ཁོག་དགོན།
གསེར་ཁོག་དགོན་པའམ་བཙན་པོ་དགོན་ནི་དེང་སྐབས་ཀྱི་མཚོ་ སྔོན་ཞིང་ཆེན་མངའ་ཁོངས་གསེར་ཁོག་ས་ཁུལ་དུ་ཡོད་ལ། དགོན་པ་འདི་ནི་བཙན་པོ་དོན་གྲུབ་རྒྱ་མཚོས་སྤྱི་ལོ༡༦༥༠ལོར་བཏབ་པ་ཞིག་ཡིན། བཙན་པོ་དོན་གྲུབ་རྒྱ་མཚོ་མཆོག་ནི་བོད་དབུས་ཁུལ་དགའ་བ་གདོང་གི་མི་ཡིན་ལ། ཆུང་དུས་ནས་འབྲས་སྤུངས་དགོན་པར་ཞུགས་ནས་གཞུང་ཆེན་རྣམས་ལ་ལེགས་པར་སྦྱངས། རྗེས་སུ་ མདོ་སྨད་དུ་ཕེབས་ཏེ་སྐུ་འབུམ་དང་དགོན་ལུང་སོགས་ནས་ཁྲི་མཛད་དེ་དགོན་པ་ བསྐྱངས། ཁོང་གིས་དགོན་པ་འདི་ཉིད་བཏབ་རྗེས་ཀྱི་ཕྱི་ལོ ༡༦༥༣ ལོར་རྒྱལ་ དབང་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོ་རྒྱ་ནག་རྒྱལ་སར་བསྐྱོད་དེ་ཕྱིར་ དབུས་གཙང་དུ་ཕེབས་པའི་ལམ་བར་དུ་འདི་ག་དགོན་པར་ཕེབས་ནས་སེར་སྐྱ་མང་ ཚོགས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནངས་པས་དགོན་པའི་མཚན་སྙན་ཕྱོགས་བཞིར་རྒྱས་ ཏེ། བར་སྐབས་ཤིག་ལ་གྲྭ་བ་བདུན་བརྒྱ་དང་གྲྭ་ཤག་དྲུག་བརྒྱར་བུད་མྱོང་བའི་ལོ་ རྒྱུས་ཡོད། ལོ་རབས་ལྔ་བཅུ་བར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བཙན་དབང་དུ་བཅུག་རྗེས་ དགོན་པ་འདི་ཡང་མིང་གི་ལྷག་མར་གྱུར་ཏེ་དེང་སྐབས་བླ་གྲྭ་ཉི་ཤུ་ལྷག་ལས་མེད།
ཆུ་བཟང་དགོན།
 
མདོ་སྨད་ཀྱི་རྫོང་ཆེན་བཞི་སྟེ་ཨ་ཆུང་གནམ་རྫོང་དང་། ཕུ་ལ་ཡང་རྫོང་། བྲག་དཀར་སྤྲེལ་རྫོང་། ཤྭ་བ་རི་རྫོང་།
ཨ་ཆུང་གནམ་རྫོང་། ཨ་ཆུང་གནམ་རྫོང་དགོན་པ་ནི་གཅན་ཚ་རྫོང་གི་བྱང་རྒྱུད་ཀྱི་ཁམས་ར་ནགས་ཁྲོད་དུ་ ཆགས་པའི་དགོན་རྙིང་ཞིག་ཡིན། དགོན་པ་དེའི་བྱང་ཕྱོགས་ན་ཡི་གེ་ ༼འ༽ ཆུང་རང་བྱུང་དུ་བབས་འདྲའི་བྲག་རི་ཞིག་ཡོད་པས། ས་མིང་ལ་ཡང་འ་ཆུང་གནམ་རྫོང་དུ་ཐོགས་པར་བརྗོད་མོད། འོན་ཀྱང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་ཨན་ཆུང་གནམ་རྫོང་ངམ་ཡང་ན་ཨ་ཆུང་ གནམ་རྫོང་ཞེས་ཡང་འབྲི་སྲོལ་ཡོད། གནའ་དགོན་དེ་བྲག་ཕུག་ཆུང་ངུ་ལྔ་རུ་ཆགས་ཡོད། བྲག་ཕུག་ལ་ལ་རང་བྱུང་དུ་གྲུབ་པ་དང་བྲག་ཕུག་ལ་ལ་མིས་བརྐོས་པ་ཡིན། བྲག་ཕུག་ལ་བརྟེན་ནས་བཞེངས་པའི་དགོན་པའི་བཀོད་པ་ནི་དངོས་ནས་ཡིད་དུ་འོངཞིང་ ལྟ་ན་སྡུག་པ་ཞིག་རེད། ཨན་ཆུང་གནམ་རྫོང་ནི་དུས་རབས་དགུ་བའི་དུས་དཀྱིལ་ཏེ་རྒྱལ་བོ་གླང་དར་མས་བསྟན་ པ་སྣུབ་སྐབས་སྟོད་དབུས་གཙང་ནས་ཕེབས་པའི་བོད་ཀྱི་མཁས་པ་མི་གསུམ་བཞུགས་མྱོང་ བའི་གནས་ཤུལ་ཡིན་པས། ལོ་ངོ་ཆིག་སྟོང་ཆིག་བརྒྱ་ལྷག་གི་ལོ་རྒྱུས་ཡོད། སྤྱི་ལོ་༨༣༨ནས་ ༨༤༢ ལོར་རྒྱལ་བོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པས། གཙང་རབ་གསལ་དང༌། གཡོ་དགེ་བའི་འབྱུང་གནས། དམར་ཤཱཀྱ་མུ་ནེ་སོགས་བོད་ཀྱི་མཁས་པ་མི་གསུམ་ལི་ཡུལ་བརྒྱུད་ནས་མདོ་སྨད་ལ་ ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྐྱངས། ཨན་ཆུང་གནམ་རྫོང་ནི་སྐབས་དེར་བོད་ཀྱི་མཁས་པ་མི་གསུམ་གྱི་སྒྲུབ་སྦྱོང་བྱེད་ སའི་གནས་ཡིན། བསྟན་པ་ཕྱི་དར་གྱི་རྗེས་སུ་མི་རྣམས་ཀྱིས་བོད་ཀྱི་མཁས་པ་མི་གསུམ་ལ་རྗེས་དྲན་ གྱི་ཚུལ་དུ་གསོམ་སྡོང་གསུམ་བཙུགས་ཡོད། རྒྱ་ནག་ཆིང་རྒྱལ་རབས་ཀྱི་སྐབས་སུ་རྙིང་མའི་སློབ་དཔོན་པད་མ་རིག་འཛིན་གྱིས་ བྲག་ཟོམ་དེའི་མདུན་ནས་གནམ་རྫོང་དགོན་དང་གནམ་རྫོང་ཇོ་མོ་དགོན་བཏབ། གནམ་རྫོང་དགོན་པའི་ནུབ་རོལ་གྱི་བྲག་ངོས་ན་བྲག་ཕུག་ཅིག་ཡོད་དེ། ངག་རྒྱུན་དུ་དེ་ནི་རྒྱལ་བོ་གླང་དར་མ་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའི་ སྒྲུབ་ཕུག་ཏུ་གྲགས། རི་ཚོགས་གཟར་ཞིང་ནགས་ཚལ་ཚིང་ཚིང་དུ་འཁྲིགས་པ། བྱ་བྱེའུ་སྣ་ཚོགས་ཀྱི་དབྱངས་སྙན་བར་མེད་དུ་སྒྲོག་ཅིང་ཆུ་ཕྲན་ཤག་ཤག་ཏུ་འབབ་ པ། ཡུལ་ལྗོངས་ཀྱི་བཀོད་པ་ལྟ་ན་སྡུག་པའི་ཨན་ཆུང་གནམ་རྫོང་ནི་རབ་ཏུ་བྱུང་བ་རྣམས་ ཀྱིས་ཆོས་སྒྲུབ་སའི་གནས་མཆོག་ཅིག་ཡིན།
བྲག་དཀར་སྤྲེལ་རྫོང་དགོན།
མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ནི། གནས་མཆོག་ཙ་རི་དང་བྱིན་རླབས་མཉམ་པར་གྲགས་པའི་གནས་ཆེན་ཞིག་ཡིན་ལ། སྔོན་སློབ་དཔོན་པདྨ་འབྱུང་གནས་ལའདིར་ཕེབས་ཏེ་གནོད་བྱེད་ཐམས་ཅད་ཐལ་བའི་རྡུལ་ དུ་བརླགས་ཤིང་། དེ་དག་གི་གཉེན་པོར་སྒྲུབ་པ་མཛད་ནས་བཞུགས་སྐབས། མིའི་ལུས་པོར་སྤྲེལ་གྱི་མགོ་བོ་ཅན་ཞིག་བྱུང་ནས་གནས་འདིའི་སྲུང་མ་ཡིན་པར་ ཞུས་པས་དམ་ལ་བཏགས་ནས། བསྟན་སྲུང་གི་ལས་བཅོལ་ནས་མཚན་ལ་གཉེན་སྤྲེལ་ཟླ་བ་ཆེན་པོར་གསོལ། ཕྱིས་སུ་རྗེ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་མཆོག་བཀྲ་ཤིས་ཆོས་རྫོང་དུ་ བཞུགས་སྐབས་གཟིམ་ཁང་གི་ཁྱམས་རའི་ལོགས་སུ་བྲག་དཀར་སྤྲེལ་རྫོང་གི་གནས་ཀྱི་ བཀོད་པ་དང་དགོན་པའི་རི་མོ་ཞིག་ལྡེབས་སུ་འབྲི་རུ་བཅུག་ཏེ། “ལན་རེ་ང་སྤྲེལ་རྫོང་དགོན་ན་ཡོད”་ཅེས་མ་འོངས་པར་དགོན་པ་འདེབས་ངེས་ཀྱི་ལུང་ བསྟན་པ་བཞིན། ཁོང་སྐུ་མྱ་ངན་ལས་འདས་རྗེས་ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་ པའི་རྒྱལ་མཚན་གྱིས་དགེ་བཅུ་ཚང་བའི་གནས་འདིར། ལྕགས་བྱ་ཕྱི་ལོ༡༩༢༡ལོར་ཕྱག་འདེབས་མཛད། ཨ་ཚོགས་དཔོན་པོ་བསོད་ལོ་སོགས་འབྱོར་ཕྱུག་ལྡན་པའི་དད་ལྡན་དག་གིས་ཕྱི་ནང་གི་ རྟེན་དང་བརྟེན་པ་ཆ་ཚང་ལེགས་འགྲུབ་གནང་ཞིང་ཆོས་སྡེ་འདིའི་མཚན་ལ་ལྷུན་གྲུབ་ བདེ་ཆེན་རྫོང་ཞེས་གསོལ། གྲྭ་ཚང་གསར་ཚུགས་ཀྱི་དགེ་རྒན་དུ་རོང་བོ་ཐོས་བསམ་གླིང་གི་དགེ་བའི་བཤེས་གཉེན་ ཆེན་པོ་བྲ་བོ་ཡོན་ཏན་རྒྱ་མཚོ་སོགས་མཁས་ཆེན་དུ་མ་ཕེབས་ནས་རོང་བོ་གྲྭ་ཚང་གི་ ཕྱག་སྲོལ་ལྟར་མཛད་ཅིང་། དགོན་འདིའི་ཁྲི་བ་ལ་རྗེ་དེ་ཉིད་ཀྱིས་གཙོས་ཨ་ལགས་གཙང་པ་ཚང་དང་། ཨ་རིག་བླ་རབས་བཅས་ཀྱིས་བསྐྱངས་པའི་སྐབས་སུ་བོད་ཁམས་ཀུན་ལ་བསྙན་པའི་གྲགས་པ་ འབར། ཕྱིས་སུ་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་སུ་དྲག་པོའི་བཙན་དབང་སྒྱུར་ བའི་སྐབས་ཤིག་ན། བོད་བསྟན་པ་ཆབ་སྲིད་ཀྱི་དགོས་དབང་ཞབས་བརྟན་ཆེན་མོར་དཔོན་སློབ་རྣམས་གནས་ འདིར་གདན་འཛོམས་དུས་རྒྱ་དམར་པོའི་དྲག་དམག་གིས་ཨ་ལགས་ཁ་གྱ་སྐུ་ཕྲེང་གསུམ་པ་ གཙོས་དགེ་འདུན་པ་བརྒྱ་ཕྲག་མང་པོ་ཚོགས་གྲལ་ནས་བསྡེབས་བཀྲོངས་ཀྱིས་དགོན་སྡེ་ འདི་ཉིད་རྩ་བརླགས་བཏང་ཞིང་། རྗེ་དེ་ཉིད་ཀྱང་དུས་ཡུན་རིང་པོར་བཀག་ཉར་གྱིས་མཐར་བཙོན་ཁང་དུ་སྐུ་གཤེགས། ཕྱི་ལོ་1980ལོ་ནས་ས་དེ་གའི་དད་ལྡན་མང་ཚོགས་ཀྱིས་གཏོང་ཕོད་ཀྱི་ཕྱག་ཟུང་རིང་ བོར་བརྟེན་ནས་མདོ་དབུས་ཁམས་གསུམ་ལ་གྲགས་པ་འབར་བའི་གནས་ཆེན་འདི་ཉིད་བསྐྱར་ གསོ་ཐུབ་ཡོད།
བླ་བྲང་བཀྲ་ཤིས་འཁྱིལ།
བླ་བྲང་བཀྲ་ཤིས་འཁྱིལ་ནི་དེང་སྐབས་ཀྱི་རྒྱ་ནག་ཀན་ སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ནུབ་ཁུལ་དང་། བསང་ཆུའི་བྱང་ངོགས་སུ་ཆགས་ཡོད། སྤྱི་ལོ་༡༧༠༩ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོས་ཡུལ་ལྗོངས་ མཛེས་པའི་ས་འདིར་དགོན་པ་ཕྱག་འདེབས་གནང་ཞིང་། ལོ་ངོ་༣༠༠ལྷག་ཙམ་གྱི་རིང་བཟོ་བསྐྲུན་དང་རྒྱ་བསྐྱེད་རྒྱུན་མ་ཆད་པར་བཏབ་བས་ གྲྭ་ཚང་ཆེན་པོ་དྲུག་དང་།ལྷ་ཁང་དང་ནང་ཆེན་བཞི་བཅུ་ཞེ་བརྒྱད། གྲྭ་ཤག་ལྔ་བརྒྱ་ལྷག་ཙམ་ཡོད་པའི་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཏུ་གྱུར་ཏེ་ཨ་ མདོ་ཁུལ་དུ་“དབུས་གཙང་ཆོས་ཀྱི་ཞིང་ཁམས་གཉིས་པ་”ཞེས་པའི་མཚན་སྙན་གྱི་གྲགས་པ་ འབར་ལ། འབྲས་སྤུངས་དང་། སེ་ར། དགའ་ལྡན། བཀྲ་ཤིས་ལྷུན་པོ་། སྐུ་འབུམ་བྱམས་པ་གླིང་བཅས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གདན་ས་ཆེན་ པོ་དག་གི་ནང་དུ་གཏོགས་ཤིང་། དགོན་པའི་ནང་དུ་ཨེ་ཤ་ཡའི་རྒྱན་གཅིག་གུང་ཐང་མཆོད་རྟེན་བཞུགས་ཡོད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཚན་སྙན་གྲགས་ཆེ་བ་ནི་གྲྭ་ཚང་ཆེན་པོ་དྲུག་སྟེ། རྨད་བྱུང་ཐོས་བསམ་གླིང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། ཨེ་ཝ་ཆོས་འཁོར་གླིང་།སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་།ཀྱེེ་རྡོར་གྲྭ་ཚང་ གསང་སྔགས་དར་རྒྱས་གླིང་།རྒྱུད་སྟོང་གྲྭ་ཚང་གསང་ཆེན་རྡོ་རྗེ་གླིང་བཅས་ཡིན། གྲྭ་ཚང་དེ་དག་གི་ནང་རྨད་བྱུང་ཐོས་བསམ་གླིང་ནི་དགོན་པ་སྤྱིའི་ལྟེ་གནས་ཡིན་ པས་འདུ་ཁང་སྔོན་མ་དང་ཚོགས་ཆེན་འདུ་ཁང་།འདུ་ཁང་ཕྱི་མ་བཅས་གསུམ་གྱིས་གྲུབ་ ཡོད་ཅིང་།ཚོགས་ཆེན་འདུ་ཁང་དུ་གྲྭ་བ་མི་གྲངས་༤༠༠༠མཉམ་དུ་ཚོགས་འཚོགས་ཐུབ། དགོན་ནང་གཙུག་ལག་ཁང་གི་བཞེངས་ལུགས་བོད་ལུགས་དང་།རྒྱ་ནག་གསེར་མཁར།རྒྱ་བོད་ འདྲེས་མ་བཅས་ཡིན།རྨད་བྱུང་ཐོས་བསམ་གླིང་གི་ཚོགས་ཆེན་འདུ་ཁང་གི་ལྟེ་བར་མཚོན་ པའི་མཐའ་འཁོར་དུ་གཙུག་ལག་སྣ་ཚོགས་ཀྱི་སྐར་མའི་འཁོར་གྱིས་ཟླ་བ་བརྒྱན་པའི་ བརྗིག་ཆགས་ཉམས་འགྱུར་གྱི་ཚུལ་དུ་མཆིས།གཙུག་ལག་ཁང་ཡོད་ཚད་ཀྱི་བཟོ་སྐྲུན་ རྒྱུ་ཆ་རྡོ་དང་ཤིང་རིགས་གཉིས་སུ་འདུས།འདུ་ཁང་དང་ལྷ་ཁང་གི་གྱང་ནི་སྔོན་མོ་ རྡོ་ལས་གྲུབ་པ་དེ་འདྲེན་བྱེད་མིག་གི་དགའ་སྟོན་དུ་གྱུར་པས་བླ་བྲང་བཀྲ་ཤིས་ འཁྱིལ་གྱི་བཟོ་སྐྲུན་ལ་ཕྱི་ནས་ཤིང་མི་མཐོང་བ་དང་ནང་ནས་རྡོ་མཐོང་རྒྱུ་མེད་ པའི་ཁྱད་ཆོས་”ཡོད་པར་གྲགས། གཙུག་ལག་ཁང་གི་ཐོག་སྟེང་ཕྱོགས་བཞི་ལ་སྤེན་བད་ཉིས་བརྩེགས་དང་སྤེན་རྒྱན་གྱི་ གྱང་དམར་པོ་དེ་ནི་གཅིག་ནས་ཁང་བརྩེགས་ཀྱི་ལྗིད་ཚད་ཡངས་སུ་འགྲོ་བ་དང་གཉིས་སུ་ བརྗིད་ཆགས་ལྟ་ན་སྡུག་པའི་ཆོས་ཀྱི་ངོ་མཚར་མཚོན་ཡོད།བླ་བྲང་བཀྲ་ཤིས་འཁྱིལ་ལ་ དགོན་པ་གཞན་ལས་ཁྱད་ཆོས་གསལ་པོ་ཡོད་པ་ནི་གསུང་དང་ཐུགས་ཀྱི་རྟེན་རྣམ་གྲངས་མང་ ཞིང་ཉར་ཚགས་ཡག་པོ་བྱས་ཡོད་པ་དེ་ཡིན།ལྷག་པར་དུ་བསམ་ཡིད་ལས་འདས་པའི་འཇིག་ རྟེན་ན་དཀོན་པའི་རྟེན་ཁྱད་ཁར་ཅན་སྟེ།ཚོན་མདངས་སྣ་ཚོགས་ཀྱི་སྐར་རྡོ་དང་བྱ་ རྔ་མོང་གི་འགྱུར་རྡོ། བྱི་རུའི་སྡོང་པོ། བོད་ཡིག་གི་སའི་གོ་ལའི་དཔེ་དབྱིབས། བེེཊྰུཏརྱ་རྡོ་རྗེ་ལམ། མརྒད། པད་རག་སོགས་རིན་པོ་ཆེས་བརྒྱན་པའི་མཆོད་རྟེན། རུས་རྒྱན། འབྲུག་གི་མགོ་རུས། སྦྲུལ་དཀར་པོའི་རྭ།རྟ་མཆོག་གི་རྭ།གླིང་གེ་སར་རྒྱལ་པོའི་ཁྲབ་རྨོག་དང་རལ་གྲི་ སོགས་དང་། འཇམ་དབྱངས་བཞད་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་མནབས་བཟའ་དང་། མཆོད་ཆས། གསེར་ཞྭ།རྒྱ་ནག་གོང་མས་གནང་བའི་གསེར་ཡིག་དང་གསེར་ཐམ།ཆོ་ལོ་སོགས་འདྲེན་བྱེད་ ལམ་དུ་མི་ཤོང་བ་དེ་ཡིན།གཞན་ཡང་རྒྱ་གར་ནས་ཉོས་པའི་ཚོགས་ཁྲོ་ཆེན་མོ་སོགས་གནའ་ རྫས་རྩ་ཆེ་བ་བགྲངས་ལས་འདས་པས་བོད་ཀྱི་རིག་གནས་སྒྱུ་རྩལ་ནོར་བུའི་བང་མཛོད་ ནང་གི་རྩ་ཆེའི་དངོས་རྫས་ཡིན། བླ་བྲང་བཀྲ་ཤིས་འཁྱིལ་ནི་བརྗིག་ཆགས་སྟོང་གི་གཙུག་ལག་ཁང་དང་མཛེས་སྡུག་འབུམ་ གྱི་ཚོན་རིས། བགྲང་ལས་འདས་པའི་ནོར་བུས་མཚན་སྙན་དགུང་དུ་གྲགས་པ་མ་ཟད། རྒྱལ་བའི་གསུང་གི་རྟེན་དང་རིག་གནས་དཔེ་མཛོད་ཕུན་སུམ་ཚོགས་པ་ཡོད།
རོང་བོ་དགོན་ཆེན།
རེབ་གོང་རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང༌། རེབ་གོང་རོང་འབྲོག་གི་དགོན་སྡེ་མ་ལག་སོ་ལྔ་དང༌། སྒྲུབ་སྡེ་དགའ་ཚལ་བཅོ་བརྒྱད་དུ་གྲགས་པ་ཀུན་གྱི་མ་དགོན་དུ་གྱུར་པ་རོང་པོ་ དཔལ་གྱི་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནི། མདོ་སྨད་ལྷོ་རྒྱུད་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཤིག་ཡིན། དགོན་བདག་གཙོ་བོ་ནི་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་ཡིན། མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ལེ་ལག་དང་བཅས་པའི་ཡུལ་དབུས་སུ་ ཆགས་ཡོད་ཅིང༌། དེ་ནི་བོད་དབུས་ཕྱོགས་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་མཁས་གྲགས་ཀྱི་སྙན་པ་འབར་བ་ རོང་ཆེན་ལྷ་རྗེ་ཞེས་ཞུ་བ་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་དང་མཇལ་ འཛོམས་ཀྱི་སྐབས་ཤིག་ན། འགྲོ་མགོན་འཕགས་པས། “ཁྱོད་ཨ་མདོར་སོང་དང༌། ས་རྡོ་རྗེ་འདྲ་བའི་སྐེད་པར་ཁྱོད་ཀྱི་རིགས་རྒྱུད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ སྤེལ་བའི་དགོས་པ་ཡོད། ” ཅེས་སོགས་ལུང་གིས་བསྔགས་པ་ལྟར། མདོ་སྨད་རེབ་གོང་དུ་བྱོན་ནས་ས་སྐྱ་བའི་གྲུབ་མཐའ་སྤེལ་ཞིང་དེར་འགྲོ་ཕན་ཆེ་བ་ བྱུང་ཚུལ་ལོ་རྒྱུས་རྣམས་སུ་གསལ་བ་དེ་ལྟར་དང། དུས་ཕྱིས་ན་ཁོང་གི་རིགས་རྒྱུད་དུ་བལྟམས་པ་རོང་བོ་བླ་མ་བསམ་གཏན་རིན་ཆེན་ གྱིས་བོད་རབ་བྱུང་དྲུག་པའི་ཆུ་རྟ་སྤྱི་ལོ་ ༡༣༤༢ ལོར་རོང་བོ་རྒྱལ་ཐང་གི་དབུས་སུ་བདེ་ཆེན་ཆོས་འཁོར་གླིང་གཙུག་ལག་ཁང་རྟེན་དང་ བརྟེན་པ་བཅས་པའི་གདན་གཞི་འདིངས་གནང་མཛད་པའི་ཐོག་མར་ས་འཛིན་ལྷ་ཁང་གསར་བཞེངས་ མཛད་ཅིང༌། དེའི་སྐུ་མཆེད་བློ་གྲོས་སེང་གེས་དུས་གསུམ་སངས་རྒྱས་དང་མགོན་པོ་རྭ་སྐྱེས་ལྷ་ ཁང་སོགས་བཞེངས་པ་ནི་དགོན་པ་འདི་འབྲེལ་གྱི་བཟོ་སྐྲུན་ལས་གཞིའི་ཐོག་མ་ཡིན། ལྕགས་རྟ་སྤྱི་ལོ་ ༡༦༣༠ ལོར་མཁས་གྲུབ་ཆེན་པོ་ཤར་སྐལ་ལྡན་རྒྱ་མཚོས་རོང་བོའི་གདན་ས་ཆེན་པོར་ཐོས་བསམ་ རྣམ་རྒྱལ་གླིང་ངམ་རྩོད་གྲྭ་བཙུགས་ཏེ་ལུགས་གཉིས་ཀྱི་སྒོ་ནས་བསྐྱངས་པས་འཆད་ ཉན་དབྱར་མཚོ་བཞིན་འཕེལ་ཞིང༌། གཞན་ཡང་རྗེ་འདི་ཉིད་ཀྱིས་མདོ་སྨད་ཀྱི་དབེན་གནས་བརྒྱ་རྩ་བརྒྱད་དུ་སྐུ་ཚེ་གང་ བོར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་མདོ་སྨད་སྒྲུབ་བརྒྱུད་ཀྱི་ཤིང་རྟ་བ་ཆེན་པོ་ ཞེས་ཆེ་རྒུ་མཐའ་དག་ནས་བསྟོད་ཅིང་བསྔགས། ཤིང་སྟག་སྤྱི་ལོ་ ༡༧༣༤ ལོར་ཤར་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་རྒྱུད་གྲྭ་ གསང་ཆེན་ཆོས་གྱི་བང་མཛོད་ཕྱག་འདེབས་མཛད་ཅིང༌། ཆུ་ཁྱི་སྤྱི་ལོ་ ༡༧༤༢ ལོར་རོང་བོར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཏོད། ཆུ་སྦྲུལ་སྤྱི་ལོ་ ༡༧༧༣ ལོར་ཤར་སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་དུས་ འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་བཏབས་པ་བཅས་གྲྭ་ཚང་གསུམ་ཡོད། སྐུ་ཕྲེང་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོས་ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་གསར་ བཞེངས་ཐོག་ཤར་བླ་བྲང་ཆེན་མོ་རྒྱ་བསྐྱེད་གནང་བས་མཚོན། ཕྱིས་ན་ཤར་སྐྱབས་མགོན་སྐུ་ཕྲེང་བདུན་པས་དགོན་ཆེན་གྱི་གཞི་ཁྱོན་སྔར་ལས་རྒྱས་ བསྐྲུན་མཛད་འབྲེལ། སྐབས་དེར་གཙུག་ལག་ཁང་དང་ལྷ་ཁང་ཆེ་ཆུང་ཁྱོན་བསྡོམས་སུམ་ཅུ་སོ་གཅིག་དང༌། བླ་བྲང་ཁག་བཞི་བཅུ་ཞེ་གསུམ། གྲྭ་ཤག་སུམ་བརྒྱ་ལྷག་དང་གྲྭ་བ་ཉིས་སྟོང་ཙམ་ཟིན་པའི་དགོན་སྡེ་ཆེན་པོ་ཞིག་ཏུ་ གྱུར། ཆེས་ཡར་རྒྱས་རང་བཞིན་གྱི་གནས་སྐབས་དེར་ནི། དགོན་ཆེན་འདི་བཞིན་མདོ་སྔགས་རིག་གནས་ཀྱི་བསླབ་གཞི་ཆ་ཚང་བའི་ཐོག་རྒྱ་ཆེ་ཞིང་ ཚགས་དམ་ལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་བོད་ཀྱི་རིག་གནས་སྤྱི་བྱིངས་ཉམས་པ་སླར་ གསོ་དང་མི་ཉམས་གོང་སྤེལ་གྱི་ལྟེ་གནས་ཆེན་པོ་ཞིག་ཡིན་པ་དེ་ལྟར་ནའང༌། དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེའི་དུས་ཟིང་གི་རྐྱེན་པས་རོང་པོ་ དགོན་ཆེན་གྱི་བཟོ་སྐྲུན་བྱིངས་ལས་ལྔ་ཆའི་བཞི་ལྷག་གཏོར་བཅོམ་རྨང་མེད་བཟོས་ འབྲེལ། རྟེན་སྣ་བྱིན་ཅན་དང་རིན་ཐང་གཞལ་དུ་མེད་པའི་གནའ་བོའི་རིག་དངོས་རྩ་ཆེན་ཁག་ འཕྲོག་འཁྱེར་གྱིས་ཤུལ་ལྷག་ལྷ་ཁང་དང་བཅས་པའང་གོ་པགས་དང་རུས་པ། ཞིང་སྨན་སོགས་གསོག་ཡུལ་ལྟ་བུར་སྤྱད་པ་དང༌། སྔར་མུས་བདག་གཅེས་བྱེད་པའི་གོ་སྐབས་མ་བྱུང་བའི་གནས་སྟངས་འོག ལྷག་ཙམ་པ་དེ་བཞིན་མི་ལོ་ ༢༢ འགོར་བའི་རྗེས་ཏེ། སྤྱི་ལོ་ ༡༩༨༠ ལོར་ཆོས་བྱེད་ཆོག་པའི་སྲིད་ཇུས་ལྷོད་ཡངས་སྐབས་དགོན་པར་ཕྱིར་སྤྲོད་བྱས་ཡོད་ ནའང༌། དེ་སྐབས་ནི་ཧ་ལམ་བེད་མེད་ལྟ་བུར་གྱུར་པ་བཅས་མདོར་ན། སྔར་གྱི་གཟི་བྱིན་དེ་ལོ་རྒྱུས་ཀྱི་གོད་ཆག་རབས་དང་རིམ་པ་དེ་དག་གི་ནང་ཉམ་ཆག་ ཚབས་ཆེན་བྱུང་ཡོད། རོང་བོ་དཔལ་གྱི་དགོན་ཆེན་ལྟེ་བར་གྱུར་པའི་རེབ་གོང་ཡུལ་ལུང་སྤྱིའི་དབང་དུ་ བྱས་ན། ཤེས་ཡོན་རིག་གཞུང་དང་ལག་རྩལ་རིག་གཞུང་གཉིས་ཐད་སློབ་གཉེར་དང་འབྲེལ་བའི་ཕྱག་ སྲོལ་བཟང་པོ་ཡོད་པ་སྟེ། དེ་ཡང་དབུས་ཕྱོགས་སུ་སྨན་ལུགས་དང་མཁྱེན་ལུགས། ཕྱི་སྒང་ལུགས་བཅས་ཀྱི་ལྷ་བྲིས་ཕྱག་རྒྱུན་དར་ཁྱབ་ཡོད་པ་དེ་བཞིན་གྱི་བྲིས་ རྩལ་མཁས་པ་ཁག་ཅིག་རོང་ཆེན་ལྷ་རྗེས་ཕྱག་ཕྱིར་འཁྲིད་དེ་ཡུལ་འདིར་གདན་དྲངས་ འོང་པའི་རྗེས་འབྲེལ་ལྟ་བུར། ལྷ་བྲིས་སྒྱུ་རྩལ་གྱིས་ཐོག་དྲངས་པའི་བཟོའི་རིག་གནས་ཀྱང་དར་རྒྱས་ཆེན་པོ་ བྱུང་བའི་ཚུལ་ནི། སྔོན་དང་ད་ལྟའི་གནས་བབ་གང་ནས་དེད་ཀྱང་མདོ་སྟོད་སྨད་ཀྱི་དགོན་སྡེ་དང་འབྲེལ་ བའི་ལྷ་ཁང་སོགས་ཀྱི་ཕྱི་ནང་བཟོ་སྐྲུན་སྒྱུ་རྩལ་ཐད་རེབ་གོང་ལྷ་བྲིས་པ་དང༌། འབག་བཟོ་བ་སོགས་ཀྱིས་བསྐྲུན་བཞེངས་བྲིས་འབུར་གྱི་སྣང་བརྙན་གཞི་རྒྱ་གང་ཆེ་ ཡོད་པ་དགོན་སྡེ་སོ་སོའི་གདན་རབས་དང་དཀར་ཆག་སོགས་ནང་མང་དུ་བཀོད་ཡོད་པ་ནས་ ཤེས་རྟོགས་ཐུབ་པ་ཡིན། སྤྱི་ལོ་ ༡༩༧༩ ལོའི་ནང་བསྟན་པ་ཡང་དར་གྱི་མགོ་བོ་འདེགས་པའི་གོ་སྐབས་ཤར་མུར། ལོ་དེའི་ཟླ་བ་ ༡༠ པའི་ནང་ལྗོངས་འདིའི་བླ་སྤྲུལ་ཆེ་རྒུ་གང་ན་སུ་བཞུགས་གདན་འཛོམས་ཀྱིས་བསྟན་པ་ སླར་གསོ་ཞུ་བའི་གྲ་སྒྲིག་འདུ་ཚོགས་བསྐངས་འབྲེལ། ཟླ་དེའི་ཚེས་ ༢༨ ཉིན་ཁ་སོ་སྔགས་རམས་པ་བློ་བཟང་འཇིགས་མེད་འཕྲིན་ལས་ཞབས་དགོན་པར་གཞི་འཛིན་དུ་ ཆེད་ཕེབས་ཀྱིས་དེ་སྔར་རྒྱ་གཞུང་གིས་བཀག་སྡོམ་འོག་གནས་པའི་ལྷ་ཁང་ཤུལ་ལྷག་ཁག་ རྩིས་བཞེས་གནང་བ་དང༌། སྤྱི་ལོ་ ༡༩༨༠ ལོའི་ལོ་གསར་ཚེས་དགུའི་ཉིན་བཀའ་དྲིན་ཟླ་མེད་རྫོང་ཆུང་འཇིགས་མེད་མཁས་བཙུན་ ལུང་རིགས་རྒྱ་མཚོ་མཆོག་གིས་ཞབས་ཟུང་གདན་ས་ཆེན་པོར་བསྒྱུར་ཏེ། ཟླ་དེའི་ཚེས་ ༡༠ ་ལ་སེར་སྐྱ་སྟོང་ཕྲག་མང་པོར་ཕྱག་དབང་བསྩལ་བ་བཅས་ནི། ལྗོངས་འདི་དེ་འབྲེལ་དང་བཅས་པའི་སྐྱེ་བོ་མང་པོས་བསྟན་པ་ཡང་དར་གྱི་སྒོ་འཕར་ ཡངས་པོར་ཕྱེ་གནང་མཛད་པ་ནི་བོད་ཁྱོན་ཡོངས་ལས་ཡང་དར་གྱི་ཐོག་མར་བགྲངས། ཚེས་ ༡༡ ཉིན་གྲྭ་མང་གིས་ངུར་སྨྲིག་གི་རྒྱལ་མཚན་བཞེས་ཏེ། རྫོང་ཆུང་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོས་སོ་ཐར་གྱི་མདོ་བསྒྲགས་ འབྲེལ་བསྟན་པ་རིན་པོ་ཆེ་ཉམས་གསོའི་གཞི་རྩ་བརྟན་པར་མཛད་པ་ནས། སྔར་གྱི་ཕྱག་ལེན་མཐའ་དག་ཉམས་བཞེས་བསྐྱངས་མགོའང་སྟབས་གཅིག་ཏུ་ཚུགས་པ་གནང༌། ཚེས་ ༡༣ ཉིན་རྫོང་ཆུང་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་མཆོག་རེབ་གོང་སྐྱབས་ མགོན་ཆེན་པོའི་རྒྱལ་ཚབ་ཏུ་བཞེངས་ཤིང༌། འདུས་ཚོགས་ནས་ཚོགས་འགྲིམས་སོགས་ཀྱིས་མཚོན་པའི་ཆོས་ཀྱི་དུང་བརྡ་ཐོག་མར་བཏང་ ཞིང༌། ཁྱད་པར་འཕགས་བསྟོད་གསུང་སྒྲོག་གནང་སྟེ་རྟེན་འབྱུང་ལེགས་པར་མཛད་མུར། གཞུང་ལུགས་འཆད་པ་དང་རྩོད་པའི་ཆོས་གྲྭ་ཚུན་དབུ་འཛུགས་བསྐྱངས་པ་ནི་ལྗོངས་འདི་ ཙམ་མ་ཟད་བོད་ཁྱོན་ཡོངས་ལས་བསྟན་པ་ཡང་དར་གྱི་དབུ་འཕངས་འདེགས་སྔ་ཤོས་ལྟ་བུ་ ཆགས་ཀྱི་ཡོད། སྐབས་དེར་ནི་དགེ་འདུན་པའི་ཞལ་གྲངས་ཉིས་བརྒྱ་ཡས་མས་ཤིག་བཞུགས། སྤྱི་ལོ་ ༡༩༨༠ ལོའི་བོད་ཟླ་ ༩ ་པའི་ཚེས་ ༢༢ ཉིན་ཏེ། ལྷ་བབས་དུས་ཆེན་དགེ་བའི་ཉིན་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་ པ་མཆོག་རེབ་གོང་རོང་པོ་དགོན་ཆེན་དུ་ཆིབས་བསྒྱུར་བསྐྱངས་ཏེ། མ་གཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང༌། སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་སོགས་ཀྱིས་ཐོག་དྲངས་པའི་གསུང་ཆོས་ཟབ་ མོའི་བཀའ་དྲིན་བསྩལ་བ་སོགས་ཀྱི་བྱིན་སྟོབས་དང༌། གཞན་ཡང༌། ཆོས་སྡེ་ཆེན་པོ་འདིརགཏོགས་དེ་འབྲེལ་དང་བཅས་པ་ནས་ཁུར་བསམ་ལྷུར་བཞེས་ཀྱིས་ སྔར་གྱི་བཟོ་སྐྲུན་བྱིངས་ལས་ལྷག་ལུས་ཞིག་རོར་གྱུར་ཁག་ཉམས་གསོ་དང༌། རྩ་མེད་བཟོས་རིགས་བསྐྱར་གསོ་བཅས་ཞུས་ཟིན་ཞུ་བཞིན་ནས། དེང་གི་དུས་ན་རེབ་གོང་སྐྱབས་མགོན་སྐྱེ་ཕྲེང་བརྒྱད་པ་ཆེན་པོ་མཆོག་གིས་གཙོས་ པའི་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་སྔར་གྱི་ཕྱག་བཞེས་ཚང་ལ་མ་ནོར་བ་བསྐྱངས་ སྐྱོང་གནང་མུས་ཀྱི་སྐབས་ལགས་པ་སྟེ། སྤྱི་ལོ་ ༡༣༤༢ ལོར་དགོན་ཆེན་འདི་གསར་འདེབས་བསྐྱངས་པ་ནས་ད་ལྟའི་བར་ཁྱོན་བསྡོམས་མི་ལོ་ ༦༦༠ པའི་ལོ་རྒྱུས་དོན་སྙིང་ལྡན་ཞིང༌། སྤྱི་ལོ་ ༡༣༤༢ ནས་སྤྱི་ལོ་ ༡༩༥༨ ལོའི་བར་གྱི་མི་ལོ་ ༦༡༤ རིང་གི་བཟོ་སྐྲུན་སྤྱི་ཡོངས་ཀྱི་ལྔ་ཆ་བཞི་ཙམ་ཤུལ་མེདབཟོས་པ་དེ་བཞིན། སྤྱི་ལོ་ ༡༩༨༠ ནས་ད་སྟེ་སྤྱི་ལོ་ ༢༠༠༩ བར་དུས་ཡུན་ནང༌། སྔར་གྱི་བཀོད་ཉམས་ཆ་ཚང་བསྐྱར་བཞེངས་གྲུབ་པ་ནས། ཡང་སྒོས་སྔར་མུས་བསླབ་པ་སློབ་གཉེར་གྱི་འཕེལ་ཁའང་ཡར་ལྡན་དུ་ཡོད་པའི་སྐབས་ ལགས།
ྋསྐྱབས་མགོན་ཀིརྟི་ཚང་གི་གདན་ས་ཆེན་པོ་བཞི།
དང་པོ། སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་མ་དགོན་སྟག་ཚང་ལྷ་ མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི། སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱིས་ས་འབྲུག ཕྱི་ལོ་ ༡༧༤༨ ལོར་ཕྱག་བཏབ་ཅིང༌། ཤིང་ཁྱི། ཕྱི་ལོ་ ༡༧༥༤ ལོར་གདན་ས་སྟག་ཚང་ལྷ་མོའི་གྲྭ་ཚང་རྣམས་ཀྱི་ཐོག་མ་གསང་སྔགས་རྒྱུད་པ་གྲྭ་ཚང་ གསར་ཚུགས་ཀྱིས་རྣམ་རྒྱལ་བདེ་ཆེན་གླིང་ཞེས་པའི་གཙུག་ལག་བཞེངས། དུས་སྐབས་དེ་འདྲ་ཞིག་ལ་ལོ་རྒྱུས་སྟེང་གི་ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ ཞེས་པ་ཀིརྟི་ཚང་གི་ཆོས་སྲིད་དབང་ལུང་གི་འབྱུང་ཁུངས་སྙན་གྲགས་ཅན་དེ་ཡང་གསར་ བཞེངས་གནང༌། ས་སྟག ཕྱི་ལོ་ ༡༨༡༨ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་བདུན་པ་སྐྱབས་མཆོག་ཐུབ་བསྟན་ཉི་མས་པཎ་ཆེན་ བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔ༌། གསང་སྔགས་རྒྱུད་སྡེ་བཞི་དང་བཅས་པར་གསན་བསམ་བགྲོ་གླེང་བྱེད་པའི་མཚན་ཉིད་གྲྭ་ ཚང་བློ་གསལ་གླིང་གསར་འཛུགས་མཛད། མེ་སྤྲེལ། ཕྱི་ལོ་ ༡༨༩༦ ལོར་སྐྱབས་མཆོག་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གིས་དུས་འཁོར་ གྲྭ་ཚང་རིགས་ལྡན་ཆོས་འཁོར་གླིང་གསར་འཛུགས་མཛད། སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་ མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོའི་བཀའ་འབྲེལ་འོག་ཤིང་བྱ། ཕྱི་ལོ་ ༡༩༨༥ ལོར་སྟག་ཚང་ལྷ་མོ་བོད་ཀྱི་རིག་གནས་སློབ་གཉེར་ཁང་དང༌། ས་སྦྲུལ། ཕྱི་ལོ་ ༡༩༨༩ ལོར་གསོ་རིག་འགྲོ་ཕན་གླིང༌། ལྕགས་སྦྲུལ། ཕྱི་ལོ་ ༢༠༠༡ ལོར་ཆོས་བརྒྱུད་དང་དགོན་སྡེ་རིས་མེད་ཀྱི་སློབ་གཉེར་པའི་ཟབ་སྦྱོང་སློབ་གླིང་ བཅས་གསར་འཛུགས་མཛད། སྟག་ཚང་ལྷ་མོ་ཞེས་ཐོགས་དོན་ནི། དགོན་པའི་ལུང་ཕུག་ཏུ་སྟག་ཚང་གི་བྲག་ཕུག་དང་དཔལ་ལྡན་ལྷ་མོའི་གནས་བཅས་ཡོད་པས་ སྟག་ཚང་ལྷ་མོ་ཞེས་ཐོགས་ཤིང༌། དཔལ་ལྡན་ལྷ་མོའི་གནས་འདི་ནི་འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་དེ་ཝ་ཀོ་དྲི་ ཞེས་བྱིན་ཆེན་དུ་གྲགས་པ་ལྟར་ལྷ་མོ་དུང་ཟོར་མའི་སྐུ་རང་བྱོན་སོགས་བྱིན་ཅན་ ཤིན་ཏུ་མང༌། དེང་སྐབས་རྔ་པ་ཁུལ་མཛོད་དགེ་རྫོང་གི་ཁོངས་གཏོགས། གྲྭ་ཚང་བཞི་དང་ཟུར་འཛུགས་སློབ་གཉེར་ཁང་གཉིས། དགེ་འདུན་པའི་ཞལ་གྲངས་ ༧༠༠ ལྷག་བཞུགས་པ་བཅས་ངོ་སྤྲོད་ལོ་རྒྱུས་མདོ་བསྡུས་སུ།
གཉིས་པ། རྔ་པ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང༌། སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་སྐྱབས་མཆོག་བློ་བཟང་འཕྲིན་ཚང་གིས་རྨེའུ་ དཔོན་མོ་ཨ་སྐྱོང་བདེ་སྒྲོན་དང༌། རྨེའུ་བློན་དཀོན་མཆོག་སོགས་ཀྱིས་གཙོས་མཱ་བློན་སྡེ་འབངས་རྣམས་ཀྱིས་དགོན་པ་ འདེབས་དགོས་པའི་ཞུ་བ་ནན་ཆེར་ཕུལ་བའི་ངོར། ལྕགས་རྟ། ཕྱི་ལོ་ ༡༨༧༠ ལོར་དངོས་སུ་ཕྱག་བཏབ་ཅིང༌། ཆུ་བྱ། ཕྱི་ལོ་ ༡༨༧༣ ལོར་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་ སྔགས་རྒྱུད་སྡེ་བཞི་དང་བཅས་པར་གསན་བསམ་སློབ་གཉེར་བྱེད་པའི་མཚན་ཉིད་གྲྭ་ཚང་ ཐོས་བསམ་གླིང་གསར་འཛུགས་མཛད། མེ་བྱ། ཕྱི་ལོ་ ༡༨༩༦ ལོར་སྐྱབས་མཆོག་བློ་བཟང་འཕྲིན་ལས་ཚང་གིས་གསང་སྔགས་རྒྱུད་པ་གྲྭ་ཚང་གསར་ འཛུགས་དང༌། མེ་སྟག ཕྱི་ལོ་ ༡༩༢༦ ལོར་སྐྱབས་མཆོག་ཀིརྟི་སྐུ་ཕྲེང་བཅུ་པ་ངག་གི་དབང་པོས་དུས་འཁོར་གྲྭ་ཚང་ཨེ་ཝམ་ ཟུང་འཇུག་ཆོས་འཁོར་གླིང་གསར་འཛུགས་མཛད། ཆུ་ཕག ཕྱི་ལོ་ ༡༩༨༣ ལོར་སྐྱབས་མཆོག་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་ འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོའི་བཀའ་འབྲེལ་ལྟར་སྨན་པ་གྲྭ་ཚང་གསོ་ རིག་འགྲོ་ཕན་གླིང་དང༌། ཤིང་ཁྱི། ཕྱི་ལོ་ ༡༩༩༤ ལོར་ལྔ་རིག་ནང་བསྟན་སློབ་གླིང་བཅས་གསར་འཛུགས་མཛད། དེང་སྐབས་རྔ་པ་ཁུལ་རྔ་པ་རྫོང་གི་ཁོངས་གཏོགས། གྲྭ་ཚང་བཞི་དང་ཟུར་འཛུགས་ལྔ་རིག་ནང་བསྟན་སློབ་གླིང༌། དགེ་འདུན་པའི་ཞལ་གྲངས་ ༢༥༠༠ ལྷག་བཞུགས་པས་བོད་གཞིས་ཀྱི་མདོ་དབུས་གཙང་གསུམ་གྱི་ཆོས་སྡེ་ཆེ་ཤོས་སུ་གྱུར་ ཡོད།
གསུམ་པ། ཧོར་ཚང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང༌། ཤིང་སྤྲེལ། ཕྱི་ལོ་ ༡༧༦༤ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་ཚང་གནས་འདིར་ཕེབས་ ཏེ་ས་གཞི་བྱིན་རླབས་དང་ཆོས་འབྲེལ་མཛད་པ་ནས་ཀིརྟི་ཚང་དང་ཧོར་ཚང་དད་ལྡན་མང་ ཚོགས་བར་འབྲེལ་བ་ཐོག་མ་བྱུང་ཞིང༌། ྋསྐྱབས་མགོན་སྐུ་ཕྲེང་བདུན་པ་ཐུབ་བསྟན་ཉི་མ་ཚང་གི་སྐུ་དུས་སུ་བླ་མ་རྒྱལ་ མཚན་དང༌། རྒྱ་ཕྱུག་སེར་སྐྱ་རྣམས་ཀྱིས་ཡུལ་ཁམས་སྤྱིའི་མཆོད་གནས་སུ་དགོན་པ་ཞིག་ཕྱག་ འདེབས་མཛད་པར་བསྐུལ་མ་ཞུས་པ་ལྟར། ཆུ་ལུག ཕྱི་ལོ་ ༡༨༢༣ ལོར་སྲད་བརྒྱུད་ལུགས་ཀྱི་རྒྱུད་པ་གྲྭ་ཚང་ཞིག་གསར་དུ་བཙུགས། ཆུ་འབྲུག ཕྱི་ལོ་ ༡༨༣༢ ལོ་དང་ཤིང་འབྲུག ཕྱི་ལོ་ ༡༨༤༤ ལོ་སོ་སོར་ཧོར་གཙང་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ནས་གྲྭ་ཤག་གསར་རྒྱག་དང༌། དབྱར་གནས་དང་སྒྲུབ་ཆོག་འགའ་གསར་འཛུགས་དང་བཀའ་ཆོས་ཀྱི་འཕྲིན་ལས་རྒྱ་ཆེར་ བསྐྱངས། ྋསྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་ྋབློ་བཟང་འཕྲིན་ལས་ཚང་ཡང་ཧོར་ཚང་ཀིརྟི་ དགོན་པར་ལན་མང་ཆིབས་བསྒྱུར་བསྐྱངས་ཏེ་ས་ལུག ཕྱི་ལོ་ ༡༨༥༩ ལོར་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་དང་མ་དངུལ་གྱི་ཐེབས་རྩ་སྦྱོར་འཇགས། ཆུ་བྱ། ཕྱི་ལོ་ ༡༨༧༣ ལོར་ཧོར་ཚང་ཀིརྟི་དགོན་གྱི་བཅའ་ཡིག་གསར་རྩོམ་མཛད། ལྕགས་ཡོས། ཕྱི་ལོ་ ༡༨༩༡ ལོར་གདན་ས་སྟག་ཚང་ལྷ་མོ་ལྟར་བློ་གསལ་གླིང་གི་ཡིག་ཆའི་སྟེང་ནས་མཚན་ཉིད་ཀྱི་ བཤད་གྲྭ་གསར་འཛུགས་མཛད། ྋསྐྱབས་མགོན་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཚང་ཧོར་ཚང་ཀིརྟི་དགོན་པར་ལན་ གསུམ་དང༌། སྐུ་ཕྲེང་བཅུ་པ་ངག་གི་དབང་པོ་ཚང་ཐེངས་མ་གཉིས་བཅས་རིམ་པར་ཆིབས་བསྒྱུར་ བསྐྱངས་ནས་དགོན་པའི་འཆད་ཉན་དང་འགྲིག་ལམ་ཡར་རྒྱས་ལ་གཟིགས་སྐྱོང་ཚད་མེད་གནང༌། དགོན་པ་འདིའི་ཐད་ཀའི་འཛིན་སྐྱོང་སྐྱབས་མཆོག་སྐུ་ཕྲེང་བརྒྱད་པའི་བཀའ་ལྟར་ཨ་ ལགས་སེང་གདོང་སྐུ་ཕྲེང་རིམ་པས་གནང་གི་ཡོད་པ་ལས་ད་ལྟའི་འདི་པ་སེང་གདོང་སྐུ་ ཕྲེང་གསུམ་པ་ཡིན། དགོན་པའི་ཁྲི་པ་དང་དགེ་རྒན་དགོན་ལག་གཞན་དག་དང་སྤྱི་མཚུངས་ལྟར་གདན་ས་སྟག་ཚང་ ལྷ་མོ་ནས་གཏོང་གནང་མཛད་ཀྱི་ཡོད། ད་ལྟ་བསངས་ཆུ་རྫོང་གི་ཁོངས་གཏོགས། གྲྭ་ཚང་གཉིས་དང༌། དགེ་འདུན་པའི་ཞལ་གྲངས་ ༡༠༠ ལྷག་བཞུགས།
བཞི་པ། ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང༌། མདོ་སྨད་རོང་ཆེན་བཞིར་གྲགས་པའི་ནང་ཚན་རྒྱལ་མོ་ཚ་བ་རོང༌། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་མཆོག་རྩེ་རྒྱལ་པཱུའི་བློན་ཆེན་མཁར་ དགུ་དཔོན་པོ་ཏཱ་རོ་འཇམ་དབྱངས་ཀྱིས་ཚོ་བ་བདུན་ནང་གི་དགོན་ཆུང་རྣམས་ཕྱོགས་ གཅིག་ཏུ་བསྡུས་ནས་ད་ལྟའི་དགོན་པ་འདི་བཞེངས། དཔོན་པོ་འཇམ་དབྱངས་ཀྱིས་རྒྱུ་དངོས་ཀྱི་མཐུན་རྐྱེན་ཕངས་མེད་དུ་སྦྱར་ཞིང༌། ཁོ་རང་གི་སྤུན་དབོན་པོ་ཚུལ་ཁྲིམས་རྒྱ་མཚོ་ཟེར་བ་རིག་གནས་སྤྱི་བྱེ་ཀུན་ལ་ མཁས་པ་ཞིག་ཡོད་པ་ཁོང་གིས་ཕྱི་ནང་རྟེན་དང་བརྟེན་པ་བཅས་ཇི་ལྟར་བཞེངས་པའི་ཐོག་ མའི་བཟོ་བཀོད་ཀྱི་འཆར་འགོད་གནང༌། དུས་ཕྱིས་རབ་བྱུང་བཅོ་ལྔ་པའི་ས་འབྲུག ཕྱི་ལོ་ ༡༨༦༨ ལོར་དཔོན་པོ་མཁར་དགུའི་ཏཱ་རོ་འཇམ་དབྱངས་ཀྱིས་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ བརྒྱད་པ་བློ་བཟང་འཕྲིན་ལས་ཚང་ཆེད་དུ་དགོན་པ་འདིར་གདན་དྲངས་ནས་དགོན་འགོ་ཕུལ། དུས་དེ་ནས་བཟུང་སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་པས་སྡེ་འདིའི་ཆོས་སྲིད་ལས་ དོན་ཀུན་ལ་སྟངས་འཛིན་གྱི་ཐུགས་འགན་བཞེས། ཁོང་གིས་སྡེ་འདིར་གསང་སྔགས་དཔལ་ལྡན་རྒྱུད་སྨད་པའི་ཕྱག་སྲོལ་ལྟར་གྱི་རྒྱུད་ པ་གྲྭ་ཚང་གསར་འཛུགས་མཛད་ཅིང་དགོན་པའི་བཅའ་ཡིག་ཆེན་མོ་གསར་རྩོམ་བཀའ་དྲིན་ བསྐྱངས། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ། ཕྱི་ལོ་ ༡༩༡༧ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཚང་སྡེ་འདིར་ཕེབས་ ནས་དབང་ལུང་བསྩལ་ཅིང༌། མི་འཁྲུགས་པའི་སྒྲུབ་མཆོད་གསར་འཛུགས་མཛད། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི། ཕྱི་ལོ་ ༡༩༣༤ ལོར་སྐྱབས་མགོན་སྐུ་གོང་མ་ྋངག་གི་དབང་པོ་སྡེ་འདིར་ཕེབས་ནས་ཆོ་འཕྲུལ་སྨོན་ ལམ་ཆེན་མཱུའི་ཚོགས་དབུར་ཕེབས་པས་མཚོན་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེ་བསྐྱངས་ ཐོག སྒོས་ཀྱི་བཀའ་སྲུང་རྒྱལ་པོ་ཆེན་པོ་དཔའ་བོ་རྩལ་གྱི་རྒྱལ་ཁང་གསར་བཞེངས་གྲུབ་ པ་ལ་རབ་གནས་སོགས་མཛད། མེ་ཕག ཕྱི་ལོ་ ༡༩༤༧ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བློ་བཟང་བསྟན་འཛིན་འཇིགས་ མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོས་མ་དགོན་ལྟར་བློ་གསལ་གླིང་གི་ཡིག་ཆའི་སྟེང་ ནས་མཚན་ཉིད་ཀྱི་རྩོད་གྲྭ་དང༌། བསྟན་པ་སླར་གསོའི་དབུ་ཚུགས་རྗེས་སྨན་པ་གྲྭ་ཚང་གསར་འཛུགས་མཛད། དང་ཐོག་ཁྲི་པ་དང་དགེ་རྒན་གདན་ས་སྟག་ཚང་ལྷ་མོ་ནས་བཏང་ཞིང༌། དུས་འགྱུར་གྱི་རྗེས་སུ་ཆོས་སྡེ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་ནས་གཏོང་བཞིན་ཡོད། ད་ལྟ་འབར་ཁམས་རྫོང་གི་ཁོངས་གཏོགས། གྲྭ་ཚང་གསུམ་དང༌། དགེ་འདུན་པའི་ཞལ་གྲངས་ ༢༠༠ ལྷག་ཅིག་བཞུགས།
ྋསྐྱབས་མགོན་ཀིརྟི་ཚང་དང་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་དགོན་པ་ཁག་གཞན་དག་ནི།
༡༽ ཀིརྟིའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་འགྲུབ་གླིང༌། ༢༽ གདོང་རི་ཀིརྟིའི་དགོན་དགེ་ལྡན་དམ་ཆོས་གླིང༌། ༣༽ འབྲིང་བའི་སུམ་མདོ་དགོན་རིག་འཛིན་བདེ་ཆེན་གླིང༌། ༤༽ འབྲིང་བའི་ལུང་བཟང་རི་ཁྲོད་དགེ་ལྡན་བྱང་ཆུབ་ཆོས་འཕེལ་གླིང༌། ༥༽ སྟག་མདོའི་སེར་མང་བཀྲ་ཤིས་བདེ་སྣང་གླིང༌། ༦༽ དབྱིས་སྟོད་སྟག་མདོ་དགོན་ཐར་པ་གླིང༌། ༧༽ བྲག་སྒམ་སླར་གསོ་དགོན་ཆོས་འཁོར་འདུས་སྡེ་གླིང༌། ༨༽ སྔོ་ཁྱེ་རི་ཁྲོད་ལྷག་བསམ་བཀྲི་ཤིས་འཁྱིལ། ༩༽ སྒང་ཚའི་སྤོ་ཤོ་དགོན་པ། ༡༠༽ ཚོང་རུའི་མཛོད་རུ་དགོན་བསམ་གཏན་གླིང༌། ༡༡༽ ཚོང་རུ་བར་མའི་དགོན་བཀྲ་ཤིས་འཕེལ་རྒྱས་གླིང༌། ༡༢༽ ཆགས་ནང་དགོན་ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གླིང༌། ༡༣༽ གཟའ་རུ་དགོན་བཀྲ་ཤིས་ཕུན་ཚོགས་གླིང༌། ༡༤༽ བློ་དགེ་དགོན་བཤད་སྒྲུབ་དར་རྒྱས་གླིང༌། ༡༥༽ སེ་བོ་རོང་གི་གསེར་ཐང་དགོན་མཁས་མང་བཤད་སྒྲུབ་གླིང༌། ༡༦༽ ཝག་པའི་ཏེའུ་སྒང་དགོན་དགའ་ལྡན་ཕུན་ཚོགས་གླིང༌། ༡༧༽ ཨ་སྐྱིད་གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང༌། ༡༨༽ ཟམ་ཚའི་རྨོག་རུ་དགོན་དགའ་ལྡན་བྱམས་འཕེལ་གླིང༌། ༡༩༽ ཨེ་འཛི་ཚ་ཁོ་དགོན་སྐལ་བཟང་ཐར་པ་གླིང༌། ༢༠༽ མགོ་ལོག་གནས་གཞི་དགོན། ༢༡༽ ཁ་པ་གླིང་དགོན་པ། ༢༢༽ ཆུ་ནག་ལུང་གི་དགོན་པ། ༢༣༽ གཅའ་རུ་པའི་སེར་སྡེ་མི་ཕམ་བྱམས་པ་གླིང༌། ༢༤༽ རྐ་ཆུ་ཁའི་སེར་སྡེ། ༢༥༽ མཚོ་སྔོན་ཀིརྟི་དགོན་བཤད་སྒྲུབ་དར་རྒྱས་གླིང༌། ༢༦༽ སོ་རུ་མའི་རྙིང་དགོན་ཨུ་རྒྱན་བཤད་སྒྲུབ་དར་རྒྱས་གླིང༌། ༢༧༽ ནགས་ཚང་མའི་སེར་སྡེ་བཤད་སྒྲུབ་བྱང་ཆུབ་གླིང༌། ༢༨༽ རྭ་རུ་པའི་སེར་སྡེ་དགེ་ལྡན་བསྟན་འཕེལ་གླིང༌། ༢༩༽ སུ་ཁེ་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང༌། ༣༠༽ འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ ཁང༌། ༣༡༽ སྟག་མོའི་སྒང་གི་བཙུན་དགོན། ༣༢༽ རྨེའུ་རུ་མའི་བཙུན་དགོན་ཨེ་ཝམ་ཟུང་འཇུག་བདེ་ཆེན་གླིང༌།
འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་ སློབ་གཉེར་ཁང་གི་ངོ་སྤྲོད་ལོ་རྒྱུས་སྙིང་བསྡུས།
༄༅།། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ ཁང་འདི་ནི། ཕ་ཡུལ་གངས་ལྗོངས་སུ་ྋརྒྱལ་བསྟན་སླར་གསཱུའི་ཉི་ཟེར་ཞིག་སྤྲིན་བར་ནས་སླར་ཡང་ འཆར་བཞིན་པའི་གོ་སྐབས་འདི་དམ་འཛིན་གྱིས་ཀིརྟི་ཚང་དང་འབྲེལ་ཡོད་ཆོས་བརྒྱུད་ རིས་མེད་ཀྱི་དགོན་སྡེ་ཁག་ནས་གྲྭ་གཞོན་མང་པཱུ་ཞིག་ཧི་མ་ལ་ཡ་ཞེས་པ་བོད་ནུབ་ རྒྱུད་ཀྱི་གངས་རིའི་རྭ་བ་འདི་བརྒལ་ནས། བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ལར་སྔ་ཕྱི་རིམ་འབྱོར་བྱུང་བ་རྣམས་ ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ མཆོག་དང༌། ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བློ་བཟང་བསྟན་འཛིན་ འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་རྣམ་གཉིས་ཀྱི་སྐུའི་ཉེ་འཁྲིས་སུ་འཁོར་ ནས་ཕྱོགས་གཅིག་ཏུ་འདུས་སྡོད་བྱས་པ་ལས་རིམ་བཞིན་གྲྭ་ཚོགས་འཕེལ་རྒྱས་ཀྱིས་ འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་པ་འདི་ཉིད་བྱུང་བ་ཞིག་ཡིན། གྲྭ་ཚང་འདིའི་རྟེན་གཞིའི་གཙོ་བཱུ་ནི་བོད་གཞུང་དང་ལྷག་པར་རང་ཅག་རྣམས་ཀྱི་མེ་ ཏོག་གང་ལ་ཕོག་པའི་ལྷ་སྐལ་ྋརོང་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་མཛད་འཕྲིན་ དང་དགོངས་གཞི་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་འདི་ཉིད་རྩ་འཛུགས་གནང་དགོས་པའི་དགོངས་ གཞིའི་གཙོ་བོ་ཡང༌། ༡༽ བོད་ཀྱི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་ཀྱི་ཁྱད་ནོར་རྙིང་པ་ འདི་དག་མི་ཉམས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ལས་འགན་དགེ་འདུན་པ་རྣམས་ ཀྱིས་གཙོ་བོར་བཞེས་དགོས་པ། ༢༽ བོད་མི་སྤྱི་དང་ལྷག་པར་འབྲེལ་ཡོད་བོད་ནང་གི་གྲྭ་གཞོན་རྣམས་ཐོག་དང་པོར་བོད་ ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱིའི་རྨང་གཞི་དང་ལྡན་པའི་ཤེས་ཡོན་ཅན་ཞེ་ གཅིག་ཏུ་བསྒྱུར་ཆེད། འདི་ནས་རིག་གནས་དགེ་རྒན་ཚད་ལོངས་པ་གང་མང་ཞིག་གསོ་སྐྱོང་བྱ་རྒྱུ། ༣༽ དགེ་འདུན་པའི་སྡེ་སྤྱི་དང༌། ལྷག་པར་འདི་གའི་དགེ་འདུན་པ་རྣམས་ཀྱི་ལུས་ངག་གི་སྤྱོད་པ་དམ་ཆོས་འདུལ་བ་དང་ མཐུན་ཞིང༌། བོད་མི་སྤྱི་དང་ཁྱད་པར་ཀིརྟི་ཚང་གི་བླ་སློབ་སྤྱིའི་མཚན་ཤས་སུ་མི་འགྲོ་བའི་ ཡ་རབས་སྤྱོད་བཟང་ཅན་མིག་དཔེར་འོས་པ་ཞིག་ཡོང་ཐབས་སུ་སྒོ་ཀུན་ནས་འབད་དགོས་པ་ བཅས་ཡིན། གོང་གསལ་དོན་ཚན་གསུམ་པོ་འདི་ནི་ྋསྐྱབས་རྗེ་དམ་པའི་ཐུགས་ཀྱི་དགོངས་གཞིའི་ གཙོ་བོ་དང་གྲྭ་ཚང་འདིའི་དམིགས་ཡུལ་གྱི་ཚངས་ཐིག་ཡིན། དེ་ཡང་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༨༨ ལོར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་ གཉེར་ཁང་འདི་ཉིད་ཀྱི་རྨང་ཐོག་མར་བཏིང་ཞིང༌། ཕྱི་ལོ་ ༡༩༩༢ ལོར་བོད་ཀྱི་རིག་གནས་སྤྱི་བྱེར་རྒྱུགས་སྤྲོད་ཀྱིས་སློབ་ཡུན་ལོ་ལྔ་ཅན་སྔོན་ འགྲོའི་འཛིན་གྲྭ་དང་དངོས་གཞིའི་འཛིན་གྲྭ་བཅས་གསར་འཛུགས་ཀྱིས། ལམ་རིམ་དང༌། གྲུབ་མཐའ། ཆོས་འབྱུང༌། སུམ་རྟགས། བརྡ་དག སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྒྲ། སྨན། རྩིས། རྒྱལ་རབས་སོགས་ཀྱི་སྐོར་རྩ་འགྲེལ་རྒྱས་བསྡུས་སྣ་ཚོགས་པར་སྦྱང་བརྩོན་བགྱིས་ ཏེ། ཕྱི་ལོ་ ༡༩༩༦ ལོར་གོང་གསལ་སློབ་ཚན་གཞིར་བཟུང་སློབ་སྦྱོང་ཆ་ཚང་ཐོན་ཟིན་པ་སྐབས་དང་པོའི་ མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་མི་དགུ་བྱུང་བའི་ཐེངས་དང་ པོའི་མཛད་སྒོའི་ཐོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ཆིབས་བསྒྱུར་གྱིས་བླང་དོར་བཀའ་ སློབ་བཀའ་དྲིན་ཆེ་བ་བྱུང༌། ཕྱི་ལོ་ ༢༠༠༨ ལོར་སྐབས་བཅུ་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་མི་དགུ་ བྱུང་བ་བཅས་སྔ་ཕྱི་བསྡོམས་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་མི་ ༧༢ བྱུང་བ་དང༌། ཕྱི་ལོ་ ༢༠༠༡ ལོར་ྋསྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་བཞིན་མཚན་ཉིད་སྦྱོང་བའི་ རིགས་ལམ་འཛིན་གྲྭ་ཟུར་འཛུགས་ཀྱིས་བསྡུས་གྲྭ་དང་བློ་རྟགས། ཕར་ཕྱིན། དབུ་མ་སོགས་ྋརྗེ་ཡབ་སྲས་དང་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་གཞིར་བཟུང་བའི་ སློབ་ཚན་དང་འཛིན་རིམ། རྒྱུགས་སྤྲོད། ལོ་དུས་བཅས་གཏན་འབེབས་མཛད་པ་ལས་ཕྱི་ལོ་ ༢༠༠༨ ལོར་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་མི་བཅུ་གཅིག་བྱུང༌། འདི་ནས་སློབ་སྦྱོང་སྤྲོད་ཕྱོགས་ཀྱི་བརྒྱུད་རིམ་ལ་མཚོན་ན། རིག་གནས་འཛིན་གྲྭའི་སློབ་ཡུན་ལོ་ལྔ་དང༌། རིགས་ལམ་འཛིན་གྲྭའི་སློབ་ཡུན་ཚད་མ་ལོ་རིམ་གསུམ་དང༌། ཕར་ཕྱིན་ལོ་རིམ་དྲུག དབུ་མ་ལོ་རིམ་གསུམ་བཅས་ཀྱི་རིམ་པ་རྣམས་ད་ལྟ་འགྲོ་དང་འགྲོ་བཞིན་པ་ཡིན། རིག་གནས་དང་རིགས་ལམ་གྱི་འཛིན་གྲྭ་སོ་སོར་ལོ་རེར་ཟླ་གསུམ་རེའི་མཚམས་རྒྱུགས་ སྤྲོད་རེ་རེ་དང༌། ལོ་མཇུག་ལོ་འཁོར་རྒྱུགས་ཆེན་རེ་སྤྲོད་ལེན་བྱེད་བཞིན་ཡོད། བསླབ་པ་མཐར་སོན་སྐབས་མཐར་ཕྱིན་རྒྱུགས་སྤྲོད་རེ་ཟུར་དུ་བྱས་ཏེ། རིག་གནས་སློབ་ཐོན་པ་རྣམས་ལ་མཐོ་རིམ་རིག་གནས་རབ་འབྱམས་པ་དང༌། རིགས་ལམ་སློབ་ཐོན་པ་རྣམས་ལ་ཕར་ཕྱིན་དང་དབུ་མ་རབ་འབྱམས་པ་བཅས་ཀྱི་ཕྱག་འཁྱེར་ འབུལ་བཞེས་གནང་བཞིན་ཡོད།དེ་མཚུངས་རྒྱ་གར་རྡོ་རྗེ་གླིང་སུ་ཁེའི་ཀིརྟི་དགོན་ དགེ་ལྡན་བཀྲ་ཤིས་ཆོས་གླིང་ནས་ཕེབས་པའི་གྲྭ་གཞོན་རྣམས་ལ་དམིགས་བསལ་གཞི་རིམ་ འཛིན་གྲྭ་བཙུགས་པའི་བསླབ་པ་མཐར་སོན་མཚམས་དམིགས་བསལ་སློབ་སྦྱོང་ཐོན་པའི་ཕྱག་ འཁྱེར་གནང་གི་ཡོད། གྲྭ་ཚང་འདིའི་སློབ་གཉེར་བའི་ཡོང་ཁུངས་ལ་མཚོན་ནའང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ དབྱེ་བ་མེད་པར་སྒྲིག་གཞི་ནང་གསལ་ལྟར་རང་ཉིད་ཀྱིས་ལོ་ལྔ་ལྷག་རིང་འདིར་སློབ་ གཉེར་གནང་ནས་བཞུགས་ཐུབ་ཚེ་ཆ་རྐྱེན་མང་པོ་མི་དགོས་པར་འཛུལ་ཞུགས་བྱེད་ཆོག་པ་ སོགས། གྲྭ་ཚང་འདིའི་ཉིན་རེའི་བྱ་བཞག་དང་འགྲིག་ལམ་ཀུན་སྤྱོད་ལས་སྣེ་སོ་སོའི་བྱེད་ སྒོ་སོགས་ནི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་ སློབ་གཉེར་ཁང་གི་བཅའ་ཡིག་མི་ཚེའི་མདུན་ལམ་གསལ་བར་སྟོན་པའི་སྒྲོན་མེ་ཞེས་ པའི་ཕྱག་དེབ་ནས་གསལ་རྟོགས་ཡོང་ངེས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ་ཕྱི་ ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༨ ཉིན།
ཇོ་ནང་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་།
མདོ་སྨད་དུ་ཡོད་པའི་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་ཆོས་སྡེ་ཆེ་ཤོས་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ལོ་རྒྱུས་སྙིང་བསྡུས། མདོ་སྨད་དུ་ངེས་དོན་བསྟན་པའི་ཤིང་རྟ་བ་རིགས་ལྡན་གྱི་སྤྲུལ་བ་དྲུང་ཏ་ན་ཤྲི་ མཆོག་༼ཕྱི་ལོ་༡༣༥༠༽ལོར་མདོ་སྨད་རྒྱལ་རོང་དུ་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ཐོག་དབུས་གཙང་དུ་ཕེབས། དེ་ནས་བླ་མ་ས་བཟང་མ་ཏི་པཎ་ཆེན་དང་། ཆོས་རྗེ་ཕྱོགས་རྒྱལ་བ། ཉ་དཔོན་པ་སོགས་ལས་མདོ་སྔགས་ཀྱི་བཤད་པ་དང་སྒྲུབ་པ་གནད་དུ་སྨིན་པར་མཛད། ཆོས་རྗེ་ཕྱོགས་རྒྱལ་པའི་ཞལ་ན་སྔོན་ཀུན་མཁྱེན་ཇོ་ནང་པའི་ལུང་བསྟན་བཞིན་ཁྱེད་ མདོ་སྨད་དུ་ཕེབས་ནས་བསྟན་འགྲོའི་དོན་ཡོད་པར་གསུངས་པ་ལྟར། མདོ་སྨད་དུ་ཆིབས་བསྒྱུར་བསྐྱངས། རིམས་ཀྱིས་འཛམ་ཐང་དུ་ཕེབས་དུས། ཞལ་འདོན་འཇམ་དཔལ་མཚན་བརྗོད་གྱི་ཚིག་མཚམས་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ ཞེས་གསུངས་མཚམས་དང་རྟེན་འབྲེལ་འགྲིགས་པས། ༼ཕྱི་ལོ ༡༤༢༥༽ ལོར་ཤར་འཛམ་ཐང་བསམ་འགྲུབ་ནོར་བུ་གླིང་ཕྱག་འདེབས་མཛད་པ་ཡིན། དེ་ལ་ཆོས་རྗེ་གྲྭ་ཚང་དང་། ཚེས་བཅུ་གྲྭ་ཚང་། གཙང་བ་གྲྭ་ཚང་གིས་དགོན་ཆེན་འདི་གྲུབ་པ་ཡིན། ད་སྐབས་གདན་རབས་ཞེ་བདུན་པ་མཆོག་སྤྲུལ་འཇིག་མེད་རྡོ་རྗེ་མཆོག་གིས་གཙོ་སྐྱོང་ འོག་དགེ་འདུན་པ་སྟོང་ཕྲག་གཉིས་ཙམ་གྱིས་མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔ་ལ་ འཆད་ཉན་དང་། སྔགས་ཕྱོགས་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ ཆོས་སྐོར་དབང་ལུང་མན་ངག་སྔར་བཞིན་མ་ཉམས་པར་ཉམས་ལེན་བྱེད་བཞིན་ཡོད། ཕྱི་ལོ་༢༠༠༩་ཡན་ལ་ལོ་ངོ་༼ ༥༨༧ ༽ སོང་ཟིན་པས་མདོ་སྨད་ཀྱི་དགོན་ཆེན་རྙིང་ཤོས་ཀྱི་གྲས་ཡིན།
གཡུང་དྲུང་བོན་གྱི་དགོན་སྡེ་ཁག
བོད་ནང་གི་བོན་དགོན་ཁག་གི་བྱུང་རིམ། བོན་བསྟན་སྔ་དར་སྐབས། ྋ ཐོག་མར་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་སྐུ་མི་རྟག་མྱ་ངན་སྤྱི་ལོའི་ སྔོན་༧༨༡༧ ལས་འདས་ནས་མི་ལོ་༦༦༢༡ མཚམས་སུ་སྤྱི་ལོ་སྔོན་༡༡༩༦ལོར། རྟག་གཟིགས་ཀྱི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱིས་སྟོན་པའི་གདུང་ཤ་རི་རམ་ལྔ་ བརྒྱ་དང༌། འདུལ་བ་རྒྱུད་དྲུག་སོགས་བོན་སྡེ་མང་པོ་རྟག་གཟིགས་ནས་བསྣམས་ཕེབས་ཏེ། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་བརྒྱུད་ཏྲག་ལུང་ན་བ་དམར་ལྡིང་བོན་ཕུག་ཏུ་ དྲུང་མུ་ཁྲི་རྩེའི་ལྷ་སྡེ་ཆེན་པོ་བཞེངས། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་ཕྱོགས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ་གཡུང་ དྲུང་ལྷ་རྩེའི་འདུས་སྡེ་ཆེན་པོ་ནི། ཞང་ཞུང་གི་མཁན་པོ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཕྱག་བཏབ། ཞང་ཞུང་སྤོས་རི་ངད་ལྡན་གྱི་ནུབ་ཕྱོགས་དཔལ་ཕུའི་རི་ལ་གཡུང་དྲུང་མཆོག་སྟེང་ གི་དགོན་པ་ནི། ཞང་ཞུང་ཁྲི་འབར་ཚུལ་ཁྲིམས་ཀྱིས་ཕྱག་བཏབ། ཞང་ཞུང་ཧྲོམ་པོ་དཔལ་གྱི་རི་ལ་གཡུང་དྲུང་བརྩེགས་པའི་འདུས་སྡེ་ཆེན་པོ་ནི། གཙུག་ཕུད་ཚུལ་ཁྲིམས་ཀྱིས་ཕྱག་བཏབ། དེ་རྗེས་དབུས་གཙང་ཕྱོགས་སུ་འདུལ་བསྟན་དར་ཏེ། དབུས་རུ་འདམ་ཤོད་སྣར་མོ་རུ་གཡུང་དྲུང་ཁྲི་འདུས་འོད་གླིང་ནི། ག་ཅུ་གཙུག་ཕུད་རྒྱལ་བས་བཞེངས། དབུ་རུ་ཡེར་ཀླུང་ལྷ་སའི་གནས་སྡེ་ཆེན་པོ་གཡུང་དྲུང་ཁྲིམས་གནས་གསས་ཁང་ནི། ཡ་གོང་ཡེ་ཤེས་རྒྱལ་བས་བཏབ། རུ་ལག་གྲམ་པ་རྐྱང་གི་ཁྲི་འདུས་འོད་ཀྱི་ལྷ་ཁང་ནི། ཕམ་ཤིན་དཔལ་གྱི་དབང་ཕྱུག་གིས་ཕྱག་བཏབ། གཡོ་རུ་རག་ཟའི་འདུ་གནས་གཡུང་དྲུང་ཁྲི་སྐོས་རོལ་པའི་གཙུག་ལག་ཁང་ནི། ལྡེ་བཙུན་ཡེ་ཤེས་རབ་གསལ་གྱིས་བཞེངས། དེ་སྐབས་དགོན་གནས་དེ་དག་ལ་དགེ་འདུན་ཀྱི་སྡེ་སྟོང་དང་དྲུག་བརྒྱ་ལྷག་ཡོད་པ་ རེད་ལ། དེ་ཡང་འདུས་སྡེའམ་དགོན་སྡེ་ཁག་དབུ་བརྙེས་ནས་ད་བར་མི་ལོ་སུམ་སྟོང་ཉིས་བརྒྱ་ མ་ཟིན་ཙམ་ཕྱིན་པ་རེད། སྔགས་བསྟན་གྱི་འདུས་སྡེ་སྐོར་ནི། སྤྱི་ལོའི་སྔོན་༡༡༣༧ལོར་རྗེ་གཉའ་ཁྲི་བཙན་པོ་བོད་རྗེ་ཐོག་མར་མཚན་གསོལ་བ་ནས་ བཟུང༌། བོད་རྒྱལ་གནམ་རུ་སྲོང་བཙན་ཡན་རྒྱལ་རབས་སོ་གཉིས་རིང་ལ་གཡུང་དྲུང་བོན་དར་ཏེ། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྐད་རིགས་བསྒྱུར་བའི་ལོ་པན་རེ། བྱས་བཞག་གི་གསས་ཁང་རེ་བཞེངས། གསུངས་པ་ལྟར། གཉའ་ཁྲི་བཙན་པོས་གཡུང་དྲུང་ལྷ་རྩེའི་གསས་ཁང་ཕྱག་བཏབ། དེ་བཞིན་རྒྱལ་རབས་སོ་གཉིས་རིང་ལ་རྒྱལ་པོ་རེའི་དུས་སུ་གསས་ཁང་རེ་བཞེངས་ཡོད། ལྷག་པར་བོད་རྒྱལ་གཉིས་པ་མུ་ཁྲི་བཙད་པོས་སྟོད་ཁྱུང་ལུང་དངུལ་མཁར་ནས་དམའ་ཤེལ་ ལེ་རྒྱ་སྐར་ཁྱུང་པོ་རྩེ་དྲུག་ཡན་ཆོད་ལ་སྔགས་ཀྱི་སྒྲུབ་སྡེ་སུམ་ཅུ་རྩ་བདུན་ ཕྱག་བཏབ་པ་རེད། བོན་བསྟན་ཕྱི་དར་སྐབས་ཀྱི་དགོན་སྡེ་གཙོ་བོ་ཁག་ནི། ཕྱི་དར་བསྟན་པའི་སྲོལ་འཛིན་དམུ་རིགས་གཤེན་དང༌། རྒྱལ་བ་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང༌། སྨད་དུ་ཞིག་པོ་བཅོ་བརྒྱད་སོགས་ཀྱི་གདན་ས་ཁག་ཡིན། དང་པོ། དམུ་རིགས་གཤེན་གྱི་གདན་ས་ལ་སྔ་བ་ནི། རུ་ལག་ལྷོ་ཡི་གནས་འབྲིག་མཚམས་གཉན་རྩེ་གད་དམར་གྱི་ལྷ་ཁང་ནི་བསྟན་པ་ཕྱི་དར་ གྱི་ཐོག་མར་གཤེན་དཔལ་མགོན་འཕྲིན་ལས་ཀྱིས་༩༦༠ནང་ཕྱག་བཏབ། གཤེན་གྱི་གདན་ས་གཙོ་བོ་གཙང་གཡས་རུའི་བཞད་འཇདདཔལ་ལྡན་དར་ལྡིང་གསེར་སྒོ་ཁྲ་ མོ་ནི། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་སྤྱི་ལོ་༡༢༣༣ལོར་ཕྱག་བཏབ་པར་འདོད་པ་ མཁས་དབང་དཔལ་ཚུལ་སོགས་དང༌། སྤྱི་ལོ་༡༡༧༣ལ་ཕྱག་བཏབ་པར་འདོད་པ་མཁན་ཆེན་ཉི་མ་སོགས་ཡིན། ད་དུང་གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ནི། སྤྱི་ལོ་༡༣༦༠ནང་གཤེན་གྱི་གདན་རབས་བཅོ་ལྔ་པ་དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་ ཕྱག་བཏབ་པ་རེད། གཉིས་པ། རྒྱལ་བ་བྲུ་ཡི་གདན་ས་གཡས་རུ་བ་གོར་དབེན་ས་ཁའམ། གཡས་རུ་དབེན་དགོན་བདེ་ཆེན་བསམ་གཏན་གླིང་ནི། བྲུ་རྗེ་གཡུང་དྲུང་བླ་མས་ཆུ་བྱི་༡༠༧༢ལོར་ཕྱག་བཏབ་ནས་ད་བར་མི་ལོ་༩༣༢ཙམ་ཕྱིན། གནས་དེར་གཡས་རུའི་སྟོན་པ་བཅོ་བརྒྱད་ཅེས་གྲགས་སྙན་ཆེན་པོ་བྱུང༌། གསུམ་པ། དབང་ལྡན་ཞུ་ཡི་གདན་ས་སྔ་བ་རུ་ལག་ཉང་སྟོད་སྐྱིད་མཁར་རི་ཞིང་དགོན་ནི། དབང་ལྡན་ཞུ་གཡས་ལེགས་པོས་དུས་རབས་བཅུ་གཅིག་པའི་ནང་སྟེ། སྤྱི་ལོ་༡༠༠༢ནང་ཙམ་ལ་ཕྱག་བཏབ། ཞུ་ཡི་གདན་ས་གཙོ་བོ་དབང་ལྡན་ལྷུན་གྲུབ་སྒང་ནི་དུས་རབས་བཅུ་གཉིས་པའི་སྟོད་ སྐོར་ཙམ་ལ་སངས་རྒྱས་ཞུ་ཆེན་གྱིས་ཕྱག་བཏབ། བཞི་པ། གྲུབ་ཐོབ་སྤ་ཡི་གདན་ས་ཆེ་བ་ལ་སྟོད་ལྷོའི་ལ་ཕུག་བདེ་ཆེན་སྒང་ནི། དུས་རབས་བཅུ་གཅིག་པའི་ནང་ལ་སྤ་སྟོན་དཔལ་མཆོག་བཟང་པོས་ཕྱག་བཏབ་པའམ། ཁ་གཅིག་གིས་དཔལ་ལྡན་བཟང་པོས་ཕྱག་བཏབ་ཀྱང་ཟེར། མདོར་ན་སྤ་ལ་བཟང་པོ་བཅུ་གསུམ་ཅེས་པའི་སྙན་གྲགས་ཅན་གྱི་བླ་རབས་མང་པོ་བྱུང༌། ལྔ་པ། མཁས་པ་རྨེའུའི་གདན་ས་སྔ་བ་གཡས་རུའི་ཤང་གུར་ཞོག་དགོན་པ་ནི། རབ་བྱུང་དང་པོའི་དུས་རབས་བཅུ་གཅིག་པའི་ནང་རྨེའུ་སྟོན་ལྷ་རི་གཉེན་པོས་ཕྱག་ བཏབ། རྨེའུའི་གདན་ས་གཙོ་བོ་གཙང་སྙེ་མོ་ནང་དཔལ་ལྡན་བཟང་པོ་རི་ནི། རབ་བྱུང་གཉིས་པའི་ནང་སྟེ་སྤྱི་ལོ་༡༠༩༦ཙམ་ལ་མཁས་མཆོག་ཚུལ་ཁྲིམས་དཔལ་ཆེན་ གྱིས་ཕྱག་བཏབ། དྲུག་པ། དམ་པ་ཁྱུང་གི་གདན་ས་ཁག་ནི། ཁྱུང་དཀར་གྱི་གདན་ས་བྲག་དམར་རི་འདུས་ནི་གྲུབ་ཆེན་ཉི་མ་རྒྱལ་མཚན་གྱིས་གདན་ས་ ཡིན། ཁྱུང་ནག་གདན་ས་གཙོ་བོ་རྩེ་དྲུག་ཤེལ་བྲག་གཤེན་བསྟན་དྲི་མེད་གླིང་ནི། མུ་ཁྲིས་སྒྲུབ་སྡེ་སོ་བདུན་བཙུག་པའི་ནང་ཚན་ཞིག་ཡིན་ཀྱང༌། ཕྱིས་དུབ་རབས་བཅུ་བཞི་པའི་ནང་སྟེ་༡༣༨༣ལ་སྤྲུལ་སྐུ་བློ་ལྡན་སྙིང་པོས་བཞེངས་ བསྐྲུན་གནང༌། ཁྱུང་སེར་གདན་ས་གཙོ་བོ་བྱ་ཟེའི་ཡང་རྫོང་ནི་ཁྱུང་སེར་བླ་མ་འབུམ་རྒྱལ་གྲགས་ པས་སྤྱི་ལོ་༡༤༡༣ ནང་ཕྱག་བཏབ། གཞན་ཡང་མདོ་སྨད་ཕྱོགས་སུ་ཞིག་པོ་བཅོ་བརྒྱད་ཀྱི་གདན་ས་ཞེས་པའི་ནང་ནས་གྲགས་ ཆེ་བ། རྔ་ཡུལ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ནི། སྟོད་ནས་ཆད་པའི་སྣང་ཞིག་དོ་འཕགས་ཆེན་པོའི་སྲས་ཆེ་བ་ཉི་མ་འཛིན་གྱིས་དུས་རབས་ བཅུ་གཉིས་པའི་ནང་སྟེ། སྤྱི་ལོ་༡༡༠༨ལོར་ཕྱག་བཏབ་པ་རེད། དགོན་དེར་ད་ལྟའི་སྐལ་བཟང་བློ་གྲོས་རྒྱ་མཚོ་བར་གདན་རབས་སོ་དགུ་ཙམ་ཕྱིན་ཡོད། གཞན་གངས་ཅན་བོད་ཀྱི་ཡུལ་དུ་གྲགས་ཆེ་བའི་གྲྭ་ས་གོང་འོག་བར་གསུམ་ནི། དང་པོ་གྲྭ་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་ནི། རྒྱལ་བ་མཉམ་མེད་ཆེན་པོས་༡༤༠༥ལོར་ཕྱག་བཏབ་ནས་ད་ལྟའི་རྩ་བླ་ྋལུང་རྟོགས་བསྟན་ པའི་ཉི་མ་རིན་པོ་ཆེ་བར་མཁན་རབས་སོ་གསུམ་ཙམ་ཕྱིན། གྲྭ་ས་བར་མ་མཁར་སྣ་བསམ་བསྟན་གླིང་ནི། སྨན་རིའི་མཁན་རབས་ཉེར་ལྔ་པ་འགྲོ་མགོན་ཤེས་རབ་གཡུང་དྲུང་གིས་༡༨༧༣ལོར་ཕྱག་ བཏབ་ནས་བླ་རབས་དྲུག་ཙམ་སོང་མྱོང༌། གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་ནི། སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་༡༨༣༤ལོར་ཕྱག་བཏབ་མཁན་རབས་བཅུ་ཙམ་སོང་བ་རེད། གཞན་གཡུང་དྲུང་བོན་གྱི་དགོན་སྡེ་གཙོ་ཁག་སྟོད་ཞང་ཞུང་ཁྱུང་ལུང་དངུལ་མཁར་ནས་ སྨད་རྒྱ་མཚམས་གོང་བུ་དམར་རུ་ཡན་ཆོད་དུ་འདུས་སྡེ་སྟོང་ཕྲག་གྲངས་སུ་འཕེལ་བའི་ ལོ་རྒྱུས་ཡོད་ཀྱང༌། ཕྱིས་རིག་གནས་གསར་བརྗེ་ཞེས་པའི་གཉན་འཕྲང་གི་རྫེས་སུ། ཕལ་ཆེར་སྤྱི་ལོ་༡༩༨༠ཡས་མས་ནས་ད་བར་ཉམས་གསོ་བྱུང་བ་དགོན་སྡེ་ཉིས་བརྒྱ་ལྷག་ ཙམ་ལས་མེད།
རྗེ་མི་ལ་རས་པའི་སྲས་མཁར་དགུ་ཐོག
མི་ལ་རས་པའི་སྲས་མཁར་དགུ་ཐོག སྐད་གྲགས་ཆེ་བའི་མི་ལ་རས་པའི་སྲས་མཁར་དགུ་ཐོག་གམ་མཐོང་གྲོལ་ལྷ་ཁང་ཆེན་མོ་ ནི་དེང་སྐབས་ཀྱི་རྒྱ་ནག་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ ཟེར་བའི་གཙོས་གྲོང་ཁྱེར་དུ་ཡོད། སྲས་མཁར་དགུ་ཐོག་དེ་ཉིད་རྗེ་བཙུན་མི་ལ་རས་པའི་རྣམ་སྤྲུལ་རྗེ་བཙུན་ཆོས་ དབྱིངས་རྡོ་རྗེས་མི་ལས་སྔོན་ཆད་ལྷོ་བྲག་ཏུ་བཞེངས་པར་གྲགས་པའི་སྲས་མཁར་དགུ་ ཐོག་དཔེར་བལྟས་ནས་ཡུལ་མདོ་སྨད་གཙོས་དགོན་པར་བཞེངས་པ་ཡིན་ཞིང་མཚན་ལ་མི་ལ་རས་ པའི་སྲས་མཁར་དགུ་ཐོག་ཅེས་ཆགས་པ་རེད། རྗེ་བཙུན་མི་ལ་རས་པ་ ༼༡༠༤༠ནས་༡༡༢༣༽ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་དུ་སྐད་གྲགས་ཧ་ཅང་ ཆེ་བ་ཞིག་ཡིན་ཞིང་། བཀའ་བརྒྱུད་པའི་མེས་པོ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་ཀ་ཆེན་ བཞིའི་ཡ་གྱལ་ཡིན། ཁོང་གིས་མི་ཚེར་སྒྲུབ་པ་ཉམས་ལེན་གནང་སྟེ་ཚེ་གཅིག་ལུས་གཅིག་ལ་ཞི་བའི་གོ་འཕང་ བརྙེས་ཤིང་མགུར་མའི་ལམ་ནས་སློབ་བུ་དང་དད་ལྡན་གཞན་ལ་ཆོས་འཆད་པ་དང་གདམས་པ་མང་ པོ་གནང་ཡོད། མི་ལ་རས་པའི་ཐུགས་སྲས་དྭགས་པོ་ལྷ་རྗེ་ནི་དྭགས་པོ་ས་ཆར་འཁྲུངས། ཁོང་གསོ་བ་རིག་པར་མཁྱེན་དཔྱོད་ཕུལ་དུ་བྱུང་ཞིང་། དགུང་ལོ་ཉེར་དྲུག་ཐོག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ནང་པའི་གཞུང་ལ་ ཐོས་བསམ་ཡ་མ་བྲལ་བར་གནང་། རྗེས་སུ་རྗེ་བཙུན་མི་ལ་རས་པ་བླ་མར་བསྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་ གཤེགས། ཨ་མདོའི་གཙོས་ཀྱི་མི་ལ་རས་པའི་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་ནི་ བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་བརྙན་ བཞུགས་པའི་བཟོ་བཀོད་རྨད་དུ་བྱུང་བའི་ལྷ་ཁང་ཞིག་ཡིན་ཞིང་ཕྱི་ལོ་༡༧༧༧ཐོག་མར་ བཞེངས་ཤིང་ད་ལྟའི་བར་ལོ་ཉིས་བརྒྱ་སུམ་ཅུ་ལྷག་འགོར་ཡོད། རྒྱ་ནག་གིས་བོད་དུ་བཙན་པོས་དབང་སྒྱུར་བྱས་རྗེས་ཀྱི་རིག་གསར་སྐབས་བོད་ཀྱི་ རིག་དངོས་སྤྱི་མཚུངས་ལྟར་ཤུལ་མེད་ལྷག་མེད་དུ་བཏང་ནས་མེད་པར་བཟོས་ཀྱང་དད་ ལྡན་བོད་རིགས་མི་མང་གིས་ཕྱི་ལོ་༡༩༨༨ལོ་ནས་༡༩༩༤ཡོངས་སུ་བསྐྱར་བཞེངས་ལེགས་ འགྲུབ་བྱུང་བ་ཞིག་ཡིན།
རྭ་རྒྱ་བཀྲ་ཤིས་འབྱུང་གནས།
རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ནི། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་དང་ཨ་མྱེས་རྨ་རྒྱལ་སྦོམ་རའི་ཤར་ ཕྱོགས་ཀྱི་རྨ་འགྲམ་དུ་ཆགས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་༣༠༠༠་ཙམ་ཡིན། ཡུལ་འདིའི་མེས་པོ་སྔ་རབས་པ་ནི་མདོ་སྨད་ཀྱི་འབྲོག་སྡེ་ཆེས་སྔ་ཤོས་དང་ལོ་ རྒྱུས་ཀྱི་དུས་ཡུན་རིང་ཤོས་སུ་གཏོགས་པའི་ཨ་རིག་པ་ཚོ་ཡིན་ལ། རྭ་རྒྱ་དགོན་པ་ཡང་སྤྱི་ལོ་༡༧༦༩ ལོ་སྟེ་བོད་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་ལོར་ཨ་རིག་དགེ་བཤེས་ཆེན་མོ་རྗེ་ བྱམས་པ་དགེ་ལེགས་རྒྱལ་མཚན་མཆོག་གིས་ཕྱག་འདེབས་མཛད་ཅིང་། ཁོང་གི་དངོས་སློབ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་སྐུ་ཕྲེང་རིམ་ བྱོན་དང་། ཡབ་རྗེ་གསེར་ཁང་བ་ཆེན་པོ་རྗེ་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་མཁས་གྲུབ་རིམ་ པར་བྱོན་ཏེ་འཛིན་སྐྱོང་མཛད་པ་དང་། ཨ་རིག་དགེ་བཤེས་ཆེན་མོ་ནས་ད་ལྟའི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བཟོད་པའི་ བར་དུ་ཁྲི་རབས་ང་བཞི་ལྷག་གིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ ཡར་ཟླ་དང་མཉམ་པ་བྱུང་དང་འབྱུང་བཞིན་ཡོད། རྒྱ་ནག་གི་དབང་བསྒྱུར་མ་བྱས་སྔོན་དུ་དགེ་འདུན་པ་སུམ་སྟོང་ལྷག་དང་། གྲྭ་ཚང་ལྔ་ཡོད་ལ། དེ་དག་ནི་མཚན་ཉིད་གྲྭ་ཚང་ཐོས་བསམ་ནོར་བུའི་གླིང་དང་། རྒྱུད་སྨད་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང་། དུས་འཁོར་གྲྭ་ཚང་རིག་ལྡན་ནོར་བུའི་གླིང་། སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་། རྟ་མགྲིན་གྲྭ་ཚང་བཅས་ཡིན། མཚན་ཉིད་གྲྭ་ཚང་ལ་རྗེ་ཙོང་ཁ་བ་ཡབ་སྲས་བརྒྱུད་པ་དང་བཅས་པའི་གསུང་རབ་གཞི་ལ་ བཞག་པའི་གཞུང་བཀའ་པོད་ལྔའི་རྩོད་གྲྭ་དང་། རྒྱུད་པ་གྲྭ་ཚང་ལ་རྒྱུད་གཞུང་ལེའུ་བཅུ་བདུན་མ་དང་། གསང་འདུས། བདེ་མཆོག དཔལ་འཁོར་ལོ་སྡོམ་པ་སོགས་གསང་སྔགས་ཀྱི་གཞུང་ལུགས་དུ་མའི་བསྐྱེད་རྫོགས་ཀྱི་ འཆད་ཉན་དང་། དུས་འཁོར་གྲྭ་ཚང་ལ། བསྡུས་རྒྱུད་ལེའུ་དང་པོ། སྤྱོད་འཇུག་དང་འཇམ་དཔལ་མཚན་བརྗོད། སྒྲ་རྩིས་སྙན་ངག་སོགས་ཀྱི་འཆད་ཉན། སྨན་པ་གྲྭ་ཚང་དུ་མདོ་སྡུད་པ་དང་། བཤད་རྒྱུད། རྩ་བ་ཐིག་རྒྱུད་སོགས་དང་། གསོ་རིག་རྒྱུད་བཞི་སོགས་གསོ་བྱེད་སྨན་གྱི་ཕྱག་སྲོལ་སྣ་ཚོགས་པའི་འཆད་ཉན་དང་། རྟ་མགྲིན་གྲྭ་ཚང་དུ། རྟ་མགྲིན་ཡང་གསང་སྐོར་གྱི་ཟབ་ཆོས་སྣ་ཚོགས་པ་དང་། གཏོར་བཟོ་གར་དབྱངས་སོགས་ཀྱི་ཕྱག་སྲོལ་རྒྱུན་སྐྱོང་བཞིན་ཡོད་ལ། དགོན་པ་འདིའི་མཚན་ཉིད་བཤད་གྲྭའི་སྒྲིག་སྲོལ་དང་། རྒྱུད་སྡེ་སོ་སོའི་ཕྱག་ལེན་མཐའ་དག་མདོ་སྨད་ཀྱི་ཆོས་སྡེ་ཕལ་མོ་ཆེར་ཁྱབ་སྟེ། རྨ་ལྷོ་བྱང་གི་དགོན་སྡེ་ཆེ་ཆུང་དུ་མས་ད་ལྟའི་ཆར་ཡང་རྒྱུན་སྐྱོང་བཞིན་གནས་པ་ ལགས། དགོན་པ་འདིར་ལོ་གཅིག་རིང་གི་ཆོས་ཐོག་དང་། ཆོས་མཚམས། རིགས་ཆེ་ཆུང་། རྩོད་རྒྱུགས་བློ་རྒྱུགས་སོགས་ཀྱི་རིམ་པ་ནི་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་ གྲྭ་ཚང་གི་སྒྲིག་སྲོལ་ལྟར་གཏན་ལ་ཕབ་པ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཆེན་པོ་བཅུ་དྲུག་རྡུལ་ཚོན་ལ་ བརྟེན་པའི་དཔྱིད་ཀའི་སྒྲུབ་མཆོད་ཆེན་མོ་དང་། སྨྱུང་གནས་ཆེན་མོ། མཆོད་པ་ཆེན་མོ་སོགས་ཆོས་སྡེ་གཞན་གྱིས་བསྒྲུན་དུ་མེད་པའི་ཆོས་སྤྱོད་ཀྱི་རིམ་ པ་མང་པོ་ཞིག་ཀྱང་དཀར་འབྱམས་སུ་བརྡལ། དེ་མིན་དགོན་པ་འདིར་བོད་རྒྱའི་སྒྱུ་རྩལ་ཟུང་དུ་འབྲེལ་བའི་གཙུག་ལག་ཁང་དང་ལྷ་ ཁང་ཆེ་ཕྲ་མང་པོ་ཞིག་ཡོད་པའི་རགས་རིམ་ཙམ་ནི། གྲྭ་ཚང་ལྔའི་གཙུག་ལག་ཁང་ལྔ་དང་། བཀའ་འགྱུར་ལྷ་ཁང་ངོ་མཚར་དགེ་ལེགས་རྒྱ་མཚོ་གཡས་སུ་འཁྱིལ་བའི་ཕོ་བྲང་། སངས་རྒྱས་སྟོང་སྐུའི་ལྷ་ཁང་། སྒྲོལ་མ་ལྷ་ཁང་། ཨ་རིག་ཇོ་ཁང་། རྒྱལ་བ་བྱམས་པའི་ལྷ་ཁང་། པཎ་ཆེན་ལྷ་ཁང་། ཡབ་རྗེ་གསེར་ཁང་བ་ཆེན་མོའི་གདུང་མདུན་ལྷ་ཁང་གོང་ཞོལ་གཉིས། འཇམ་དབྱངས་སྟོང་སྐུའི་ལྷ་ཁང་། ལི་མ་ཁང་གསར། མ་ཕུག་གཟིམ་ཁང་ཉི་འོད་འཁྱིལ་བའི་ཕོ་བྲང་། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་གཟིམ་ཁང་སོགས་བྱིན་རླབས་ཀྱི་གཟི་བྱིན་འབར་ ཞིང་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་བཟོ་བཀོད་གྲངས་མང་བཞུགས་ཡོད། དེ་དག་གི་ནང་ནས་དཔར་ཁང་ཆེན་མོ་ངོ་མཚར་དགེ་ལེགས་རྒྱ་མཚོ་གཡས་སུ་འཁྱིལ་བའི་ ཕོ་བྲང་ཞེས་པར་རྒྱལ་བའི་བཀའ་འགྱུར་ཆེན་མོའི་དཔར་ཤིང་གཙོ་བོར་གྱུར་བའི་རྗེ་ ཙོང་ཁ་བ་ཡབ་སྲས་ཀྱི་གསུང་འབུམ་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ཡབ་སྲས་ཀྱི་གསུང་འབུམ་དཔར་ཤིང་སོགས་དཔར་ཤིང་ སྟོང་ཕྲག་མང་པོ་བཞུགས་ན་ཡང་སྤྱི་ལོ་༡༩༥༨ ལོར་དགོན་པ་འདིའི་སྐུ་གསུང་ཐུགས་རྟེན་གྱི་བཟོ་བཀོད་མཐའ་དག་ཐལ་བའི་རྡུལ་དུ་ བརླགས་པ་མ་ཟད། དགེ་འདུན་པ་རྣམས་བཙན་གྱིས་སྐྱ་སར་དབབ་པ་དང་། བཙོན་དུ་འཁྲིད་པ་སོགས་བྱས་ཏེ་ཆོས་སྡེ་ཆེན་པོ་འདི་གྱང་ཆག་སྐྱ་ཉིལ་ལེར་གཏོར་ ཞིང་། ལྷ་འབངས་ཡུལ་སྡེ་དང་བཅས་པར་བགྲང་བྱ་ཉི་ཤུ་ལྷག་ལ་གསོད་རྡུང་བཅོམ་གསུམ་གྱི་ ནམ་ཟླ་བཟོད་དཀའ་བ་ཞིག་བྱུང་བ་ནི་བོད་ཡུལ་སྤྱི་མཚུངས་ལྟར་རོ། ། ལོ་རྒྱུས་ཐོག་རྭ་རྒྱ་དགོན་པའི་དགོན་ལག་ཏུ་གཏོགས་པའི་དགོན་སྡེ་བཞི་བཅུ་ཙམ་ ཡོད་ལ། དེ་དག་ལས་གྲགས་ཆེ་བ་ནི། རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དང་། རྫ་བ་རུད་དགོན། མགོ་ལོག་ལུང་དཀར་དགོན་དགའ་ལྡན་ཆོས་འཕེལ་གླིང་། མགོ་ལོག་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་། མགོ་ལོག་སྙན་མོ་དགོན་དགེ་ལྡན་རྣམ་རྒྱལ་གླིང་། མགོ་ལོག་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་། མགོ་ལོག་ཁྲ་འཁྱོག་དགོན། གསེར་ལག་དགོན། བོང་སྟག་དགོན་ཨེ་ཝྃ་ཏཱ་རེ་གླིང་། ཁྲི་ཀའི་གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་། ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་། ཀླུ་ཚང་དགོན་བཤད་སྒྲུབ་དགེ་འཕེལ་གླིང་། ཐར་ཤུལ་ཞོལ་མ་དགོན། རྨ་མགུར་རྣམ་རྒྱལ་གླིང་། དཀར་མོ་གསང་ཆེན་དགོན་བཀྲ་ཤིས་ཆོས་འཁོར་གླིང་། ས་སྣ་དགོན་དགེ་ལྡན་དགེ་འཕེལ་གླིང་། བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་། བཀྲ་ཤིས་ཆོས་སྒང་། བེ་ཧུ་དགོན་དགའ་ལྡན་ཐོས་བསམ་གླིང་། བེ་ཅོ་དགོན། བེ་ཅིང་དགོན་སོགས་ཡིན། དགོན་པ་འདིའི་ལྷ་སྡེ་ཡུལ་འབངས་སུ་གཏོགས་པ་ནི་རྨ་སྲིབ་ཀྱི་རྟ་བོ་དམེ་ཚང་དང་། ཚོ་དྲུག ཙང་གུ ཆུ་བ། རྒྱ་བཟའ། ཇ་སག ཡག་ཆ། གཡོན་གཞུ་སོགས་དང་། རྨ་ཉིན་གྱི་མགར་རྩེ་ཚོ་བ་བཅོ་བརྒྱད་སོགས་ཡིན། སྤྱི་ལོ་༡༩༨༠ ལོར་རྒྱ་གཞུང་གི་སྲིད་ཇུས་གུ་ཡངས་ཀྱི་རྣམ་པར་བསྐྱོད་པ་ནས། རྭ་རྒྱ་དགོན་པ་ཡང་སླར་གསོ་བྱེད་ཆོག་པའི་ཆོག་མཆན་བཀོད་པ་ལྟར་བསྐལ་བའི་འགྱུར་ ལྡོག་ཁྲོད་ལྷག་པའི་དགེ་འདུན་པ་བཞི་བཅུ་ཙམ་གྱིས་སྣེ་ཁྲིད་དེ་ཡུལ་འདིར་སླར་ ཡང་བསྟན་པའི་གཞི་མ་གསོས་ཤིང་། གཙུག་ལག་ཁང་གསར་འཛུགས་དང་། ཆོས་འཆད་ཉན་གྱི་རྨང་གཞི་འཛུགས་པ་སོགས་བྱས་ཏེ། རྨ་ལྷོ་བྱང་གི་ལྷ་འབངས་ཚོ་བ་སོ་སོའི་བཀའ་དྲིན་ལ་བརྟེན་ནས་དགེ་འདུན་པའི་འཚོ་ བའི་མཐུན་རྐྱེན་དང་། སྔར་གྱི་བཟོ་བཀོད་ཕལ་མོ་ཆེ་སླར་ཡང་ཉམས་གསོ་ལེགས་འགྲུབ་བྱུང་བ་དང་། དགེ་འདུན་པའི་ཞལ་གྲངས་དང་འཆད་ཉན་གྱི་སྤུས་ཚད་ཀྱང་ལོ་རེ་ནས་ལོ་རེར་འཕེལ་ རྒྱས་སུ་སོང་ཞིང་། སྤྱི་ལོ་༡༩༩༢ ལོར་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་ཡང་སྲིད་ངེས་རྙེད་བྱུང་སྟེ་གཞིས་བྱེས་ ཀུན་ཏུ་དགེ་ལེགས་ཀྱི་ལྟས་བཟང་ཟམ་མེད་དུ་འཕྲོས་པ་མ་ཟད། སྤྱི་ལོ་༡༩༩༤ ལོར་ཤེས་རིག་ནོར་བུའི་གླིང་གསར་འཛུགས་བྱས་པ་དང་བོད་ཁམས་ཡོངས་ཀྱི་སློབ་ཕྲུག་ བརྒྱ་ཕྲག་མང་པོ་བསྐྱེད་སྲིང་གིས་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ བརྟན་པོར་བཙུགས་པ་དང་། དེང་རབས་ཤེས་རིག་གི་སྒོ་འཕར་གསར་དུ་ཕྱེས། དེ་ལྟར་ཡུལ་འདིའི་བོད་མི་རྣམས་ཀྱིས་དཀའ་སྤྱད་འབད་རྩོལ་ལ་བརྟེན་ནས་དུས་རབས་ གསར་བའི་འཕེལ་རྒྱས་ཀྱི་ཀློང་དུ་བརྩོན་པ་ཆེན་པོས་བགྲོད་བཞིན་ཡོད་ན་ཡང་། རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ཀྱི་གནོན་བཙུར་འོག་ཡང་ནས་བསྐྱར་དུ་བསུན་ གཙེར་གང་མང་བྱས་སྟབས། སྤྱི་ལོ་༡༩༩༢ ལོ་ནས་བཟུང་ཡུལ་འདིར་བོད་མིའི་རང་དབང་མངོན་འདོད་ཀྱི་འོས་ལངས་རྒྱུན་མཐུད་དུ་ བྱུང་ཞིང་། སྔ་ཕྱིར་དགེ་འདུན་པ་བརྒྱ་ཕྲག་ལྷག་ཅིག་དུས་ཡུན་རིང་ཐུང་ཅི་རིགས་ལ་ཁྲིམས་སུ་ བཅུག་པ་དང་། དམར་གསོད་གཏོང་བ། ནད་པར་བསྒྱུར་བ་སོགས་བྱས་ཏེ་བཟོད་དཀའ་བའི་མནར་གཅོད་ཀྱི་དུས་རིམ་རྒྱུན་མཐུད་ དུ་མྱོང་བཞིན་ཡོད་ན་ཡང་། ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་གནད་ཡོད་མི་སྣ་སྐོར་ཞིག་གི་སྣེ་ཁྲིད་ དང་། བོད་རིགས་མང་ཚོགས་ཀྱི་ཉམས་མེད་བློ་སྟོབས་ལ་བརྟེན་ད་ལྟ་དགོན་པ་འདིར་དགེ་ འདུན་པ་དྲུག་བརྒྱ་ལྷག་དང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་མ་སྐྱ་སེར་གཉིས་ཀ་བདུན་བརྒྱ་ ལྷག རྭ་རྒྱ་བཅའ་སྡོད་སློབ་གྲྭ་དང་། རྩྭ་ཐང་བུ་མོའི་སློབ་གྲྭ་བཅས་སུ་སློབ་ཕྲུག་ཉིས་སྟོང་ལྷག་བཅས་ཡོད་ལ། མདོར་ན་ཡུལ་འདིའི་མི་དམངས་ཀྱིས་བོད་མི་རིགས་ཀྱི་མ་འོངས་པར་རེ་བས་བཅངས་ཤིང་། དཀའ་སྡུག་གི་ཉིན་མོ་ཕ་མཐར་སྐྲོད་པའི་ལས་དོན་ལ་སྤོབས་པས་འཇུག་བཞིན་ཡོད།
ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་།
ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ནི་ མདོ་སྨད་མང་འབའ་བྱ་གསུམ་དུ་གྲགས་པའི་མང་རའི་སྨད་ཀྱི་ཆར་བདུད་ཤུལ་ཀླུ་ཚང་གི་ ཚོ་ཆེན་བཞི་གཙོར་གྱུར་པའི་མང་འབའ་བྱ་གསུམ་གྱི་སྦྲ་ནག་ཤོག་ཁ་བཅུ་བདུན་གྱི་ རྣམ་དཀར་དགེ་བའི་རྟེན་དུ་ཕྱི་ལོ་༡༨༨༩ལོར་གསར་དུ་བཏབ་པ་ཞིག་ཡིན་ལ། མཚན་གཞན་ལ་རྙེ་དགོན་པར་གྲགས། དེ་ནི་རྙེ་སྐུ་འཕྲེང་ཐོག་མ་བློ་བཟང་ནམ་མཁའ་དབུས་ཀྱི་སྨད་རྒྱུད་དུ་ཚོགས་ཆོས་ འགྲིམས། རྒྱ་གར་རྩྭ་མཆོག་དྲུང་ཚུན་ཆད་གནས་མཇལ་བྱས། མདོ་སྨད་དུ་རི་ཁྲོད་བྱས་ནས་ལྕི་བ་ཁེངས་ཐོ་བརྩིགས་ནས་སྒོམ་ཁང་ཕུབ་ཏེ། རྒྱུན་རིང་བཞུགས་པས་ས་དེའི་ཡུལ་སྐད་དུ་ལྕི་བ་ལ་སྙི་བ་ཟེར་བས། ཨ་ལགས་སྙི་བ་ཚང་ངམ། རྙེ་སྒོམ་ཆེན་བློ་བཟང་ནམ་མཁའ་ཟེར། དེའི་སྤྲུལ་སྐུ་སྙི་བ་ཟུར་ཆག་ནས་རྙེ་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཉི་མ་ཉིད་ ཀྱི་གོང་མའི་ཚ་བོར་འཁྲུངས། ལཱ་མོའི་བདེ་ཆེན་དུ་ཐུགས་གཉེར་གནང་། ཀུན་མཁྱེན་འཇིགས་མེད་དབང་བོ་ལས་ཆོས་བཀའ་རྒྱ་ཆེར་གསན་ཅིང་ཐུགས་ཟིན་གྱི་སློབ་ མར་གྱུར། བདེ་ཆེན་ཁྲི་ལོ་བཅུ་ལ་བསྐྱངས། ཉིད་ཀྱི་གོང་མའི་སྒྲུབ་གནས་སུ་ལྷ་ཁང་བཞེངས་ཏེ། དགོན་པ་ལྷུན་གྲུབ་ཆོས་རྫོང་གླིང་བཏབ། དེའི་སྤྲུལ་སྐུ་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་ཨ་རིག་སར་ཡབ་བསྟན་འཛིན་དང་ ཡུམ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་ཆུ་ཁྱི་ལོར་འཁྲུངས། བདེ་ཆེན་དུ་ཐུགས་གཉེར་གནང་ནས་ཁྲི་ཡང་བསྐྱངས། དབུས་སུ་ཕེབས། ཁྲི་ངག་དབང་ཆོས་འཕེལ་ལ་རྣམ་འགྲེལ་ཞུས། མདོ་སྨད་དུ་ཕེབས་ནས་སློབ་མ་བསྐྱངས་ཏི་ཆོས་བཀའ་མང་དུ་གནང་། རྗེ་གསེར་ཁང་བའི་ཐུགས་ཟིན་གྱི་སློབ་མར་གྱུར་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། འདི་བར་སྤྲུལ་སྐུ་གཉིས་བྱུང་། གཅིག་མདོ་སྨད་ཁྲི་ཀའི་ཉེ་འཁྲིས་རུ་ངན་ཁག་གསུམ་དུ་ལྩགས་ཕག་ལ་འཁྲུངས། མཚན་ལ་དགེ་འདུན་བསྟན་པ་རབ་རྒྱས་ཟེར། གཞན་དེ་ལྡོང་ཤུལ་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན། བདུད་ཤུལ་མང་དུ་མཆེད་པ་ལས། བདུད་ཤུལ་ཀླུ་ཚང་ཚོ་བ་བཞིར་གྲགས་པའི་ནང་ཡབ་རྡོ་རྗེ་དང་ཡུམ་འབའ་རྡེའུ་གཉིས་ ཀྱི་སྲས་སུ་རབ་བྱུང་བཅུ་བཞིའི་ལྕགས་ཁྱི་སྤྱི་ལོ་༡༨༥༠ལོར་འཁྲུངས། སྐྱབས་རྗེ་༧ཤིང་བཟང་རིན་པོ་ཆེ་ནས་རྙེ་གོང་མའི་སྤྲུལ་སྐུར་ཐུགས་ཐག་བཅད། ཉིད་ཀྱི་ཕུ་བོ་རྭ་རྒྱའི་བླ་མ་ཀླུ་རྩེ་ཚང་གིས་རྭ་རྒྱར་ཁྲིད་ནས་ཤིང་བཟའ་དཔོན་ སློབ་ལ་ཕུལ། དེ་ནས་རྭ་རྒྱར་ཚོགས་ཞུགས་མཛད་དེ་ཐུགས་གཉེར་གནང་། ཤིང་བཟའ་དཔོན་སློབ་ལས་ཆོས་བཀའ་མང་དུ་གསན། ཚོགས་ཆེན་གྱི་ཁྲི་ཡང་མཛད། རྗེས་སུ་བླ་མ་འདི་བ་ཕྱིར་རང་ཡུལ་དུ་ཕེབས་ནས་ཀླུ་ཚང་གི་ལྷ་སྡེ་མི་སྡེ་ཀུན་ གྱིས་འདོད་མོས་ནན་ཞུས་ལྟར་རབ་བྱུང་བཅོ་ལྔ་བའི་ས་མོ་གླང་ལོར་ཀླུ་ཚང་དགོན་ གསར་འདེབས་ཀྱི་དབུ་ཚུགས། རྙེ་བློ་བཟང་མཁས་གྲུབ་བསྟན་འཛིན་གྱི་སྐབས་སུ་དགོན་པ་འདི་ཉིད་ཆེས་ཆེར་དར། ཡིག་ཆ་སྒོ་མང་དང་། ཕྱག་སྲོལ་རྭ་རྒྱ་དང་བླ་བྲང་དགོན་ལྟར་ཡིན། དགེ་བའི་བཤེས་གཉེན་ཡང་དགོན་པ་དེ་གཉིས་གང་རུང་ནས་གདན་འདྲེན་ཞུ་བ་དང་། བླ་མ་ཡང་རྙེ་ཀླུ་རྩེ་གཉིས་དང་། འཇའ་མོ་ཆོས་རྗེ་གཉིས། སྐུ་འབུམ་དགེ་བཤེས་དང་། སྐྱི་གཉིས། བཅས་ཀྱིས་ལེགས་པར་རིམ་བཞིན་བསྐྱངས། ལོ་རབས་ལྔ་བཅུ་བར་བོད་ས་སྤྱི་ཡོངས་ལྟར་དགོན་པ་འདིའང་རྒྱ་ནག་དམར་པོའི་གཞུང་ གིས་ལྷག་མེད་དུ་བཅོམ་པ་དང་བླ་མ་རྙེ་ཚང་གཙོ་བྱས་པའི་དགོན་པ་འདིའི་བླ་གྲྭ་ ཡོངས་ལ་བཙོན་འཇུག་དང་དམར་གསོད་ཀྱི་སྦྱོར་བ་ཤིན་ཏུ་ཡ་ང་བར་བརྩམས་ཡོད། ཕྱི་ལོ་༡༩༨༡ལོར་བླ་མ་ཆོས་རྗེ་ཚང་གཙོ་བྱས་པའི་སྔོན་གྱི་གྲྭ་བ་རྒན་པ་ཁག་ཅིག་ སྟེ། ཨ་ཁུ་གྲགས་པ་དང་། བློ་གྲོས་དཔལ་བཟང་། དགེ་འཕེལ། དགེ་བཤེས་བྱམས་པ་འཕྲིན་ལས། དགེ་འདུན་ཆེ་ཆུང་གཉིས། དར་རྒྱས་ཆེ་ཆུང་གཉིས། འཇམ་དབྱངས། ཡོན་ཏན། ཆོས་གྲགས། བྱམས་པ་རྒྱ་མཚོ་སོགས་ཀྱི་དཀའ་སྤྱད་འབད་བརྩོན་དང་དུ་བླངས་ཏེ་དགོན་པ་བསྐྱར་ བཞེངས་ཀྱིས་དེང་གི་ཆར་མང་འབའ་བྱ་གསུམ་གཙོ་བོར་གྱུར་པའི་མདོ་སྨད་ཁུལ་གྱི་ས་ གནས་མ་འདྲ་བ་དུ་མ་ནས་བླ་མ་དང་གྲྭ ་བ་མང་དུ་འདུས་ཏེ་མཚན་སྙན་གྱི་བ་དན་ཕྱོགས་སར་རྒྱས་ཡོད།
མང་རའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་།
ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་།
ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ནི་སྤྱི་ལོ༡༦༨༢ལོར་བཏབ་ ཅིང༌། ད་བར་ཧ་ལམ་ལོ་ངོ༣༠༠ལྷག་གི་ལོ་རྒྱུས་ལྡན། དེ་ཡང་ལཱ་མོ་བདེ་ཆེན་ཞེས་པ་ནི་ལཱ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་ མཆོག་གི་དགེ་སྒྲུབ་ཀྱི་བསྟི་གནས་ཡིན་པས་དེ་ལྟར་ཐོགས་སྐད། ལཱ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་མཆོག་ནི་དབུས་གཙང་ཁུལ་གྱི་ལཱ་མོ་ རིན་ཆེན་སྒང་བྱ་བར་སྐུ་འཁྲུངས་ཤིང༌། ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་གི་ཐོག་མའི་ཆགས་ཡུལ་ནི་གཅན་ཚ་རྫོང་གི་ཁོངས་ མགུར་གྲོང་ཚོ་ཡིན་མོད། འོན་ཀྱང་ཕྱིས་སུ་ལཱ་མོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ མཆོག་ནས་བཟུང་ད་ལྟའི་བདེ་ཆེན་གྲོང་ཚོ་ལ་སྤར་བར་མ་ཟད། ལཱ་མོ་སྐུ་ཕྲེང་རིམ་པས་བླ་ན་མེད་པའི་ཉམས་གསོ་མཛད་པས། དེ་རིང་གི་ཆོས་སྡེ་འདི་ཉིད་ཆགས་པ་རེད། དགོན་ཆེན་འདིའི་ཉིང་ལག་ལྟར་ཆགས་པའི་གྲོང་སྡེ་མ་ཎི་རྡོ་ལུང་དང་ཉི་རིང༌།གོང་ མོ་ཐང༌། སྤྱང་ཚང་ཁ་བཞི་ནི་གནས་མཆོག་འདིའི་རི་ཆུ་ནགས་གསུམ་ལ་སོ་སྲུང་བྱེད་པའི་ཚོ་ ཆེན་བཞི་རུ་གྲུབ་པ་དང་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ནི་གྲོང་སྡེ་ཚོ་ཆེན་བཞི་ ཡི་དཀྱིལ་དབུས་ན་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་དང་འདྲ་བར་དད་ལྡན་འགྲོ་ བའི་རྒྱན་དུ་ཆེ། གཞན་ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན། ལཱ་མོ་བདེ་ཆེན་གྱི་སྐུ་རྟེན་ཐམས་ཅད་ལ་རང་སྐྱ་འཕེར་བའི་ཁྱད་རྟགས་དང༌། ལྐོག་གྱུར་གྱིས་ཁེངས་པའི་ཚོས་མདངས། ཡིད་དུ་འོང་བའི་ངག་རྒྱུན་རེ་ཡོད་ཟེར། ཁྱད་པར་དུ་ལཱ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་ རྒྱལ་མཚན་མཆོག་གིས་དབུས་གཙང་ནས་སྔ་རྗེས་སུ་སྤྱན་རས་གཟིགས་ཀྱི་སྐུ་རྟེན་དང༌། ཕོ་བྲང་པོ་ཏཱ་ལའི་ཁྱད་ནོར་ཏུ་འབོད་པའི་སྒྲོལ་མའི་སྐུ། ཙན་དན་དམར་པོའི་རྒྱུ་ལས་བཞེངས་པའི་སྤྱན་རས་གཟིགས་ཀྱི་སྐུ། གསེར་གྱི་མཆོད་སྡོང་དང་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་ལ་ སོགས་པའི་རིན་ཐང་བྲལ་བའི་སྐུ་རྟེན་སུམ་བརྒྱ་ལྷག་སྤྱན་དྲངས་པས་ལོ་རྒྱུས་ སྟེང་བླ་བྲང་ཆོས་ཀྱི་མཛོད་དང༌། ལཱ་མོ་བདེ་ཆེན་རྟེན་གྱི་མཛོད་ཞེས་སྙན་པའི་གྲགས་པ་ཡོད།
མདོ་སྨད་གནས་ཆེན་རྨ་འགྲམ་ལོ་རྡོ་རྗེ་བྲག
ལོ་རྡོ་རྗེ་བྲག་ནི་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་ རྡོ་རྗེས་བྱིན་གྱིས་བརླབས་ཤིང༌། ས་སྐྱ་ཀུན་དགའ་རྒྱལ་མཚན་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ། གྲུབ་པའི་དབང་ཕྱུག་ལོ་ཁོག་ཐོག་འཛིན། ལྕང་སྐྱ་གོང་མའི་དངོས་སློབ་སྤྲེལ་ནག་པ་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས། ཆོས་རྗེ་སྤོད་གྲགས་པའི་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོ། ལཱ་མོ་གོང་ས་ཞབས་དྲུང་དཀར་བོ་སྐུ་ཕྲེང་རིམ་བྱོན་དང༌། ཁྲི་རྒྱ་ནག་པ་སྐུ་ཕྲེང༌། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དང་དེའི་དངོས་སློབ་རོང་ནི་གུ་གྲུབ་ཆེན། རོང་བོ་མཁན་ཆེན་དགེ་འདུན་རྒྱ་མཚོ། ཀུན་མཁྱེན་འཇིགས་མེད་དབང་བོ་དང་འཇིགས་མེད་རྒྱ་མཚོ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡབ་རྗེ་གསེར་ཁང་བ། སྒྲུབ་པ་ལ་རྒྱལ་མཚན་འཛིན་པ་ཐར་ཤུལ་སྐུ་ཕྲེང༌། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ། སྒོ་མང་བལ་མ་སྐུ་ཕྲེང་དང༌། མོག་ཚང་སྐུ་ཕྲེང༌། སྐྱབ་རྗེ་བླ་ཁོ་རྡོ་རྗེ་འཆང་དང་བཀའ་དྲིན་འཁོར་མེད་སྐྱབས་རྗེ་ཡོངས་འཛིན་རིན་ པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་མང་བོ་ཕེབས་ནས་བྱིན་ གྱིས་བརླབས་ཤིང་ཐུབ་པའི་བསྟན་པ་རིན་པོ་ཆེ་སྤེལ་བར་མཛད་པའི་གནས་འགངས་ཆེན། ལྷ་ལུང་དཔལ་གྱི་རྡོ་རྗེའི་ལྕགས་ཀྱི་མདའ་གཞུ་དང་སངས་རྒྱས་གླང་བོའི་རིང་ བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་མཆོད་རྟེན་འབུམ་ཁང་འཇའ་འོད་མ་དང༌། སྒོམ་ཆེན་ ལྷ་ཁང་དང༌། བྱམས་ཁང༌། རྒྱལ་བ་རྡོ་རྗེ་འཆང་གི་ལྷ་ཁང༌། རིགས་གསུམ་མགོན་པོའི་ལྷ་ཁང༌། མི་ལ། སྨན་བླ། མི་འཁྲུགས་པ་དང༌། ཨོ་རྒྱན་རིན་པོ་ཆེ། སྒྲོལ་མ། ཚེ་དཔག་མེད་སོགས་ཀྱི་ལྷ་ཁང་བྲག་སྐེད་དུ་ངོ་མཚར་བར་བཀོད་པ་ལེགས་ཤིང༌། སྤྱི་བསྡོམས་པས་ལྷ་ཁང་བཅུ་གཉིས་དང༌། གླས་གསུམ་སྡེ་དྲུག་གིས་འབད་པས་བཞེངས་པའི་གཙུག་ལག་ཁང་ཆེན་མོ་ཆོས་ཀྱི་དགེ་ སྦྱོར་ལ་གཞོལ་བའི་བསམ་གཏན་པའི་ཁང་བུ་བཅུ་ཕྲག་ལྷག་བཅས་ཡོད་ལ། སྐྱབས་རྗེ་བླ་ཁོ་རྡོ་རྗེ་འཆང་གནས་འདིར་ཕེབས་ནས་བཀྲ་ཤིས་གསོ་སྦྱོང་གནང་ཏེ་ རྟེན་འབྲེལ་ཁྱད་པར་ཅན་འགྲིག་པས་ལོ་རྡོ་རྗེ་བྲག་འདི་ལ་རྣམ་དག་ཚུལ་ཁྲིམས་ གླིང་ཞེས་དགོན་པ་ཞིག་མཚན་བཏགས་གནང༌།
 
 
༄༅། མདོ་སྨད་སྤྱི་བཤད།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334