དོལ་རྒྱལ་ཚོགས་པའི་དམིགས་ཡུལ་དང་སྤེལ་བཞིན་པའི་ཞི་ དྲག་བྱེད་སྤྱོད་ཁག་ལས་ཁོ་པ་ཚོའི་དངོས་ཤུགས་བརྒྱུད་གསུམ་གྱི་རྟེན་གཞི་གཙོ་ བོ་དེ་རྒྱ་ནག་གཞུང་ལ་བརྟེན་ཡོད་པ་བཙན་བྱོལ་གཞུང་དམངས་གཉིས་ནས་ཤེས་རྟོགས་ བྱུང་ཡོད། དེ་ཡང་ས་སྟག་ཕྱི་ལོ་༡༩༩༨ཟླ་༡༢ ཚེས་༢༤ ཉིན་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཆེ་གཉིས་པ་ཏའུ་ཝི་ཆིང་བཟའ་ ཚང་གཉིས་གསང་སྟབས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གྷོ་འདོད་རྒུའི་གླིང་བོད་ མིའི་གཞིས་ཆགས་ལ་གནས་ཚུལ་རྟོག་ཞིབ་ཏུ་བསྐྱོད་སྐབས། ལམ་བར་དཀའ་ངལ་མི་འབྱུང་བ་དང་ལས་དོན་ཚེགས་མེད་དུ་འགྲུབ་ཕྱིར་ལྡི་ལིར་ཡོད་ པའི་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་པའི་དོལ་ཚོགས་ནས་སྣེ་ཤན་དང་སྣེ་ལེན་བྱས་ འདུག་པ་དེས་དོལ་ཚོགས་དང་རྒྱ་གཞུང་བར་འབྲེལ་བ་གཏིང་ཟབ་ཡོད་པ་ར་འཕྲོད་གསལ་པོ་ བྱུང་ཡོད། དེ་བཞིན་ས་ཡོས་ཕྱི་ལོ་༡༩༩༩ལོའི་ཟླ་༡ ཚེས་༢༨ ཉིན་པེ་ཅིང་དུ་ཡོད་པའི་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཆེན་ཟེར་ བའི་ནང་དུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང༌། མི་རིགས་ཆོས་དོན་ལས་ཁུངས་སོགས་ཚན་པ་ཁག་མཉམ་སྦྲེལ་གྱིས་ྋཀུན་གཟིགས་པཎ་ཆེན་ ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་གཤེགས་ནས་ལོ་ངོ་བཅུ་འཁོར་ བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་བསྐོང་འཚོགས་བྱས་ཡོད། ཚོགས་འདུ་དེའི་རྣམ་པ་ནི་ྋཔཎ་ཆེན་རིན་པོ་ཆེར་རྗེས་དྲན་ཀྱི་མཛད་སྒོའི་ཚོགས་ འདུ་ཞིག་ཏུ་སྣང་ཡང༌། དོན་དངོས་ཐོག་རྒྱ་ནག་དབང་འཛིན་པ་ཚོས་ྋཔཎ་ཆེན་རིན་པཽ་ཆེ་མཆོག་གིས་སངས་རྒྱས་ ཀྱི་བསྟན་པ་རིན་པོ་ཆེ་དང་བོད་མིའི་གཞི་རྩའི་ཐོབ་ཐང༌། མི་རིགས་འདྲ་མཉམ། སྐད་ཡིག་དང་རིག་གཞུང་སོགས་ཀྱི་ཆེད་དུ་སྐུ་སྲོག་ཚུན་བློས་བཏང་མཛད་པའི་བྱང་ ཆུབ་སེམས་དཔའི་རླབས་ཆེན་གྱི་སྤྱོད་པར་བརྩི་བཀུར་དང་རྗེས་དྲན་ཞུ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ྋཔཎ་ཆེན་རིན་པོ་ཆེས་སྐུ་ཚེ་གང་བོར་རྒྱལ་གཅེས་རིང་ལུགས་ཀྱི་ དར་ཆ་མཐོན་པོར་བསྒྲེངས་ལུགས་དང༌། རྒྱལ་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ཤུལ་འཛིན་དང་དར་སྤེལ་གནང་ཚུལ། རྒྱ་ནག་གུང་ཁྲན་ཏང་ལ་ཁ་ཞེ་གཉིས་མེད་ཀྱིས་བརྩི་བཀུར་དང་རྒྱབ་སྐྱོར་གནང་གི་ ཡོད་ལུགས་སོགས་ལོག་བཤད་སྣ་ཚོགས་བྱས་ཏེ། ྋཔཎ་ཆེན་རིན་པོ་ཆེའི་བླ་ན་མེད་པའི་རྣམ་དཀར་གྱི་མཛད་པ་མཐའ་དག་ནག་བསུབ་ཏུ་ གཏོང་རྒྱུའི་སྡིག་ལས་ཚབས་ཆེན་བསགས་པ་དང༌། ཕྱོགས་གཞན་ཞིག་ནས་ྋགོང་ས་མཆོག་གིས་ཐུགས་ཐག་བཅད་པའི་ྋཔཎ་ཆེན་ཆུང་སྲིད་རིན་ པོ་ཆེ་སྦས་གསང་བྱས་ཏེ། རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་ངོས་འཛིན་བྱས་པའི་པཎ་རྫུན་རྒྱལ་མཚན་ ནོར་བུ་བཞུགས་ཁྲིའི་སྟེང་ཏུ་བཞག་ནས་ཚོགས་ཞུགས་པ་དག་ལ་མཇལ་ཁ་དང་ཁ་བཏགས་ བསྒྲོན་དུ་བཅུག་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དད་གུས་བྱེད་དགོས་པའི་ བཙན་བཀའ་ཡང་བཏང་ཡོད། དེ་ལྟར་ན་རྗེས་དྲན་ཚོགས་འདུ་དེ་རྒྱ་ནག་དབང་འཛིན་པ་ཚོས་ཆབ་སྲིད་ཀྱི་དགོས་ མཁོ་དང་བོད་མི་རིགས་ལ་མགོ་སྐོར་གཏོང་ཕྱིར་ཆེད་དུ་བསྐོང་བའི་ངན་སྤྱོད་ཀྱི་ རིམ་པ་ཞིག་ལས། ྋཔཎ་ཆེན་སྐུ་ཕྲེང་བཅུ་པར་རྗེས་སུ་ཡི་རང་དང༌། དགའ་གུས་དད་ཞེན་ཆེ་དྲགས་ནས་བསྐོང་འཚོགས་བྱས་མེད་པ་གསལ་ལ། བོད་ཀྱི་ྋརྒྱལ་བ་ཡབ་སྲས་ལ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་དད་གུས་ཙམ་བྱེད་ ཆོག་པའི་ཆོས་དད་ཀྱི་རང་དབང་དང་ཐོབ་ཐང་ཡང་མེད་པ་བཟོས་པ་མཚོན་ཡོད། དེ་བས་ཀྱང་ཡ་མཚན་པ་ཞིག་ལ་ལོ་ངོ་དུ་མའི་རིང་ྋགོང་ས་མཆོག་དང་ཁོང་གི་སྐུ་ཚབ་ ཚོགས་པ་སོགས་བཙན་བྱོལ་གཞུང་གི་ཡིག་འབྲེལ་ཙམ་ཡང་རྒྱ་ནག་གིས་དང་ལེན་བྱེད་དཀའ་ བའི་འགག་སྒོ་བཙན་པོ་དེ། བཙན་བྱོལ་ཁྲོད་ཀྱི་གངས་ཅན་བླ་མས་མཚོན་པའི་དོལ་རྒྱལ་ཚོགས་པའི་སྦྱིན་བདག་ཁག་ དང༌། དོལ་ཕྲུག་རྣམས་ལ་དུས་རྟག་ཏུ་ཕེབས་བསུའི་སྒོ་ཆེན་ཞིག་ཏུ་གྱུར་ཏེ་འགྲོ་འོང་ བྱས་དང་བྱེད་བཞིན་པ་ལྟར་ཐེངས་འདིའི་རྗེས་དྲན་ཚོགས་འདུ་ཟེར་བ་དེར་ཡང་མཉམ་ ཞུགས་བྱས་ཤིང༌། པཎ་ཆེན་རྫུན་མར་མཇལ་དར་ཡང་འཐེན་ཡོད། དེ་བཞིན་དོལ་རྒྱལ་ཚོགས་པའི་བྱེད་གཏེ་ང་བླ་མ་བློ་བཟང་ཡེ་ཤེས་ཟེར་བ་ཆུ་རྟ་ ཕྱི་ལོ་༢༠༠༢ཟླ་ ༧ པའི་ནང་རྒྱ་ནག་ཏུ་ཕྱིན་ནས་བལ་ཡུལ་དུ་ཕྱིར་འཁོར་མ་ཐག ཁོ་པར་རྒྱ་འདྲེ་ཁོག་ཏུ་བརླམས་པའི་ཉོན་མོངས་ཀྱི་མེ་ལྕེ་སྙིང་ཁོང་ནས་འཕྱུར་ ཏེ། ཟླ་དེའི་ཚེས་༡༩ ཉིན་རྒྱ་ནག་དང་མཉམ་འབྲེལ་སྒོས་གསར་འགོད་ལྷན་ཚོགས་ཤིག་བསྐོང་འཚོགས་ཀྱིས་ སྤེལ་བའི་ཚུལ་མཐའ་དག་ཚེས་༢༠ ཉིན་གྱི་བལ་ཡུལ་ཚགས་པར་«ཀ་ཐི་མན་ཀྲོ་»ཞེས་པའི་སྟེང་བཀོད་ཡོད་པ་དང༌། དེ་ཡང་ང་བླ་མས་«ྋཏཱ་ལའི་བླ་མར་ཆོས་དད་རང་དབང་སྤྲོད་དགོས་»ཞེས་པའི་བརྗོད་ གཞི་ལས་འཕྲོས་ཏེ། བྱབྱཏཱ་ལའི་བླ་མས་ཁོང་ཚོར་མུ་མཐུད་སུན་འབྱིན་དང༌། མནར་གཅོད་གཏོང་གི་འདུགབྱབྱ ཅེས་དང༌། བྱབྱཏཱ་ལའི་བླ་མས་བོད་མིའི་སྤྱི་ཚོགས་ནང་ཤུགས་ལྡན་བསྟེན་གསོལ་བཀག་འདོམས་ ཀྱི་བཀའ་རྒྱ་ཕྱིར་བསྡུ་བྱས་ཏེ་ཆོས་དད་རང་དབང་སྤྲོད་དགོས།བྱབྱ ཅེས་དང༌། བྱབྱཏཱ་ལའི་བླ་མ་དང༌། རྡ་རམ་ས་ལར་ཡོད་པའི་ཁོང་གི་དམག་མིས་ང་ཚོ་ལྟ་བུའི་ཤུགས་ལྡན་བསྟེན་གསོལ་བྱེད་ མཁན་ལ་སུན་འབྱིན་གྱིས་བོད་མིའི་སྤྱི་ཚོགས་ནང་འཇིགས་སྐྲག་གི་གནས་ཚུལ་བཟོ་ བཞིན་འདུགབྱབྱ ཅེས་དང༌། བྱབྱཤུགས་ལྡན་ནི་དུས་རབས་བཅོ་ལྔའི་ནང་ྋརྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་བྱུང་ བའི་ཐེག་པ་ཆེན་པོའི་ལྷ་སྲུང་ཞིག་ཡིན་པ་མ་ཟད། བོད་དང་རྒྱལ་སྤྱིའི་ནང་བོད་མིའི་གནའ་དུས་ནས་དད་པ་ཡིད་ཆེས་བྱེད་ཡུལ་ཞིག་ཏུ་ གྱུར་ཡོད།བྱབྱ ཅེས་དང༌། བྱབྱཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྲིད་གཞུང་གིས་ཕྱི་ལོ་༡༩༩༦ ཟླ་ ༣ ཚེས་ ༢༦ ཉིན་གློ་བུར་དུ་ཤུགས་ལྡན་བསྟེན་མི་ཆོག་པའི་བཀའ་རྒྱ་ཕབ་ཡོད།བྱབྱ ཅེས་དང༌། བྱབྱརྡ་རམ་ས་ལའི་གཞུང་གི་སྐུ་ཚབ་ཚོས་དགོན་སྡེ་ཁག་དང༌། མི་སྒེར་གྱི་ཁྱིམ་ཚང་བཅས་ནས་ཤུགས་ལྡན་གྱི་འདྲ་སྐུ་དང༌། སྣང་བརྙན་སོགས་ཕྱིར་བཏོན་ནས་རྩ་གཏོར་གཏོང་འགོ་བཙུགས་པ་རེད།བྱབྱ ཅེས་དང༌། བྱབྱཏཱ་ལའི་བླ་མ་ནི་ས་ངྷམ་ཧུ་སེན་ལྟ་བུའི་སྲིད་དབང་སྒེར་འཛིན་བྱེད་མཁན་ཞིག་ རེད།བྱབྱ ཟེར་བ་སོགས་སེམས་ལ་གང་ཤར་དང་ཁ་ནས་གང་ཐོན་གྱིས་གཞི་མེད་སྐུར་འདེབས་ཞུས་པའི་ དམིགས་ཡུལ་ནི། སྤྱི་ཚོགས་ཁྲོད་ྋགོང་ས་མཆོག་གིས་དབུས་པའི་བཙན་བྱོལ་བོད་གཞུང་ལ་མཚན་མཐོང་ངན་ པ་བཟོ་བའི་ཆེད་ཡིན་ཏེ། དཔེར་ན། བྱབྱཏཱ་ལའི་བླ་མས་ཆོས་ལུགས་ཀྱི་དམག་རྒྱག་བཞིན་ཡོད་བྱབྱཅེས་པའི་བརྗོད་གཞི་ ལས་འཕྲོས་ཏེ། ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་མཁན་ཨ་རི་བ་ཚོས་ཕྱི་ལོ་༢༠༠༠ ལོའི་ཟླ་༩ པའི་ཚེས་༡༡ ཉིན་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་བྱེད་པ་དེ་ཤུགས་ལྡན་དང་འབྲེལ་བ་ཡོད་ པར་བསྟན་པ་ཡིན་ན། ཁོང་དགའ་ཐག་ཆོད་རྒྱུ་རེད། དེ་བཞིན་རྒྱ་གར་དང༌། བལ་ཡུལ་གཞུང་གཉིས་ནས་ཉེ་ཆར་གྷུ་ཇུ་ར་ཏིའྀ་མི་གསོད་ཁྲག་སྦྱོར་དང༌། བལ་ཡུལ་དུ་མའོ་རིང་ལུགས་པའི་ཟིང་འཁྲུག་བྱུང་བ་དེ་དག་ཤུགས་ལྡན་བསྟེན་གསོལ་ མུ་འཐུད་བྱས་པར་བརྟེན་ནས་བྱུང་བ་ཞིག་ཏུ་སྨྲས་ཚེ། ཏཱ་ལའི་བླ་མར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་རྒྱུ་ཡིན། ད་ལྟ་རྒྱ་གར་དང༌། བལ་ཡུལ་གྱི་དཔོན་རིགས་དང༌། སྐོར་བྱ་བ་ལྐོག་ཟ་རུལ་སུངས་བྱེད་མཁན་དེ་ཚོས་བཙན་བྱོལ་བོད་མིའི་སྲིད་གཞུང་ དང་ལག་སྦྲེལ་བྱེད་ཀྱི་ཡོད་སྲིད་པ་ཞིག་ཡིན། འོན་ཀྱང་ནམ་ཞིག་སྲིད་གཞུང་དེ་གཉིས་ནས་བོད་མིའི་གཞུང་དང་ལག་སྦྲེལ་བྱེད་པ་ནི་ ནོར་འཁྲུལ་ཡིན་པ་ཤེས་རྟོགས་ཡོང་རྒྱུ་རེད། གང་ཡིན་ཟེར་ན༌། ཤུགས་ལྡན་བསྟེན་གསོལ་བཀག་འདོམས་བྱེད་པ་དེ་ནི་རྒྱ་གར་དང༌། བལ་ཡུལ་གྱི་ས་ཐོག་ཁོ་ཚོས་རྒྱ་མི་རིགས་ལ་དགྲར་འཛིན་གྱི་ལས་འགུལ་སྤེལ་བ་དེ་ དག་སྦས་འགེབས་བྱེད་རྒྱུའི་ཆེད་དུ་ཡིན། བྱ་སྤྱོད་འདི་དག་གིས་རྒྱ་གར་དང༌། བལ་ཡུལ་གཉིས་ནས་རྒྱ་ནག་མཉམ་འབྲེལ་ལམ་བཟང་དུ་གཏོང་རྒྱུར་ཕན་གྲོགས་སུ་འགྱུར་ གྱི་ཡོད་དམ། ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་ཆེ་ཤོས་འདི་དང་འབྲེལ་ལམ་བཟང་དུ་བཏང་ན། ཡུན་རིང་གི་བརྟན་ལྷིང་དང༌། ཞི་བདེར་ཕན་གྱི་མེད་དམ། དྲི་བ་འདི་དག་གི་ལན་ནི་འབྲེལ་ཡོད་རྒྱལ་ཁབ་གཉིས་ནས་གསལ་པོ་མཁྱེན་གྱི་རེད། ད་ལྟའི་གནས་སྐབས་སུ་རྒྱ་གར་དང༌། བལ་ཡུལ་གྱི་མི་རིགས་ཚོས་རྒྱ་ནག་ནང་འཇིགས་སྐུལ་དྲག་སྤྱོད་རིགས་སྤེལ་བའི་གནས་ ཚུལ་བྱུང་མེད། ཏཱ་ལའི་བླ་མའི་གསང་མྱུལ་ཚོས་རྒྱ་མི་རིགས་ལ་དགྲར་འཛིན་གྱི་འཇིགས་སྐུལ་ལས་ འགུལ་སྤེལ་རྒྱུར་རྒྱ་གར་དང༌། བལ་ཡུལ་གྱི་ས་ཆ་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་ ཡོད། ལས་འགུལ་དེ་ལོ་རབས་དྲུག་ཅུ་པའི་འགོ་སྟོད་ཙམ་ནས་མུ་མཐུད་སྤེལ་བཞིན་ཡོད་པ་ རེད། དེ་ཡང་སྔོན་མ་བལ་ཡུལ་གྱི་ས་མཚམས་གློ་ཁུལ་དང༌། ད་ཆ་བལ་ཡུལ་གྱི་རྒྱལ་ས་ཀ་ཋ་མན་ཀྲུའི་ནང་ལྐོག་ལྐོག་སུད་སུད་ཀྱིས་སྤེལ་གྱི་ ཡོད། རྒྱ་གར་དུ་ཡོད་པའི་བཙན་བྱོལ་བའི་གཞིས་སྒར་ཁག་ཏུ་དེ་ལྟར་ལས་འགུལ་བྱེད་ཀྱི་ ཡོད་པ་ནི་སྨོས་ཅི་དགོས། དེས་ན་རིང་པོར་མ་ཐོགས་པར་བོད་མིའི་འགོ་ཁྲིད་དང༌། ཨོ་ས་མ་བྷིན་ལ་ཌྷིན་གཉིས་གྲལ་བསྟར་གཅིག་ཏུ་འཇོག་རྒྱུ་ངེས་པས། དེ་ལྟར་བྱུང་ན་ཡ་མཚན་སྐྱེ་དགོས་དོན་ཅི་ཡང་མེད། གང་ཡིན་ཟེར་ན། ཨོ་ས་མ་ཡང་ཆོས་ལུགས་ཀྱི་དམག་རྒྱག་མཁན་ཞིག་ཡིན་པས། དེའི་དམིགས་ཡུལ་ནི་རང་ཉིད་ལ་ཆབ་སྲིད་དང༌། ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབང་ཚད་འཐོབ་རྒྱུའི་ཆེད་དུ་ཡིན། ཞེས་སོགས་བཀོད་ཡོད། དེ་བཞིན་གནས་ཚུལ་དེ་ཟླ་༧ ཚེས་༢༠ ཉིན་«ཧི་མ་ལ་ཡའི་དུས་བབ་»ཅེས་པའི་ཚགས་པར་སྟེང་དུ། ང་བླ་མས། བོད་མིའི་བཙན་བྱོལ་སྲིད་གཞུང་དང༌། དགོན་སྡེ་ཁག་གི་ནང་རྒྱ་ནག་དགྲར་འཛིན་གྱི་ལས་འགུལ་སྤེལ་བཞིན་པ་དང༌། ཏཱ་ལའི་ཕྱོགས་ཁག་གིས་མཚན་མོར་དགོན་པའི་ནང་འཛུལ་ཞུགས་བྱས་ཏེ། ཤུགས་ལྡན་གྱི་འདྲ་སྐུ་གཏོར་བཤིག་དང༌། ཤུགས་ལྡན་བསྟེན་མཁན་ཚོར་རྡུང་རྡེག་གཏོང་བཞིན་ཡོད་པ་དང༌། རྡ་སའི་གཞུང་གི་མི་སྣས་བོད་ཀྱི་རྩ་དོན་ཐོག་དཀའ་ངལ་རྒྱག་མཁན་ཁྲོད་ནས་ཤུགས་ ལྡན་བསྟེན་སྲོལ་བྱེད་མཁན་རྣམས་བསད་པ་དང༌། རྒྱ་བལ་གཉིས་ཀྱི་བོད་མིའི་དགོན་སྡེ་ཁག་ཏུ་གནས་སྡོད་མི་བཅུ་བོད་གཞུང་གི་ གསོད་རྒྱུའི་ཐོ་གཞུང་ནང་གསལ་ཡོད། དེའི་ཁོངས་སུ་བལ་ཡུལ་ཤུགས་ལྡན་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་བླ་མ་དང༌། ང་བླ་མ་ཁོ་རང་ཡང་ཡོད། ཅེས་སོགས་བཤད་པ་བཀོད་འདུག དེ་རྗེས་ང་བླ་མས་ཆུ་རྟ་ཕྱི་ལོ་༢༠༠༢ཟླ་ ༡༡ ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ྋགོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་དང༌། ལོག་ལྟའི་རྫུན་གཏམ། སྐུར་འདེབས། འཁྱོག་བཤད་ཡ་ང་བ་བྱས་པའི་དབྱིན་ཡིག་ཤོག་ལྷེ་བཞི་ཅན་ཞིག་འགྲེམས་སྤེལ་བྱས་ཏེ། ྋགོང་ས་མཆོག་གིས་བོད་མི་རིགས་རིག་གཞུང་དང་འཛམ་གླིང་ཞི་བདེར་སྨན་པའི་རྣམ་ དཀར་གྱི་མཛད་འཕྲིན་མཐའ་དག་ལ་གཞི་མེད་ཀྱི་སྐྱོན་བརྗོད་དང་ལོག་བཤད་སྣ་ཚོགས་ བྱས་ཏེ། ྋགོང་ས་མཆོག་གི་མཚན་སྙན་གཅོག་ཐབས་དང༌། བཙན་བྱོལ་བོད་གཞུང་ཐོར་ཞིག་ཏུ་འགྲོ་བར་རྔམས་པའི་འཆལ་གཏམ་རིམ་པར་སྤེལ་ཡོད། ལྕགས་སྦྲུལ་ཕྱི་ལོ་༢༠༠༡ལོའི་ཟླ་༡༢ པའི་ནང༌། ལྡི་ལིའི་དོལ་རྒྱལ་ཚོགས་པའི་བོད་དྲུང་ཕག་རི་བ་ཕུན་ཚོགས་ཟེར་བ་བོད་དུ་ བསྐྱོད་སྐབས་རྒྱ་གཞུང་ནས་རླངས་འཁོར་མང་དག་ཅིག་བཏང་སྟེ་དགའ་བསུ་བྱས་པ་འདི་ ལྟ་བུ་བོད་གཞུང་གི་སྐུ་ཚབ་ཚོགས་པ་ལའང་བྱུང་མེད། དེ་མཚུངས་ཆུ་རྟ་ཕྱི་ལོ་༢༠༠༢ཟླ་༣ པར་བལ་ཡུལ་དུ་གནས་སྡོད་བྱེད་མཁན་ཆ་ཕྲེང་སྟོབས་རྒྱལ་བོད་དུ་བསྐྱོད་ཡོད་པ་ དང༌། ལོ་དེའི་ཕྱི་ཟླ་༤ བའི་ནང་ལ་གྲྭ་སྒོམ་བླ་མ་བོད་དུ་བསྐྱོད་དེ་ཁམས་ཕྱོགས་སུ་དོལ་རྒྱལ་ཁྱབ་སྤེལ་ བྱས་ནས་ཟླ་ངོ་གཉིས་ཙམ་བསྡད་ཅིང༌། ལོ་དེའི་ཕྱི་ཟླ་༧ པའི་ནང་དུ་དཀོན་མཆོག་རྒྱལ་མཚན་དང༌། བལ་ཡུལ་རྒྱལ་ཡོངས་ཤུགས་ལྡན་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་བླ་མའམ་ཆོས་མཛད་ བསྟན་རྒྱལ་ཟེར་བ་གཉིས་རྒྱ་ནག་པེ་ཅིན་དུ་ཕྱིན་པ་དང༌། ཕྱི་ཟླ་༡༠ པའི་ནང་ཁོ་པ་གཉིས་བསྐྱར་ཏུ་པེ་ཅིན་དང་བོད་ཀྱི་ས་ཁུལ་ཁག་ཅིག་ལ་བསྐྱོད་ཅིང༌། དེ་དང་ཆབས་ཅིག་བལ་ཡུལ་ཤུགས་ལྡན་ཚོགས་པའི་ཚོགས་གཞོན་དམན་ལྷག་པའམ་ཝ་སུན་རྡ་ར་ དང༌། བལ་ཡུལ་དུ་སྡོད་མཁན་དོལ་རྒྱལ་ཚོགས་པའི་ཚོགས་མི་བློ་བཟང་ཐོགས་མེད་སོགས་ཀྱང་ གཅིག་རྗེས་གཉིས་འཐུད་ཀྱིས་བོད་དུ་བསྐྱོད་ཡོད་ལ། ལོ་དེར་གངས་ཅན་བླ་མ་རྒྱ་གཞུང་གི་གདན་ཞུས་ལྟར་བོད་དང་རྒྱ་ནག་ཏུ་ཕྱིན་ཏེ་པཎ་ ཆེན་རྫུན་མར་ཡང་ཡང་ཐུག་འཕྲད་བྱས་པ་མ་ཟད། གཞིས་རྩེ་ཉེ་འགྲམ་གྱི་གངས་ཅན་ཟེར་བའི་ས་གནས་སུ་ཁོ་པས་དགོན་པ་ཞིག་གསར་རྒྱག་ བྱས་ཤིང༌། དེའི་མཛད་སྒོ་ལ་པཎ་ཆེན་རྫུན་མ་གདན་འདྲེན་ཞུས་ཡོད། མདོར་ན། དོལ་རྒྱལ་གྱི་གནད་དོན་འདི་ཐོག་མར་བོད་མི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་ནའང༌། དོལ་རྒྱལ་བ་རེ་ཟུང་གིས་གནད་དོན་འདི་བཟུང་ནས་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་ ཕྱིད་ཐབས་བྱ་ཆེད་བསྟན་དགྲ་རྒྱ་དམར་ལ་སྐྱབས་བཅོལ་ནས་གནད་དོན་འདི་སྔར་ལས་ རྙོག་གཞི་ཆེ་རུ་བཏང་སྟེ། དེང་སྐབས་དོལ་རྒྱལ་གྱི་གནད་དོན་འདི་བོད་མི་ནང་ཁུལ་གྱི་གནད་དོན་ཞིག་གམ། ཆོས་ལུགས་ཀྱི་གནད་དོན་ཞིག བླ་སྤྲུལ་རེ་ཟུང་གི་ལྟ་སྤྱོད་ཀྱི་གནད་དོན་ཞིག་མ་ཡིན་པར་བོད་ཀྱི་ཆོས་སྲིད་ གཉིས་དང༌། བདེན་དོན་འཐབ་རྩོད། རྒྱ་བོད་འབྲེལ་ལམ་སོགས་ལ་ཐད་ཀར་འབྲེལ་བའི་རྙོག་གཞི་ཞིག་ཆགས་ཡོད། དེའི་རྐྱེན་རྩ་གཅིག་ནི། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ྋགོང་ས་མཆོག་དང༌། བཙན་བྱོལ་གཞུང་དམངས་ཁ་བྲལ་རིང་ལུགས་པ་དང༌། འཇིགས་སྐུལ་རིང་ལུགས་པའི་གྲས་སུ་འཇོག་ཅི་ཐུབ་ཀྱིས་རྩ་གཏོར་གཏོང་རྒྱུའི་ སྲིད་བྱུས་བཟུང་ཞིང༌། ཕྱོགས་གཞན་ཞིག་ནས་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གཞི་མེད་ཀྱི་སྐྱོན་ འཛུགས་དང་འཆལ་གཏམ་སྤེལ་མཁན་དོལ་རྒྱལ་པ་རྣམས་ལ་ བྱཕྱི་གྱར་བོད་རིགས་སྤུན་ཟླ་བྱ དངོས་ཀྱི་འདུ་ཤེས་བཟུང་སྟེ་བོད་རིགས་ནང་ཁུལ་ བྱནང་ཞིག་བྱབྱེད་པའི་སྣེ་འཁྲིད་དེ་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་ནུས་ ཤུགས་གཅོག་ཐབས་བྱེད་པའི་སྲིད་ཇུས་དེ་ནི་མའོ་ཙེ་ཏུང་གིས། བྱབྱདགྲ་བོས་ངོ་རྒོལ་བྱེད་ས་ཞིག་ཡིན་ཕྱིན། ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་དང༌། དགྲ་བོས་རྒྱབ་སྐྱོར་བྱེད་ས་ཞིག་ཡིན་ཕྱིན། ང་ཚོས་ངོ་རྒོལ་བྱེད་དགོས།བྱབྱ ཟེར་བ་དང༌། བྱབྱདགྲ་བོའི་དགྲ་བོ་ནི་ང་ཚོའི་གྲོགས་པོ་ཡིན། བྱབྱ ཟེར་བ། བྱབྱདགྲ་བོ་ཕམ་པར་བྱ་ཆེད་མཐུན་སྒྲིལ་བྱ་ཐུབ་པའི་སྟོབས་ཤུགས་ཡོངས་རྫོགས་ལ་ མཐུན་སྒྲིལ་བྱ་དགོས།བྱབྱ ཟེར་བ་ལྟར། དོལ་རྒྱལ་རྗེས་འབྲང་བ་རྣམས་ བྱབོད་པས་བོད་པ་གཅུན་པ་བྱཟེར་བའི་སྲིད་བྱུས་ཀྱི་གཡོ་ཟོལ་འོག་ཏུ་ཚུད་པ་ཞིག་ མ་ཡིན་པར། ྋགོང་ས་མཆོག་དང་བོད་གཞུང་དམངས་ལ་ཡུལ་དུས་གནས་སྟངས་ཚོད་རྩིས་ཀྱིས་བསྟན་དགྲ་ རྒྱ་དམར་ལ་མགོ་འདོགས་བྱས་ཡོད་པ་བོད་མི་ལར་ཞེན་ཅན་ཡོངས་ཀྱིས་གསལ་རྗེན་དུ་ མཁྱེན་གལ་ཆེའོ། །
དོལ་རྒྱལ་ཚོགས་པའི་དཔལ་འབྱོར་གྱི་ཡོང་ཁུངས།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཕྱིའི་རྒྱལ་ཁབ་ཁག་ནས་རོགས་དངུལ་ཡོང་སྟངས་ དེ་རིགས་གཉིས་སུ་དབྱེ་ཆོག་པ་སྟེ། གཅིག་ནི་ྋགོང་ས་མཆོག་གི་འཚེ་མེད་ཞི་བའི་མཛད་བྱུས་དང་འབྲེལ་བའི་བོད་དོན་ལ་ རྒྱབ་སྐྱོར་དང༌། བཙན་བྱོལ་བོད་མི་ལ་སྙིང་ཉེ་དང་ཤ་ཚའི་རྣམ་པ་མཚོན་པའི་རོགས་དངུལ་ཡོང་ཁུངས་ ཤིག་དང༌། ཕྱོགས་གཞན་ཞིག་ནི་བོད་མིའི་སྤྱི་ཚོགས་ཀྱི་གོང་བུའི་ནུས་པ་གཏོར་བཤིག་གིས་ བསྟན་སྲིད་མི་རིགས་དང་བཅས་པ་ཤུལ་མེད་དུ་བཟོ་བར་དམིགས་པའི་རོགས་དངུལ་གྱི་ ཡོང་ཁུངས་བཅས་ཡིན། དང་པོ་ནི། ས་ཕག་ཕྱི་ལོ་༡༩༥༩ལོར་རྒྱ་ནག་དམར་པོས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་པའི་ཉེར་ ལེན་ལས་ྋགོང་ས་མཆོག་གིས་དབུས་བོད་མི་འབུམ་ཕྲག་ཉེ་བ་རྒྱ་གར་འཕགས་པའི་ཡུལ་ གྱིས་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་འབྱོར་བ་དང༌། ྋགོང་ས་མཆོག་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་མི་འགྲོ་བའི་ཆེད་ བཙན་བྱོལ་བོད་གཞུང་གསར་འཛུགས་ཀྱིས་དེང་དུས་ཡར་ཐོན་ཅན་གྱི་དམངས་གཙོའི་རྒྱལ་ ཁབ་ཁག་གི་ལམ་ལུགས་ལྟར་བོད་མི་ཡོངས་ལ་ཐོང་ཐང་དང་རང་དབང༌། ཆེ་མཐོང་དང་འདྲ་མཉམ་སོགས་སྤྱི་མཚུངས་དང་གཅིག་གྱུར་གྱི་སྒྲིག་གཞི་གཏན་འབེབས་ མཛད་དེ་གཞིས་ཆགས་དང༌། སློབ་གྲྭ། དགོན་སྡེ། སྨན་ཁང༌། བཟོ་གྲྭ། རྒན་གསོ་ཁང་སོགས་གསར་འཛུགས་བསྐྱངས་ཏེ་བོད་མི་རིགས་རིག་གཞུང་དང་བཅས་པ་ཆེས་ཛ་ དྲག་གི་གཉན་འཕྲང་ལས་སྐྱོབ་ཐབས་མཛད་པ་དང་དུས་མཚུངས་རྒྱ་གར་གཙོས་ཕྱི་རྒྱལ་ ཡུལ་གྲུ་ཁག་ཅིག་ནས་བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དང༌། ཆེས་ཉམ་ཐག་པའི་སྐྱབས་བཅོལ་བོད་མིའི་འཚོ་བའི་དཀའ་སྡུག་སེལ་ཐབས་དང༌། གཞོན་སྐྱེས་རྣམས་ལ་ཤེས་ཡོན་སློབ་སྦྱོང་སོགས་ཀྱི་ཆེད་སྒོ་གང་ས་ནས་དཔལ་འབྱོར་ གྱི་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པ་དེ་དག་གི་བཀའ་དྲིན་ནི་གཞལ་དུ་ མེད། གཉིས་པ་ནི་ྋགོང་ས་སྐྱབས་མགོན་ཆེན་པོའི་མཚན་སྙན་གཟི་བརྗིད་གཅོག་ཐབས་དང༌། མཛད་བྱུས་རྣམས་ལམ་ལྷོང་དུ་མི་གཏོང་བ། བཙན་བྱོལ་བོད་མིའི་རྡོག་རྩ་ཆིག་སྒྲིལ་གྱི་གོང་བུ་གཏོར་བཤིག་གཏོང་ཐབས་སུ་རང་ གི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་ཇི་མི་སྙམ་ཞིང༌། དགྲ་གཉེན་ངོ་མི་ཆོད་པའི་རང་རིགས་ཀླད་མེད་ཉུང་ཤས་བེད་སྤྱོད་ཀྱིས་ྋགོང་ས་ མཆོག་དང༌། བོད་གཞུང་གིས་ཁོ་ཚོར་བཙན་བྱོལ་བ་སྤྱི་མཚུངས་ལྟར་ཐོབ་ཐང་དང་རང་དབང་སོགས་ སྤྲོད་ཀྱི་མེད་པའི་སྐུར་འདེབས་དང་དཀྲོགས་གཏམ་ཤོད་དུ་བཅུག་པ་མ་ཟད། མི་གསོད་ཁྲག་སྦྱོར་སོགས་ཀྱི་ཆེད་མཐུན་འགྱུར་རོགས་དངུལ་ཕོན་ཆེ་བཏང་དང་གཏོང་ བཞིན་པ་དེ་རེད། དེའི་ཕྱིར་རོགས་དངུལ་ཡོང་ཁུངས་ཕྱི་མ་དག་དང་འབྲེལ་ནས་ྋསྤྱི་ནོར་ྋགོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང༌། བཙན་བྱོལ་གཞུང་དམངས་གཉིས་ཀྱི་མཛད་བྱུས་ལངས་ཕྱོགས་ལ་དུས་དང་རྣམ་པ་ཀུན་ཏུ་ འགལ་བ་ལྟག་སྤྲོད་བྱེད་དགོས་པ་ཡིན་སྟབས། དོལ་ཕྲུག་ཚོར་རྒྱ་གཞུང་ནས་དངུལ་དངོས་ཕོན་འབོར་ཅི་ཙམ་ཐོབ་མིན་དེ་ཡང་མདོར་ བསྡུས་ནས་བཤད་ན། ཁོང་ཚོས་རྒྱལ་ཕུང་དམངས་གནོད་ཀྱི་སྤྱོད་ངན་ཅི་ཙམ་སྤེལ་ཐུབ་མིན་དེ་ལ་རག་ལུས་ ཡོད། དེ་ཡང་བལ་ཡུལ་དང་རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གཉིས་བརྒྱུད་ནས་ དོལ་ཕྲུག་ཚོས་རོགས་དངུལ་མཐུན་འགྱུར་བླངས་དང་ལེན་བཞིན་ཡོད་པ་དཔེར་མཚོན་ཙམ་ བཀོད་ན། ཆུ་རྟ་ཕྱི་ལོ་༢༠༠༢ཟླ་༧ ཚེས་༡༩ ཉིན་ང་བླ་མས་གསར་འགོད་ཚོགས་འདུ་ཞིག་བལ་ཡུལ་གྱི་རྒྱལ་ས་ཀ་ཋ་མན་གྲུར་བསྐོང་ ཚོགས་བྱས་པ་དེའི་འགྲོ་སོང་དང༌། གསར་འགོད་པ་ཚོར་ཟ་ཁང་ལེགས་གྲས་ཤིག་ཏུ་གསོལ་སྟོན་བཤམས་པའི་འགྲོ་གྲོན་ཇི་སོང་ བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་ནས་ནར་གཏོང་བྱས་ཡོད་པ་དང༌། དེ་བཞིན་ལོ་དེའི་ཕྱི་ཟླ་༡༡།༡༢ ནང་དཀོན་མཆོག་རྒྱལ་མཚན་དང༌། ཆ་ཕྲེང་ཡེ་ཤེས། རྣམ་རྒྱལ་བླ་མ་བཅས་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་དུ་སྔ་ཕྱིར་ཐེངས་གསུམ་ཙམ་ ཕྱིན་ཡོད་པ་དང༌། ལོ་དེར་བལ་ཡུལ་ནས་དོལ་རྒྱལ་ཚོགས་པས་«མང་གཙོའི་དུས་བབ་»ཅེས་པའི་ཚགས་པར་ལས་ ཁུངས་ཤིག་གསར་འཛུགས་བྱས་པར་མཐུན་འགྱུར་རོགས་རམ་ཞུས་དོན་ལྟར་རྒྱ་གཞུང་ནས་ཁས་ ལེན་བྱས་ཏེ་ད་ལྟ་ཚགས་པར་དེ་འདོན་འགོ་ཚུགས་ཡོད་པ་སོགས་རེད། བལ་ཡུལ་དོལ་རྒྱལ་ཚོགས་པ་དང་ལྡི་ལི་དོལ་རྒྱལ་ཚོགས་པ་གཉིས་ནི། དོལ་ཕྲུག་ཚོས་བྱ་ངན་སྤེལ་སའི་སྒྲིག་འཛུགས་རང་བཞིན་གྱི་གཞི་རྟེན་གཙོ་བོ་ཡིན་ པས། བལ་ཡུལ་དོལ་རྒྱལ་ཚོགས་པའི་ཟླ་རེའི་ཁང་གླར་སྒོར་ཁྲི་གཉིས་དང༌། ལས་བྱེད་གསུམ་གྱི་ཟླ་ཕོགས་དང་ཁང་གླ་བཅས་རྒྱ་དམར་གཞུང་ཚབ་ཁང་ནས་སྤྲོད་བཞིན་ ཡོད་ལ། དེ་བཞིན་ལྡི་ལི་དོལ་རྒྱལ་ཚོགས་པས་ལྕགས་སྦྲུལ་ཕྱི་ལོ་༢༠༠༡ལོར་ཧིན་སྒོར་འབུམ་ སུམ་ཅུ་ལྷག་སྤྲད་དེ་ལྡི་ལི་གསར་པར་ཁང་པ་གསར་ཉོ་བྱས་པའི་འགྲོ་གྲོན་རྒྱ་དམར་ གཞུང་ཚབ་ཁང་བརྒྱུད་ནས་བླངས་ཡོད་པས་ན། དེ་སྔོན་དོལ་རྒྱལ་ཚོགས་པས་ལྡི་ལི་བོད་སྒར་དུ་ཡོད་པའི་ཆ་ཕྲེང་མགྲོན་ཁང་ལ་མེ་ བྱི་ཕྱི་ལོ་༡༩༩༦ལོ་ནས་ཁང་གླ་ཟླ་རེར་ཧིན་སྒོར་བཞི་ཁྲི་ལྔ་སྟོང་རེ་སྤྲད་དེ་ ལྕགས་སྦྲུལ་ཕྱི་ལོ་༢༠༠༡བར་བསྡད་པའི་འགྲོ་གྲོན་མཐའ་དག་གི་སྦྱིན་པའི་བདག་པོ་ སུ་ཡིན་ཡང་གོང་གསལ་གནས་ཚུལ་རྣམས་ལ་གཟིགས་ན་སུས་ཀྱང་ཤེས་ངེས་རེད། |