༄༅།།བོད་གཞུང་ཆོས་རིག་ལས་ཁུངས་ནི་བཙན་བྱོལ་བོད་གཞུང་ གི་འཛིན་སྐྱོང་སྒྲིག་འཛུགས་ཁོངས་ཀྱི་བློན་ཆེན་ལས་ཁུངས་ཤིག་ཡིན།འདིའི་ལས་ འགན་གཙོ་བོ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་ རིག་གཞུང་རྣམས་ཉམས་པ་སླར་གསོ་དང༌།མི་ཉམས་རྒྱུན་འཛིན།ཆོས་རིག་དང་འབྲེལ་བའི་ སྲིད་བྱུས་རྣམས་ལག་བསྟར་དང༌།ལས་ཁུངས་འདིའི་ཁྱབ་ཁོངས་དགོན་སྡེའི་སྒྲིག་ འཛུགས་ཁག་ལ་ལམ་སྟོན་དང་མཐུན་འགྱུར་ཞུ་རྒྱུ་བཅས་ཡིན། ཕྱི་ལོ་༡༩༥༩ཟླ་༤ཚེས་༢༧ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋསྤྱི་ནོར་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མ་སུ་རིར་ཆོས་དོན་ལྷན་ཚོགས་ཀྱི་མཚན་ ཐོག་དབུ་འཛུགས་གནང་བ་ནས་བཟུང་ལས་ཁུངས་འདིའི་ལས་འགོ་བརྩམས།དེ་ནས་ཕྱི་ལོ་༡༩༦༠ ཟླ་༥ཚེས་༣༠ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཞུགས་སྒར་དང་བོད་གཞུང་གི་རྟེན་ གཞི་དྷརྨཤལཱར་གནས་སྤོས་ཤིང༌།བཙན་བྱོལ་བོད་གཞུང་འདི་ཉིད་མང་གཙོའི་སྒྲིག་ འཛུགས་སུ་བསྒྱུར་སྐབས།ཕྱི་ལོ་༡༩༥༩ཟླ་༩ཚེས་༡༢ཉིན་ཆོས་དོན་ལྷན་ཚོགས་དེ་ཉིད་ འཛིན་སྐྱོང་སྡེ་ཚན་གྱི་ལྷན་ཁང་གཙོ་ཆེ་ལྔ་ཡི་ནང་ནས་གཅིག་ཆགས་པ་རེད། ད་ལྟའི་ཆར་བློན་ཆེན་ལས་ཁུངས་བདུན་གྱི་ནང་ནས་གཅིག་ཡིན་ལ།བཀའ་བློན་ཞིག་གིས་ ལས་ཁུངས་འདི་ཉིད་འཛིན་སྐྱོང་གནང༌།ད་བར་ལས་ཁུངས་འདིར་བཀའ་བློན་༡༤བྱུང་ཞིང༌། ད་ལྟ་མཛད་འཁུར་བཞེས་བཞིན་པའི་བཀའ་བློན་བཅོ་ལྔ་པ་ནི་ཟླ་རྒྱས་ཚང་ཚེ་རིང་ཕུན་ ཚོགས་མཆོག་ཡིན།ཁོང་ནི་བཙན་བྱོལ་བོད་གཞུང་སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་ འདེམས་གནང་སྟེ་ཕྱི་ལོ་༢༠༠༦ཟླ་༡༠ཚེས་༥ནས་ཕྱག་ལས་དབུ་འཛུགས་གནང༌། ཆོས་རིག་ལས་ཁུངས་སུ་དེབ་བསྐྱེལ་བྱུང་བ་རྒྱ་བལ་འབྲུག་གསུམ་དུ་དགོན་པ་༢༢༣ལ་ ལམ་སྟོན་བཏང་འཛིན་དང༌།དགེ་བཙུན་ཞལ་གྲངས་༣༠༠༠༠སྐོར་གྱི་བདེ་དོན་ལ་གཟིགས་ སྐྱོང་གནང་གི་ཡོད། གོང་གསལ་དགོན་སྡེའི་སྒྲིག་འཛུགས་ཙམ་མིན་པར།ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ སུ་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་མཁན་རིག་ གཞུང་གི་བསྟི་གནས་ཁང་རྡ་ས་བོད་གཞུང་ཟློས་གར་ཚོགས་པ་དང༌།ལྡི་ལི་བོད་ཁང༌།ཝ་ ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང༌།རྡ་ས་བོད་ཀྱི་དཔེ་མཛོད་ ཁང༌།རྡ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང༌།རྡོར་གླིང་འཇམ་ དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་བཅས་ཡོད། དམིགས་ཡུལ། བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དམིགས་ཡུལ་མཐར་ཐུག་ནི་བོད་ཀྱི་ཆོས་དང་རིག་ གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་རྒྱུ་དང༌། ༡་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ལམ་སྟོན་གཞིར་ བཟུང་ཆོས་རིག་དང་འབྲེལ་བའི་སྲིད་བྱུས་ལག་བསྟར་ཞུ་རྒྱུ། ༢་ བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཕན་ཚུན་འབྲེལ་ལམ་དང་ཆིག་སྒྲིལ་སྔར་ལྷག་གནས་ ཐབས་གནང་རྒྱུ། ༣་ བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་བོད་ཀྱི་ཆོས་སྡེ་དང༌།ལྷ་ ཁང༌།རིག་གཞུང་བསྟི་གནས་བཅས་ལ་མཐུན་འགྱུར་ཞུ་རྒྱུ།༵ ༤་ བོད་ཀྱི་ཆོས་དང་རིག་གཞུང་འབྲེལ་བའི་ལྷན་ཚོགས་ཁག་བསྐོང་རྒྱུ་དང༌།གཞན་གྱིས་ གྲ་སྒྲིག་གནང་བའི་ཆོས་དང་རིགས་གཞུང་འབྲེལ་བའི་ཚོགས་འདུ་རྣམས་སུ་ཞུགས་རྒྱུ། ༥་ ཕྱི་རོལ་པའི་ཆོས་ལུགས་ཁག་གི་གལ་འགངས་ཆེ་བའི་ཆོས་ཚོགས་ཁག་དང༌།ཕྱི་རྒྱལ་དུ་ ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་དང་འབྲེལ་ལམ་ཞུ་རྒྱུ། ༦་ ཆོས་རིག་དང་འབྲེལ་བའི་ཉམས་ཞིབ་ལས་དོན་ཁག་ལ་རོགས་རམ་དང་ལག་བསྟར་བྱ་རྒྱུ། ༧་ བཙན་བྱོལ་དུ་སླར་གསོ་བྱུང་བའི་བོད་ཀྱི་ཆོས་སྡེ་ཁག་ལ་ཤེས་ཡོན་དང་འབྲེལ་བའི་ མཐུན་འགྱུར་རོགས་རམ་ཞུ་རྒྱུ། ༨་ བོད་བརྒྱུད་ནང་བསྟན་གྱི་དབང་ལུང་མན་ངན་དཀོན་རིགས་རྣམས་སླར་གསོ་དང་རྒྱུན་ འཛིན་སླད་མཐུན་འགྱུར་ཞུ་རྒྱུ། ༩་ རྒས་ཁོག་དང༌།ནད་པ།འཚོ་ཐབས་དཀའ་ངལ་ཅན་གྱི་དགེ་བཙུན་དང༌།མཚམས་བསྙེན་བཞུགས་ མཁན་རྣམས་ལ་གཟིགས་སྐྱོང་གནང་རྒྱུ། ༡༠་ བོད་བསྟན་སྲིད་མི་རིགས་སྤྱིའི་དོན་དུ་ཆོས་ཕྱོགས་ཀྱི་ལས་དོན་ཁག་བསྒྲུབ་རྒྱུ་ བཅས་སོ།། |