Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
བོད་མི་མང་སྤྱི་འཐུས་ཟུར་བ་དགེ་བཤེས་སྒོ་མང་བསྟན་པ་ལགས་འདས་གྲོངས།

ཉེ་ཆར་མོན་གྷོམདོ་སྨད་ས་ གནས་རྒྱུན་ལས་ནས་འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གནས་ཚུལ་ བརྒྱུད་གཏོང་གནང་བ་བཞིན་བོད་མི་མང་སྤྱི་འཐུས་ཟུར་བ་དགེ་བཤེས་སྒོ་མང་བསྟན་པ་ ལགས་ཕྱི་ལོ་༢༠༡༠ལོའི་ཕྱི་༥ཚེས་༢༧དང་བོད་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་ལ་ རང་ཤགས་སུ་དགོངས་པ་རྫོགས་པའི་གནས་ཚུལ་འབྱོར་འདུག

སྤྱི་ཟུར་སྒོ་མང་བསྟན་པ་ལགས་ནི་ཕྱི་ལོ་༡༩༣༨ལོར་མདོ་སྨད་མང་རའི་ཀླུ་ཚང་དུ་ སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ཐོག་ཀླུ་ཚང་དགོན་པར་ཚོགས་ཞུགས་མཛད། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ སྒོར་ཞུགས། ༡༩༥༩ལོར་རྒྱ་གར་བྱང་རྒྱུད་ས་མཚམས་སྦག་སར་བྲོས་བྱོལ་དུ་འབྱོར། ༡༩༦༩ལོར་དགོན་པ་སྦག་ས་ནས་ལྷོ་ཕྱོགས་གཞིས་ཆགས་སུ་སྤོར་སྐབས་གྲྭ་ཚང་གི་གཉེར་ བ་སོགས་ཕྱག་ལས་སྣ་མང་མཛད།

༡༩༧༣ ལོ་ནས་མོན་གྷོ་ས་གནས་བོད་རང་དབང་བདེན་པའི་ཚོགས་ཆུང་དུ་ཕྱག་ལས་གནང༌། ༡༩༧༤ ལོར་གྲྭ་ཚང་གི་འདུ་ཁང་རྙིང་བ་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་ཀྱི་ཁུར་ བླངས་ཏེ་ལེགས་བསྒྲུབ་བགྱིས། ༡༩༧༧ ལོར་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ལེགས་གྲུབ་བྱུང་བར་འབྲས་སྤུངས་ཁྲི་བས་ དམིགས་བསལ་གྱི་བསྔགས་པ་དང་ལེགས་སྐྱེས་གནང༌། ༡༩༧༤ ནས་༡༩༧༨ བར་གྲྭ་ཚང་གི་ཕྱག་མཛོད་ལས་ཁུར་བཞེས། ༡༩༧༨ ནས་ལོ་གཉིས་ལ་མོན་གྷོ་ས་གནས་བོད་རང་དབང་བདེན་པའི་ཚོགས་ཆུང་གི་ཚོགས་གཞོན་ དང༌། དེ་ནས་ལོ་གཉིས་ལ་ཚོགས་གཙོའི་འགན་ཁུར་ཏེ་སྲི་ཞུ་བསྒྲུབས། ༡༩༨༢ ལོ་ནས་མདོ་སྨད་སྤྱི་འཐུས་ལོ་ལྔར་གནང༌། ༡༩༨༧ ལོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེས་ཐད་བསྐོས་གནང་སྟེ་སྐབས་དགུ་བའི་མདོ་སྨད་ སྤྱི་འཐུས་ཀྱི་ལས་ཁུར་བླངས། ༡༩༨༨ ལོར་སྐབས་བཅུ་བའི་སྤྱི་འཐུས་སུ་ཆོལ་ཁ་དང་ཆོས་ལུགས་གཉིས་ཀའི་ཁོངས་སུ་འོས་ གྲངས་དང་པོ་ཐོབ་སྟེ་རང་མོས་ལྟར་དགེ་ལུགས་སྤྱི་འཐུས་གནང༌། ༡༩༩༠ ལོར་སྐབས་བཅུ་གཅིག་པའི་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་གནང་སྟེ་ ༡༩༩༥བར་རྡ་སར་རྒྱུན་བཞུགས་མཛད།

༡༩༩༥ ལོར་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཚོགས་འདུར་ ཉི་ཧོང་དུ་ྋགོང་ས་མཆོག་གི་སྐུ་ཚབ་ཏུ་ཕེབས། ༡༩༩༩ ནས་ ༢༠༠༣ བར་གྲྭ་ཚང་གི་འདུ་ཁང་གསར་བའི་མཐུན་རྐྱེན་འཚོལ་སྒྲུབ་སོགས་འགན་ཆ་ཚང་ཁུར་ཏེ་ ནང་རྟེན་མཆོད་རྫས་སོགས་མ་ཚང་མེད་པ་ལེགས་སྒྲུབ་མཛད། ༢༠༠༠ ལོར་འོས་བསྡུ་འགན་འཛིན་ལས་འཕར་ཏུ་ྋགོང་ས་མཆོག་གིས་ཐད་བསྐོས་བགྱིས། ༡༩༩༩ ནས་ ༢༠༠༨ བར་གྲྭ་ཚང་གི་མ་འོངས་འཛིན་སྐྱོང་ཚོགས་པའི་འགན་འཛིན་ཐེངས་གསུམ་ལ་མཛད་དེ་གྲྭ་ ཚང་ལ་ཕན་ཐོགས་རྒྱ་ཆེ་བྱུང་བ་སོགས་མདོར་ན་རྒན་ཁོང་གིས་རང་ལས་གཞན་གཙོ་བ་དང་ སྒེར་ལས་སྤྱི་གཙོ་བའི་གནས་ལུགས་ཐུགས་ལ་བཅང་སྟེ་སྐུ་ཚེ་ཧྲིལ་བོ་སྤྱི་དོན་དུ་ ཕུལ་མཐར་དགུང་ལོ་དོན་གཉིས་བཞེས་པ་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༧ ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་ལ་དགོངས་པ་རྫོགས་པ་བཅས་ལོ་རྒྱུས་སྙིང་ བསྡུས་སུ། །