༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཞི་པའི་ཚེས་སུམ་ཅུ་རེས་གཟའ་པ་སངས་ཀྱི་ ཉིན།བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་།བཙན་ བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ།དེ་བཞིན་སྤྱི་སྒེར་ཚོགས་སྡེ་ཁག་གི་འགན་འཛིན་དང་འཐུས་ཚབ་རྣམ་པ། སེར་སྐྱ་བོད་མི་མང་ནས་རྡ་རམ་ས་ལའི་དྷ་རི་ཐང་ཆེན་དུ་རྒྱ་གར་ཧི་མ་ཅལ་ གཞུང་གིས་འདས་པའི་ལོ་ངོ་ལྔ་བཅུའི་རིང་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ རྗེས་དྲན་ཀྱི་མཛད་སྒོ་ཞིག་ཚོགས་གནང་ཡོད་ལ། ཉིན་གཉིས་པ་སྟེ་ཕྱི་ལོ༢༠༡༠ལོའི་ཟླ༥ཚེས༡ཉིན་བཞུགས་སྒར་ཁུལ་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དེ་བཞིན་དུ་འཚོགས་ཡོད། ཚུལ་ཞིག་ལ་གསན་རོགས༎