ཕྱི་ལོ༢༠༠༩ལོའི་མདོ་སྨད་ཚོགས་ཆེན་གྱི་གྲོས་ཆོད་ཁག་གི་དོན་ཚན་གསུམ་པའི་ནང་གསེས་གཉིས་པའི་
 |
བརྗོད་དོན་གཏན་འབེབས་ལྟར་ཕྱི་ལོ༢༠༡༡ལོའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་སྔོན་འགྲོའི་འོས་གཞི་ཚད་ལྡན་ཡོང་ ཐབས་སུ་དམིགས་བསལ་མདོ་སྨད་ཚོགས་ཆེན་ཞིག་བསྡུ་བསྐོང་དགོས་རྒྱུའི་གཏན་འབེབས་གྲོས་ཆོད་གཞིར་བཟུང་ “ཕྱི་ལོ༢༠༡༠ལོའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་པའི་དམིགས་བསལ་ཚོགས་ཆེན།” འདི་ཉིད་བོད་ རྒྱལ་ལོ༢༡༣༧ཕྱི་ལོ་༢༠༡༠ལོའི་ཟླ༣པའི་ཚེས་༡༤ནས་༡༦བར་ཉིན་གྲངས་གསུམ་རིང་འཕགས་ཡུལ་ཀིརྟིའི་བྱེས་ པ་གྲྭ་ཚང་དུ་ “བཙན་བྱོལ་བོད་གཞུང་སྲ་བརྟན་ནུས་ལྡན་དང་བོད་དོན་བདེན་མཐའ་མྱུར་བར་གསལ་ཐབས་སུ་ཕྱི་ ལོ༢༠༡༡ལོར་ཤེས་འཇོན་གཉིས་ལྡན་གྱི་བཀའ་བློན་ཁྲི་བ་ཚད་ལྡན་ཞིག་ཡོང་ཐབས་སོགས་” ཀྱི་བརྗོད་གཞིའི་ཐོག་འཚོགས་པ་ཞིག་ཡིན་ལ། ཚོགས་འདུའི་དབུ་འཛུགས་ཉིན་གྱི་སྐུ་མགྲོན་གཙོ་བོར་རོང་ཆེན་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་མདོ་སྨད་དབུས་རྒྱུན་ཚོགས་ཟུར་རྒྱལ་རོང་
ཟླ་བ་ཚེ་རིང་། དེ་བཞིན་བཞུགས་སྒར་རྡ་སའི་ས་གནས་འགོ་འཛིན་དང་། ས་གནས་གྲོས་འཚོགས། གཞུང་འབྲེལ་མ་ཡིན་པའི་
ཚོགས་སྡེ་ཁག མདོ་སྨད་ཆོལ་ཁའི་དབུས་ས་གཉིས་ཀྱི་འགན་འཛིན་དང་རྒྱུན་ལས།
འཐུས་ཚབ་སོགས་མཉམ་ཞུགས་བྱས་ཡོད།


ཉིན་དེ་དག་གི་རིང་གྲོས་གཞི་ཁག་ལ་གྲོས་ཆོད་བྱུང་བ་གཤམ་གསལ།
ཀ༽༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་སྐོར།
༡ འཛམ་གླིང་ཞི་བདེའི་དེད་དཔོན་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༧སྤྱི་ནོར༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་དབུས་གཞུང་གཙོས་ཕྱི་ནང་གི་མི་སྣ་རེ་ ཟུང་གིས་རྒྱ་གཞུང་གི་བརྙན་འཕྲིན་དང་དྲ་རྒྱ་ཚགས་པར་སོགས་ཀྱི་བརྒྱུད་ལམ་ཁག་ ཏུ་མཚན་སྨད་སྐུར་འདེབས་བྱས་དང་བྱེད་བཞིན་པར་མདོ་སྨད་གཞིས་བྱེས་གཉིས་ཀྱིས་ ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
༢ ༧གོང་ས་མཆོག་གི་བཀའ་གསུང་ཇི་ཕེབས་ལ་དམ་གཙང་ལྷད་མེད་ཀྱིས་ཤར་བསྐྱོད་དང་། ལོ་རེར་མདོ་སྨད་དབུས་ས་གཉིས་ཀྱིས་འཆར་ཅན་ཞབས་རིམ་གང་ཐུབ་བསྒྲུབས་ཏེ་སྒྲུབ་ ཐོ་ཁག་སྐུའི་འཁྲུངས་སྐར་སྔོན་གྱི་ཕྱི་ཟླ་༦ཚེས་༡༥ལས་མི་འགྱངས་པར་མདོ་སྨད་ དབུས་རྒྱུན་ལ་ངེས་འབུལ་ཞུས་ཏེ་དབུས་རྒྱུན་ནས་དུས་ཐོག་སྒྲུབ་ཐོ་ཁག་ཕྱོགས་ སྡོམ་གྱིས་སྐུ་སྒེར་ཡིག་ཚང་སོགས་འབྲེལ་ཡོད་ལྷན་ཁང་ཁག་ལ་ངེས་འབུལ་ཞུ་རྒྱུ་ དང་། མདོ་སྨད་དྲ་ཐོག་ཏུ་ཁྱབ་བསྒྲགས་གནང་རྒྱུ།
༣ ༧གོང་ས་མཆོག་གི་དགུང་ནའི་བབ་དང་བསྟུན་ཏེ་དོན་ཆུང་མཇལ་བཅར་རིགས་དང་། ལོ་རེར་འཆར་ཅན་སྐུའི་འཕྲོད་བཞེས་དང་ངལ་གསོའི་དུས་ཚོད་གཏན་ཁེལ་གནང་རྒྱུ། དེ་བཞིན་ཕྱི་ནང་ཡུལ་གྲུ་གང་སར་ཆིབས་བསྒྱུར་གནང་སྐབས་གནམ་ཐང་སོགས་སུ་སྐུ་ སྲུང་སྔར་ལས་འཐུས་ཚང་སྒོས་སྐུའི་སྲུང་བྱར་ནན་ཏན་གཙིགས་འཛིན་བྱེད་རྒྱུར་ འབྲེལ་ཡོད་ལས་ཁུངས་ཁག་ལ་འབོད་སྐུལ་ཞུ་རྒྱུ།
ཁ༽ ༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྐུ་ཚེ་གང་བོར་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་ཏེ་སྐུ་གཤེགས་ནས་བགྲང་བྱ་ཉི་ཤུ་འཁོར་ བར་མྱ་ངན་གུས་འདུད་དང་སྐུ་ཕྲེང་བཅུ་གཅིག་པ་མཆོག་མྱུར་དུ་གློད་གྲོལ་ཡོང་ཐབས་ སྐོར།
༡ ༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་གོང་བཀུར་རྗེས་དྲན་ཆེད་མདོ་སྨད་གཞིས་བྱེས་གཉིས་ནས་དུས་དང་རྣམ་པ་ཀུན་ཏུ་བོད་སྐད་གཙང་མ་ཤོད་རྒྱུ་ དང་། མདོ་སྨད་པ་སུ་ཞིག་ཡིན་ཡང་རང་ཁྱིམ་དུ་ཁོང་གི་སྐུ་པར་མཆོད་བཤམས་བྱ་རྒྱུ། དེ་བཞིན་མདོ་སྨད་ཆོལ་ཁའི་ཚོགས་ཆེན་ནམ་འཚོགས་ལ་སྐུ་ཕྲེང་བཅུ་བ་མཆོག་ལ་ཆེད་ དམིགས་ཀྱིས་མྱ་ངན་གུས་འདུད་ཞུ་རྒྱུ།
༢ མདོ་སྨད་དབུས་རྒྱུན་ཁྱབ་ཁོངས་རྩོམ་སྒྲིག་ཚོགས་ཆུང་གིས་༧པཎ་ཆེན་སྐུ་ཕྲེང་ བཅུ་བ་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་ གནང་འཆར་ཡོད་པར་མདོ་སྨད་དབུས་ས་གཉིས་ནས་ལོ་རྒྱུས་རྒྱུ་ཆ་འཚོལ་སྒྲུབ་ཀྱིས་ རོགས་འདེགས་གང་ཐུབ་གནང་རྒྱུ་དང་། ཁོང་གི་མཛད་རྣམ་དང་བཀའ་སློབ་གལ་ཆེན་ཁག་མདོ་སྨད་དྲ་ཚིགས་སུ་འགོད་གནང་ཞུ་ རྒྱུ།
༣ ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༧དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མྱུར་གློད་ གྲོལ་ཡོང་ཐབས་སུ་ མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་དུས་ནས་དུས་སུ་འབོད་སྐུལ་ཞུ་ རྒྱུ།
ག༽ བཙན་བྱོལ་བོད་གཞུང་སྲ་བརྟན་ནུས་ལྡན་དང་བོད་དོན་བདེན་མཐའ་མྱུར་བར་གསལ་ཐབས་ སུ་ཕྱི་ལོ༢༠༡༡ལོར་ཤེས་འཇོན་གཉིས་ལྡན་གྱི་བཀའ་བློན་ཁྲི་བ་ཚད་ལྡན་ཞིག་ཡོང་ ཐབས་སྐོར།
༡ སྐབས་བཅུ་བཞི་བའི་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་སྤྱི་མོས་གཏན་འབེབས་བྱུང་ བའི་བཀའ་བློན་ཁྲི་བའི་འོས་མིའི་མཚན་གཞུང་ཐུབ་བསྟན་བསམ་འགྲུབ་ཀྱི་དྲ་རྒྱ་ དང་། མདོ་སྨད་ཆོལ་ཁའི་དྲ་རྒྱ། དེ་བཞིན་ཚགས་པར་སོགས་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་གང་ཐུབ་གནང་རྒྱུ།
ང༽ མདོ་སྨད་ཚོགས་ཆེན་གང་ཡིན་ལ་མདོ་སྨད་སྤྱི་འཐུས་རྣམ་པའི་ཆ་ཤས་ལེན་ཕྱོགས་དང་། མ་འོངས་སྤྱི་འཐུས་འདེམས་ཕྱོགས་ཀྱི་སྐོར།
༡ མདོ་སྨད་ཚོགས་ཆེན་དང་། དམིགས་བསལ་ཚོགས་ཆེན། འགན་འཛིན་ལྷན་ཚོགས་བཅས་ཀྱི་ཚོགས་ཆེན་སྟེང་མདོ་སྨད་དབུས་རྒྱུན་གྱིས་སྟབས་ བསྟུན་ཆུ་ཚོད་བཀོད་སྒྲིག་གང་གནང་ལ་སྤྱི་འཐུས་རྣམ་པས་ཆ་ཤས་ལེན་རྒྱུ་དང་། སྤྱི་འཐུས་གྲོས་ཚོགས་སྐབས་མདོ་སྨད་སྤྱི་འཐུས་རྣམ་པ་ཆད་མེད་ཚོགས་ཞུགས་གནང་ དགོས་རྒྱུ།
༢ མདོ་སྨད་སྤྱི་འཐུས་གསར་འདེམས་ནམ་དགོས་སྐབས་ཤེས་འཇོན་གཉིས་ལྡན་དང་ལྷག་བསམ་ ཟོལ་མེད་ཀྱིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བརྟན་པོའི་ཐོག་ཤར་བསྐྱོད་གནང་ཐུབ་མཁན་ཞིག་ ཡིན་དགོས། དེ་བཞིན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་འདེམས་སྐབས་མདོ་སྨད་ས་གནས་སོ་སོས་ རང་དོན་རང་གཅེས་སྒོས་འོས་འདེམས་སྔོན་འགྲོའི་ཆ་རྐྱེན་ཚགས་ཚུད་ཆེད་མི་རེ་ངོ་ རེས་སྔོན་འགྲོ་དང་དངོས་གཞིའི་འོས་འདེམས་ནང་ངེས་ཞུགས་གནང་རྒྱུ།
༣ མདོ་སྨད་སྤྱི་འཐུས་གསར་འདེམས་སྐབས་ས་རྒྱུན་སོ་སོས་མི་མང་བསྡུ་སྐོང་གིས་མང་ མོས་བརྒྱུད་འདེམས་ཐོན་བྱུང་བའི་འོས་མི་རྣམས་ཀྱི་མཚན་གཞུང་དང་འདེམས་མཁན་མི་ མང་ཅི་ཡོད་ཀྱི་གྲངས་ཐོ་སོགས་ས་རྒྱུན་སོ་སོའི་ལས་ཤོག་དང་། ལས་ཐམ། མཚན་རྟགས་བཅས་བཀོད་གནང་གིས་དུས་བཅད་ནང་བཞིན་དབུས་སྤྱི་ཁྱབ་ཁང་ལ་འབུལ་ལམ་ཞུ་ རྒྱུ་དང་། དབུས་ནས་དུས་ཐོག་དྲ་རྒྱ་སོགས་བརྒྱུད་ལམ་ཐོག་འབྲེལ་ཡོད་ས་གནས་སོ་སོར་ཁྱབ་ བསྒྲགས་གནང་རྒྱུ།
ཅ༽མདོ་སྨད་ཆོལ་ཁོངས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང་འབྲེལ་བའི་རྩ་དོན་ སྒྲུབ་ཕྱོགས་སྐོར།
༡ བོད་ཀྱི་བདེན་མཐའ་གསལ་ཐབས་སུ་མདོ་སྨད་པ་ཡོངས་དམ་གཙང་རྡོག་རྩ་གཅིག་སྒྲིལ་ སྒོས༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་ གི་ལངས་ཕྱོགས་དང་སྲིད་བྱུས་འོག་སྔར་བཞིན་ཤར་བསྐྱོད་བྱ་རྒྱུ།
༢ མདོ་སྨད་གཞིས་བྱེས་གཉིས་ནས་རང་རིགས་ཀྱི་སྤྱི་ཚོགས་གནས་བབ་ལ་བསམ་ཞིབ་དང་འགན་ ལེན་ཐུབ་པའི་ མི་རབས་རྗེས་མའི་ཤེས་ལྡན་དཔུང་ཁག་ཅིག་སྐྱེད་བསྲིང་གང་ལེགས་བྱེད་པར་འབད་ རྒྱུ།
ཆ༽མདོ་སྨད་དབུས་རྒྱུན་དང་ས་རྒྱུན་གྱི་འབྲེལ་ལམ་གནང་ཕྱོགས་སྐོར།
༡ མདོ་སྨད་དབུས་རྒྱུན་ནས་དུས་ཚོད་སྟབས་བསྟུན་གྱིས་ས་གནས་ཁག་ལ་ཕྱོགས་བསྐྱོད་ གང་ཐུབ་བྱས་ཏེ་ས་རྒྱུན་དང་འབྲེལ་གཏུགས་གྲོས་མོལ་བརྒྱུད་གནས་ཚུལ་རྒྱུས་ལོན་ དང་། དཀའ་ངལ་ཅི་ཡོད་གོ་བསྡུར་བྱས་ཏེ་དགོས་བབ་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱ་ རྒྱུ།
༢ ཡུལ་ཕྱོགས་སོ་སོར་གནས་པའི་མདོ་སྨད་པ་ཡོངས་ཆིག་སྒྲིལ་ངང་དཀའ་ངལ་ཅན་ལ་རོགས་ རམ་ཆེད་མ་དངུལ་འདུ་འགོད་གསོག་སྒྲུབ་སོགས་ལ་ཆེད་དམིགས་ཀྱིས་རྒྱ་གར་ནང་གཙོས་ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མདོ་སྨད་ས་གནས་རྒྱུན་ལས་རིམ་གྱིས་གསར་འཛུགས་གང་ཐུབ་ བྱ་རྒྱུ།
སྐབས་བཅུ་བཞི་བའི་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་སྤྱི་ཡོངས་བགྲོ་གླེང་ཞིབ་རྒྱས་གནང་རྗེས་སྤྱི་མོས་གཏན་འབེབས་ཚད་འཛིན་བྱས།
བོད་རྒྱལ་ལོ༢༡༣༧ཕྱི་ལོ༢༠༡༠ལོའི་ཟླ༣ཚེས༡༦ཉིན།