འཚོལ་བཤེར:
ངོ་སྤྲོད། སྤྱི་ལོ༡༩༨༠ཙམ་ནས་བཟུང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་དབུས་ པའི་བོད་གཞིས་སྡོད་མི་དམངས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཅན་གྱི་ སྲིད་བྱུས་ཡོ་བསྲང་ཡོང་བའི་རེ་སྒུག་གིས་བསམ་ཤེས་དང་ངང་རྒྱུད་རིང་པོས་འབད་ བརྩོན་ མང་དུ་གནང་ཡོད་ཀྱང་།རྒྱ་ནག་དམར་ཤོག་གཞུང་འཛིན་པ་ཚོས་བོད་མིའི་ཁེ་ཕན་དང་ དགོས་འདུན་སྣང་མེད་དང་ཁྱད་གསོད་ཉག་གཅིག་བྱས་པས། སྤྱི་ལོ༡༩༨༧དང་༡༩༨༨ ༡༩༨༩རྣམས་སུ་བོད་མིའི་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་བྱུང་ཞིང་། ལྷག་པར་ཉེ་བའི་ལོ་དུ་མའི་རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ ཉིན་བཞིན་ཇེ་སྡུག་ཇེ་རྩུབ་ཏུ་བཏང་སྟེ། གཞིས་སྡོད་བོད་རིགས་སྤུན་ཟླ་རྣམས་བཟོད་གླགས་མེད་པར་གྱུར་ནས། ཆོལ་གསུམ་བོད་མི་ཕོ་མོ་རྒན་གཞོན་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས། ས་བྱི་སྤྱི་ལོ་༢༠༠༨ལོར་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་ལས་འགུལ་རླབས་པོ་ཆེ་ སྤེལ་ཡོད། ཆོལ་གསུམ་བོད་མིའི་ཞི་རྒོལ་ཆེན་མོ་འདི་ནི་རླབས་ཆེ་ཞིང་ལོ་རྒྱུས་ཀྱི་དེབ་ ཐེར་དུ་འགོད་འོས་པ། ལྷག་པར་ལས་འགུལ་འདིས། ཆོལ་གསུམ་བོད་མི་རྣམས་ནམ་ཡང་ཁ་འབྲལ་ཐབས་མེད་པ་བསྟན་ཞིང་། ས་ཁུལ་ཆེ་ཆུང་གང་ཞིག་གི་ལས་འགུལ་ཡིན་ཡང་བོད་སྤྱི་པའི་ལས་འགུལ་ཧྲིལ་པོའི་ཆ་ ཤས་སུ་གྱུར་ཡོད། ད་རེས་ཀྱི་ཞི་རྒོལ་ལས་འགུལ་འདིའི་འབོར་ཚད་དང་ཁྱབ་ཚད། ནང་དོན་དང་རྣམ་པ་བཅས་ཕྱོགས་གང་ཐད་ནས་རྒྱ་ཆེ་ཞིང་གཏིང་ཟབ་པས་ས་གནས་སོ་སོར་ བྱུང་བའི་གནས་ཚུལ་རྣམས་གཞི་གཅིག་ཏུ་སྡེབ་སྦྱོར་བྱ་དཀའ་བས། འདིར་མདོ་སྨད་ཆོལ་ཁའི་ས་ཁོངས་སུ་བྱུང་བའི་ཞི་རྒོལ་ལས་འགུལ་གྱི་གནས་ཚུལ་ ཁུངས་ལྡན་གང་རྙེད་རྣམས་བསྡུ་རུབ་ཀྱིས་བོད་སྤྱི་པའི་ལས་འགུལ་གྱི་ཆ་ཤས་སུ་ སྤུངས་པའི་འབད་རྩོན་བྱས་པ་ཞིག་ཡིན།
 
༄ ༅ ། ས་བྱི་ལོའི་ཞི་རྒོལ་ཆེན་མོ།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334